༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ལྔ་མཆོད་ཉིན་རྟེན་འབྲེལ་བསྟོད་པ་དང་ལམ་རིམ་བསྡུས་དོན་གྱི་ཆོས་འབྲེལ་བཀའ་དྲིན་སྩལ་བ། ༢༠༢༠ ཟླ་བ་ ༡༢ ཚེས་ ༡༠

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་ལམ་རིམ་བསྡུས་དོན། སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་གི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ལྔ་མཆོད་ཐེངས་ ༦༠༡ པའི་དུས་དྲན་ཉིན་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་། ལམ་རིམ་བསྡུས་དོན། སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་བཅས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩོལ་བཞིན་པ། པར་བ། བསྟན་འཛིན་འཇམ་དཔལ་ལགས།

དེ་ཡང་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་གཟིམ་ཆུང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་ཤར་གངས་རི་མ་གསུང་འདོན་གནང་གྲུབ་མཚམས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་སྩལ་དོན། དེ་རིང་སྤྱིར་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པ་ཕྱིན་ཅི་མ་ལོག་པར་འཆད་ཐུབ་པའི་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་མྱང་འདས་ཀྱི་དུས་ཆེན་ལ་བརྩིས་ནས་ཡོངས་གྲགས་སུ་དགའ་ལྡན་ལྔ་མཆོད་ཅེས་པ་དེ་རེད། ལོ་ཤས་ཤིག་དགའ་ལྡན་ལ་དགའ་ལྡན་ལྔ་མཆོད་འཚོགས་རྒྱུ་བྱུང་བས་ཧ་ཅང་སྐལ་བ་བཟང་པོ་བྱུང་། བར་སྐབས་ནད་ཡམས་ཀྱི་རྐྱེན་པས་ཕར་ཚུར་འགྲོ་བར་ཅུང་དཀའ་ངལ་འཕྲད་པ་རེད། ཡིན་ནའང་། གནད་འགག་མི་འདུག དེང་སྐབས་དྲ་རྒྱའི་ལམ་ནས་འབྲེལ་བ་ཐག་ཉེ་བོ་བྱེད་ཐུབ་ཀི་ཡོད་རེད། དེ་རིང་རྗེ་རིན་པོ་ཆེའི་དགོངས་རྫོགས་ཞེས་རྗེ་རིན་པོ་ཆེ་དྲན་གསོ་གནང་གི་ཡོད་རེད། རྗེ་རིན་པོ་ཆེའི་་ཐུན་མོང་མ་ཡིན་པ་ཡིན་པ། དགའ་ལྡན་ལྷ་བརྒྱ་མར། 
སྙིགས་མའི་དུས་འདིར་མང་ཐོས་བསྒྲུབ་ལ་བརྩོན།།
ཆོས་བརྒྱད་སྤངས་པའི་དལ་འབྱོར་དོན་ཡོད་བྱས།།
མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ།།
བདག་ཅག་བསམ་པ་ཐག་པས་ཡིད་རངས་ངོ་།། ཞེས་པ་དེ་རེད། 

རྗེ་རིན་པོ་ཆེའི་རྣམ་ཐར་གཙོ་བོ་ནི། མང་དུ་ཐོས་པ། ཐོས་དོན་སྒྲུབ་ལ་གཞོལ། རང་ཉིད་ཀྱི་ཉམས་མྱོང་ཇི་ལྟར་ཡོད་པ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དཔྱིས་ཕྱིན་པ་ཞིག་གདུལ་བྱ་ལ་བསྟན་ཡོད་པ་རེད། དེར་བརྟེན། ང་རང་ཚོ་སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས། ཡང་སྒོས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་རྗེས་འབྲངས་ཐུན་མོང་མ་ཡིན་པ་ཆགས་ཡོད། བོད་གངས་ཅན་ལྗོངས་སུ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཞིབ་ཚགས་པོས་མཐའ་དཔྱོད་དང་འབྲེལ་ནས་གསུངས་མཁན། བསམ་གྱིས་མི་ཁྱབ་པ་མང་པོ་ཡོད་པ་ནང་ཕན་ཚུན་བསྡུར་ན། རྗེ་རིན་པོ་ཆེས་དཀའ་གནད་ལ་དཔྱད་པ་ཧ་ཅང་མང་པོ་དང་དཀའ་གནད་མིན་པ་ལ་བམ་བཤད་རེ་ལས་གནང་མེད་པ་དཔེ་ཆར་བལྟས་ན་ཤེས་ཀི་རེད། སྟོང་ཉིད་ཀྱི་ལྟ་བའི་སྐོར་ལ་ལྷག་མཐོང་ཆེན་མོ། ལྷག་མཐོང་ཆུང་ངུ་། རྩ་འཇུག་གི་རྣམ་བཤད་གཉིས། ལེགས་བཤད་སྙིང་པོ་བཅས་གཞུང་ལྔ་བོ་དེ་དབུ་མའི་ལྟ་བའི་འགྲེལ་བཤད་ཧ་ཅང་གཏིང་ཟབ་པོ་དང་སྤུས་དག་པོ་ཞིག་རེད།  དབུ་མ་འཇུག་པ་ལས། 
གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན།།
དེ་ལ་སྐུར་བས་དངོས་པོ་འཇིག་པའི་ཕྱིར།།
སྟོང་ཉིད་དངོས་པོ་འཇིག་པའི་རྒྱུ་འགྱུར་ན།།
དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན།།
གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན།།
དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་ཏུ།།
གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི།།
ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ།།
དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས།།
བདག་དང་གཞན་ལས་སྐྱེ་བ་རིགས་མིན་པ།།
རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས།། 
ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར།།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ལྔ་མཆོད་ཐེངས་ ༦༠༡ པའི་དུས་དྲན་ཉིན་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་གསུང་ཆོས་གནང་ཡུལ་དུ་དྲ་ལམ་བརྒྱུད་གསུང་ཆོས་གནང་བཞིན་པ། པར་བ། བསྟན་འཛིན་འཇམ་དཔལ་ལགས།

      ཞེས་པ་རྗེ་རིན་པོ་ཆེས། ལེགས་བཤད་སྙིང་པོའི་མཇུག་ཏུ་སྡོམ་བརྒྱབ་ཏེ། འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ། དོན་དམ་པར་སྐྱེ་བ་མི་ཁེགས་པར་ཐལ་བ། ཆོས་རྣམས་རང་སྟོང་དུ་གསུངས་པ་མི་འཐད་པར་ཐལ་བ། ཞེས་གསུངས་པ་དེ་ཉིན་ལྟར་བསམ་བློ་གཏོང་གིན་ཡོད། དེར་བརྟེན། རྗེ་རིན་པོ་ཆེ་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པ། དཔལ་ལྡན་ཟླ་བ་གྲགས་པའི་ཐུན་མོང་མ་ཡིན་པའི་བཤད་སྲོལ་ཧ་ཅང་གསལ་བོར་གསུངས་པ་ཞིག་རེད།  རྗེ་རིན་པོ་ཆེའི་དགོངས་རྫོགས་སྐབས་སུ་རྗེའི་གསུང་དེ་དག་བློ་ལ་ཤར་བཅུག་ཏེ། དེ་དང་ཆབས་ཅིག་རྟོགས་བརྗོད་མདུན་ལེགས་མར།
དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ།།
བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།
ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།།
ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ།། ཞེས་པ་དང་། 

དགའ་ལྡན་ལྷ་བརྒྱ་མར།
སྙིགས་མའི་དུས་འདིར་མང་ཐོས་བསྒྲུབ་ལ་བརྩོན།།
ཆོས་བརྒྱད་སྤངས་པའི་དལ་འབྱོར་དོན་ཡོད་བྱས།།
མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ།།
བདག་ཅག་བསམ་པ་ཐག་པས་ཡིད་རངས་ངོ་།།
ཞེས་གསུངས་པའི་ཆོས་བརྒྱད་སྤངས་པ་ཞེས་པ་དེ་གལ་ཆེན་པོ་རེད། ང་ཚོ་བླ་ཆེན་མི་ཆེན་གྱི་མིང་ཡོད་དུས་ཡ་མཚན་ཡིན་སྙམ་པར་ཁག་མེད་ཀྱང་། རྗེ་རིན་པོ་ཆེ་ལ་རྒྱ་ནག་གོང་མའི་གདན་ཞུ་ཡོང་དུས་ཐུགས་མཉེས་པོ་བྱས་ནས་ཕེབས་དགོས་ཚོད་རེད་དེ། ཕེབས་ཡོད་མ་རེད། དེ་ཆོས་བརྒྱད་སྤངས་པ་ཞེས་པ་དེ་རེད། མང་དུ་ཐོས་པ། སྒྲུབ་ལ་བརྩོན་པ། ཆོས་བརྒྱད་སྤངས་པ་ཞེས་ང་ཚོས་རྗེ་རིན་པོ་ཆེ་ལ་བསྟོད་པ་ལྟར་ང་ཚོས་ཀྱང་དེ་ཉམས་ལེན་བྱེད་དགོས་པ་རེད། དཔེ་ཆ་ལྟ་བ་ཧ་ཅང་གལ་ཆེན་པོ་རེད། རྗེ་རིན་པོ་ཆེའི་གསུང་འབུམ་པོད་ཏི་བཅོ་བརྒྱད། དེ་ལས་གོང་དུ་ཞུས་པའི་གཞུང་ཆེན་ལྔ། དེ་ལས་ཀྱང་དྲང་ངེས་ལེགས་བཤད་སྙིང་པོའི་མཇུག་དེ་ཧ་ཅང་གལ་ཆེན་པོ་རེད། ངས་ཉིན་ལྟར་བསམ་བློ་གཏོང་གི་ཡོད། གཞུང་ལུགས་དེ་དག་བལྟས་པའི་དགོས་དོན་ཉམས་ལེན་ལ་འཁེལ་རྒྱུ་དེ་རེད། ངའི་རྩ་བའི་བླ་མ་འཁྲུལ་ཞིག་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་རེད། ཁོང་གིས། དགེ་བཤེས་ཚིག་གི་མེ་ཏོག་རེད།། འབྲས་བུ་མི་འདུག་ས་མ་ཡ།། ཞེས་སྐུ་རྩེད་གནང་གི་རེད་ཅེས་བཞད་མོ་གནང་།  དགེ་བཤེས་ཚིག་ལ་བཤད་དགོས་ན་བཤད་རྒྱུ་ཡོད་པ། བཤད་པ་བཞིན་ལག་ལེན་སྟེང་ནས་ཏག་ཏག་མེད་པ་ཞིག་ཡོང་གི་ཡོད་པས་དེ་གསུངས་པ་རེད། 

དེར་བརྟེན། ཐོས་དོན་སྒྲུབ་ལ་གཞོལ་རྒྱུ་གལ་ཆེན་པོ་རེད། རྗེ་རིན་པོ་ཆེའི་གཞུང་ཆེན་བཅོ་བརྒྱད་ལ་སློབ་གཉེར་བྱས་ན་ཚད་མ་རིག་པ་དང་འབྲེལ་ནས་གསུངས་ཀི་ཡོད་རེད། དད་གུས་གལ་ཆེ་ཡང་གཞུང་ཆེན་ལ་ལྟ་དུས་རིགས་པས་དཔྱད་པ་གལ་ཆེན་པོ་རེད། རྗེ་རིན་པོ་ཆེའི་རྩ་མཇུག་གི་རྣམ་བཤད་རྣམ་གཉིས་ལ་བལྟས་ན། དཔྱད་པ་བྱས་པ་ཧ་ཅང་ཞིབ་ཚགས་རེད། ཚད་མ་རྣམ་འགྲེལ་ཞེས་རྩ་ཆེན་པོར་བརྩི་ནའང་ཉམས་ལེན་ལ་དེ་ཙམ་དགོས་མཁོ་མེད་པའི་ཟོལ་འདྲ་ཞིག་ཡོད་ནའང་། རྗེ་རིན་པོ་ཆེས་ཚད་མའི་གཞུང་ལ་གཟིགས་ཏེ། ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན།། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ།། སྟོན་པ་བདེ་གཤེགས་སྐྱོབ། ཅེས་པའི་འགྲེལ་བ་ལ་དགོངས་པ་བཞེས་དུས་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས་ཡོད། ང་ཚོའི་གདན་ས་ཁག་རྗེ་རིན་པོ་ཆེའི་དངོས་སློབ་དག་གིས་བཙུགས་ནས། གཞུང་ཆེན་ཁག་རྗེ་རིན་པོ་ཆེས་དགོངས་པ་གནང་བ་བཞིན། ཚད་མའི་གཞུང་། ཕར་ཕྱིན། དབུ་མ། མཛོད་འདུལ་སོགས་གཞུང་ཆེན་དེ་དག་ཧ་ཅང་གལ་ཆེན་པོ་རེད། ཡིན་ནའང་། མཛོད་རྩ་བའི་ནང་གི་འཇིག་རྟེན་ཁམས་ཀྱི་སྐོར་སོགས། དབུ་མ་འཇུག་པར། 
དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས།།
ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱིས་ཐུགས་སུ་ཆུད་མི་འགྱུར།། ཞེས་དང་། 

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཤད་ལུང་བཀའ་དྲིན་སྩོལ་བཞིན་པ། པར་བ། བསྟན་འཛིན་འཇམ་དཔལ་ལགས།

དབུ་མ་འཇུག་པའི་རང་འགྲེལ་ལས། སློབ་དཔོན་དབྱིག་གཉེན་དང་ཕྱོགས་གླང་སོགས་ཀྱིས་དེ་ཁོ་ན་ཉིད་ཀྱི་གནད་དོན་ཟབ་ཅིང་ཕྲ་བ་སྤངས་སོང་ཟེར་ན། དེ་སྐད་དུ་སྨྲའོ་ཞེས་གསུངས་པ་ལྟར་རེད། དེར་བརྟེན། དབྱིག་གཉེན་གྱི་གཞུང་ཁ་ཤས་སྒྲ་ཇི་བཞིན་དུ་ཁས་ལེན་པ་ཡོད་མ་རེད། སྤྱི་ཡོངས་ནས་གཞུང་ཆེན་བཀའ་པོད་ལྔ་ཧ་ཅང་རྩ་ཆེན་པོ་རེད། སྐུ་གོང་མའི་ཡོངས་འཛིན་ཕུར་ལྕོག་གི་རིགས་ལམ་དེ་སྐུ་གོང་མའི་ཆེད་དུ་མཛད་པ་མིན་ནམ་སྙམ། ངོས་ཀྱང་དེར་བལྟས་པ་ཡིན། ཐོག་མར་རིགས་ལམ་ཆུང་ངུ། རིགས་ལམ་འབྲིང་། རིགས་ལམ་ཆེ་བ། དེ་ནས་བློ་རིགས། རྟགས་རིགས་དེ་དག་ཧ་ཅང་འཛོམས་པོ་རེད། 

ད་ལྟ་བོད་ནང་དུ་གྲངས་ཀ་མང་པོ་མེད་ཀྱང་གཞུང་ཆེན་དེ་དག་ལྟ་མཁན་འབྲས་སྤུངས་ཀྱིས་མཚོན་མུ་མཐུད་ནས་ལྟ་བའི་དམིགས་གཏད་ཡོད་པ་ཧ་ཅང་ཡག་པོ་རེད། རྒྱ་གར་ལ་ལྷོ་ཕྱོགས་སུ་སེ་འབྲས་དགེ་གསུམ་ཡོད་པ་དེ་ཡག་ཐག་ཆོད་རེད། ད་ལྟའི་བར་དུ་ཧུར་ཐག་གིས་དཔེ་ཆར་བལྟས་པ་རེད། ངས་པཎ་གྲུབ་བཅུ་བདུན་གྱི་གཞུང་ཆེན་དག་གི་བདག་པོ། དཔལ་ན་ལེན་ཌའི་ཆོས་བརྒྱུད་ལ་བདག་པོ་རྒྱག་མཁན་ང་ཚོ་ཡིན་ཞེས་སྤོབས་པ་ཆེན་པོས་བཤད་ཀྱིན་ཡོད་རེད། ཁ་ཏོན་དགེ་སྦྱོར་བྱེད་མཁན་མང་པོ་ཡོད་ནའང་དངོས་ཡོད་གནས་ཚུལ་མཛུབ་མོ་འཛུགས་ས། གཞུང་ཆེན་ལ་སློབ་གཉེར་སྤུས་དག་པོ་གནང་མཁན་གདན་ས་ཁག་རེད། ཁྱོད་ཚོ་བསྟན་པ་འཛིན་པའི་ལྟེ་གནས་སུ་གྱུར་ཡོད་རེད། ད་དུང་མུ་མཐུད་ནས་ཚང་མས་གཞུང་ཆེན་ལ་ཡག་པོ་གཟིགས། དེ་ཡང་ཉམས་ལེན་ལ་སྦྱར་ནས་རྗེ་རིན་པོ་ཆེས་གསུངས་པ་ལྟར་ཐོས་དོན་སྒྲུབ་ལ་གཞོལ་བ། འཇིག་རྟེན་ཆོས་བརྒྱད་ཀྱིས་མ་གོས་པ་གནང་རོགས། 

བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་འབྲས་སྤུངས། སེ་ར། མདོ་སྟོད་སྨད་ཀྱི་དགེ་ལུགས་པའི་དགོན་ཁག་དག་གིས་གང་ལ་གང་འཚམས་གཞུང་ཆེན་གཟིགས་ཀྱི་ཡོད་རེད། སེར་ཤུལ་དགོན་པ་ལྟ་བུར་ཆ་བཞག་ན་ཡག་ཐག་ཆོད་འདུག དེང་སང་སེར་ཤུལ་ལ་འཇང་དགུན་ཆོས་འཚོགས་པའི་སྐབས་སུ། ས་སྐྱ། རྙིང་མ། བཀའ་བརྒྱུད་སོགས་ཀྱི་གྲྭ་རྒྱུན་མང་པོ་འཛོམས་ནས་འཇང་དགུན་ཆོས་འཚོགས་པའི་ཕྱག་སྲོལ་གསར་བ་ཚུགས་འདུག ཧ་ཅང་ཡག་པོ་རེད། ང་རང་ཚོར་ཤེས་ཚད་ཡོད་པ་དེ་ཐུན་མོང་ལ་བགོ་བྱ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་དང་ཁྱོད་ཚོ་ཞེས་པའི་ཆགས་སྡང་གི་གཞན་དབང་དུ་མ་བཏང་བར། གཞུང་ཆེན་སྤུས་དག་པོ་རེ་ག་བར་ཡོད་ན་དེར་ལྟ་རྒྱུ་གལ་ཆེན་པོ་རེད། ཅེས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་གྲུབ་མཚམས་ཐུབ་དབང་གི་བསྟོད་པ་རྟེན་འབྲེལ་བསྟོད་པ་དང་། ལམ་རིམ་བསྡུས་དོན། སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་གི་ཆོས་འབྲེལ་ལེགས་པར་གྲུབ་མཚམས་ཆོས་ཞུ་བའི་ཁྲོད་ཀྱི་དྲི་བ་ཁག་ཅིག་ལ་བཀའ་ལན་སྩལ་བ་དང་། 

དགའ་ལྡན་ལྔ་མཆོད་ཐེངས་ ༦༠༡ པའི་དུས་དྲན་ཉིན་གྱི་གསུང་ཆོས་ཐོག་གསེར་ཀོང་རིན་པོ་ཆེས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པའི་གསོལ་འདེབས་ཞུ་བཞིིན་པ། པར་བ། བསྟན་འཛིན་འཇམ་དཔལ་ལགས།

མཐར་གསེར་ཀོང་རིན་པོ་ཆེས་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་ནས་གསོལ་འདེབས་ཞུ་རྒྱུ་ཞིག་ཡོད། ༸རྒྱལ་བ་རིན་པོ་ཆེ་ལ་བརྟན་བཞུགས་ཕུལ་དགོས་པའི་རྨི་ལམ་དེ་འདྲ་ཡོང་གི་འདུག་པས། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ཚབ་བྱས་ནས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཟབ་རྒྱས་ཆོས་ཀྱི་འཁོར་ཡང་ཡང་བསྐོར་རོགས་གནང་ཞུ་བ་ལགས། ཞེས་གསོལ་འདེབས་ཞུས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བཟང་ཕེབས་དོན།  ཐུགས་རྗེ་ཆེ། དེང་སང་བརྙན་འཕྲིན་ནང་ནས་ལྷ་སའི་ལོ་རྒྱུས་ཐད་ཀར་སྟོན་མཁན་ཞིག་འདུག ངོས་ཀྱིས་དེ་མཐོང་ཡོང་དུས། སྙིང་རྗེ། བོད་ནང་གི་མི་དེ་ཚོས་ངོས་ལ་ཡིད་ཆེས་དང་དད་པ་ཧ་ལས་པ་ཞིག་བྱེད་ཅིང་། དེ་དག་གི་བོད་པའི་བླ་སྲོག་གམ་དད་མོས་འཛིན་མཁན་དེ་ངོས་རང་ཆགས་ཡོད་སྟབས། དེ་དག་གི་གདོང་ལ་བསམ་བློ་བཏང་ན། ཚེ་རིང་པོར་སྡོད་དགོས་བྱུང་སོང་བསམ་པ་དང་། བོད་རྒྱ་ཆེ་མི་མང་གི་བློ་འཇོག་ས་དང་། བློ་གཏོད་ས་ཙམ་དུ་མ་ཟད། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་རིག་གཞུང་ལ་ངོས་ཀྱི་མིང་གི་ཐོག་ནས་ཕན་གྱི་ཡོད་པ་རེད།

ང་ཚོ་རྒྱ་གར་ལ་སླེབས་མ་ཐག་བོད་ཀྱི་ཆོས་དང་རིག་གཞུང་ལབ་ན་དོ་སྣང་དེ་ཙམ་མེད་ཀྱང་། འཛམ་བུ་གླིང་སྤྱི་ལ་སངས་རྒྱས་ཀྱི་བསྟན་པའི་ཟབ་རྒྱས་ཀྱི་གནད་ལ་གོ་བ་བསླེབས་པར་ངོས་རང་གིས་ཞབས་འདེགས་གང་ལ་གང་འཚམ་བསྒྲུབས་ཡོད། དེར་བརྟེན། ངོས་ཀྱི་སེམས་ལ་ངོས་རང་མི་ཚེ་ཇི་ཙམ་གྱིས་རིང་པོ་ལོ་བརྒྱ་ཕྲག་བརྒལ་བ་ཞིག་སྡོད་ཐུབ་པ་དང་། ཀཿཐོག་དགེ་རྩེའམ། དགེ་རྩེ་པནྜི་ཏ་ཞེས་༸རྒྱལ་བ་བསྐལ་བཟང་རྒྱ་མཚོའི་སྐབས་ཀྱི་དགེ་རྩེའི་སྤྲུལ་སྐུ་ཞིག་འདུག་པ་མཁས་པ་ཡང་ཆེན་པོ་ཞིག་རེད། ཁོང་གིས་ངོས་ཀྱི་ལུང་བསྟན་རེད་ཅེས་ཀཿཐོག་དགེ་རྩེ་ཞིང་གཤེགས་དེས་གསུང་གི་ཡོད་ལ། དེ་ལྟར་ན་ང་ལོ་ ༡༡༣ འཚོ་བའི་ལུང་བསྟན་འདུག་པས། ངས་སེམས་ཤུགས་བསྐྱེད་ནས། བོད་རྒྱ་ཆེ་མི་མང་གིས་ངོས་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། སྙིང་རྗེ། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་། བོད་ཀྱི་རིག་གཞུང་ཡུན་དུ་གནས་པ་དེ་ངོས་རང་ཚེ་རིང་པོར་སྡོད་པར་འབྲེལ་བ་ཆེན་པོ་འདུག་པས། ངོས་ཀྱིས་རྟག་ཏུ་སྨོན་ལམ་རྒྱག་གི་ཡོད་ལ། ཁྱོད་ཚོས་ཀྱང་སྨོན་ལམ་རྒྱག་གི་ཡོད་པ་རེད། ང་ཚོ་ཚང་མས་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད་པ་དེ་འདྲ་རེད། ངའི་ངོས་ནས་ཧུར་ཐག་བྱེད་ཀྱི་ཡོད། ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་ཐུབ་པ་ཕལ་ཆེར་གཏན་འཁེལ་བ་ལྟ་བུ་ཞིག་རེད། ཁྱོད་རང་ཚོས་ཀྱང་སྨོན་ལམ་སྐྱོན་ཞོག་ཅེས་བཀའ་སྩལ་རྗེས་རྟེན་འབྲེལ་བསྟོད་པ་དང་ལམ་རིམ་ཉམས་མགུར་གྱི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།  

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།