༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

འགྲོ་བ་མིའི་འཚོ་རྟེན་དུ་བྱམས་བརྩེའི་དགོས་མཁོ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་པ། ༢༠༢༠ ཟླ་བ་ ༡༢ ཚེས་ ༩

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་(Emory University)གི་ནང་ཚན་རྟོག་དཔྱོད་རིག་པ་དང་བྱམས་བརྩེ་ལ་བརྟེན་པའི་བཟང་སྤྱོད་ཀྱི་བསྟི་གནས་ཞེས་པའི་ཚོགས་པ་དེས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རོབ་དང་མེ་ལ་ནི་ཝལ་ཊན་དགེ་རྩ་ཚོགས་པའི་(Rob and Melani Walton Foundation)ལྕམ་མེ་ལཱེན་ཝཱ་ཌོན་(Melani Walton) དང་། སི་ཨིན་ཨིན་གྱི་སྨན་རྫས་སྐོར་གྱི་གསར་འགོད་པ་གཙོ་གྲས་སཱན་ཇེ་ཀུབ་ཏཱ་(Sanjay Gupta) གཉིས་དང་ལྷན་དུ་འགྲོ་བ་མིའི་འཚོ་རྟེན་དུ་བྱམས་བརྩེའི་དགོས་མཁོ་(The Necessity of Compassion for the Survival of Humanity)ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་རེད།  

བགྲོ་གླེང་གཙོ་སྐྱོང་གནང་མཁན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་བགྲོ་གླེང་བརྗོད་གཞི་ངོ་སྤྲོད་དང་སྤྱོད་བཟང་གི་ལས་འཆར་༸སྙན་སེང་ཞུ་བཞིན་པ། པར་བ། བསྟན་འཛིན་འཇམ་དཔལ་ལགས།

དེ་ཡང་སྔ་དྲོ་ཆུ་ཚོད་༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་དྲ་ལམ་བགྲོ་གླེང་གནང་ཡུལ་དུ་ཆེད་ཕེབས་ཀྱིས་བཞུགས་ཁྲིར་འཁོད་འཚམས་གཙོ་སྐྱོང་བ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་འཚམ་འདྲི་དང་འབྲེལ་བགྲོ་གླེང་གི་བརྗོད་གཞི་འགྲོ་བ་མིའི་འཚོ་རྟེན་དུ་བྱམས་བརྩེའི་དགོས་མཁོའི་སྐོར་ཡིན་པ་ངོ་སྤྲོད་དང་། དེ་ནས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་གཙོ་འཛིན་གྱིས་༸གོང་ས་མཆོག་གིས་མཛད་རྗེས་ངོ་སྤྲོད་གནང་རྗེས་གཙོ་སྐྱོང་བས་མགོན་པོ་གང་ཉིད་མཆོག་གི་ཐུགས་བསྐྱེད་ལས་བྱུང་བའི་སྤྱོད་བཟང་གི་ལས་འཆར་ཁག་གི་གནས་ཚུལ་༸སྙན་སེང་ཞུས་པ་དང་། དེ་ནས་ལྕམ་མེ་ལཱེན་ཝཱ་ཌོན་ལགས་ཀྱིས་དེང་གི་ནད་ཡམས་སོགས་དཀའ་ངལ་མང་པོའི་སྐབས་འདིར་བྱམས་བརྩེ་དངོས་སུ་ཅི་ལྟར་ལག་བསྟར་ཞུ་དགོས་པའི་སྐོར་དྲི་བ་ཕུལ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་ང་ཚོ་སྔ་མོ་ནས་འབྲེལ་བ་བྱུང་ཡོད་པ་ཞིག་རེད། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གིས་ཡུན་རིང་གོང་ནས་བོད་པའི་མཁས་པ་ཚོ་དང་ལྷན་ལས་འཆར་སྣ་མང་སྤེལ་ཡོད། ཁྱོད་ཚོས་གོང་དུ་བཤད་པ་ལྟར་ངོས་རང་ནི་ཁྱོད་ཚོའི་ཆེ་མཐོང་ཅན་གྱི་སློབ་དཔོན་ཆགས་ཡོད་ཅེས་བཞད་མོ་དང་འབྲེལ་བཀའ་སློབ་དབུ་འཛུགས་ཀྱིས་མུ་མཐུད་བཀའ་སློབ་སྩལ་དོན། 

ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་གཙོ་འཛིན་གྱིས་༸གོང་ས་མཆོག་གིས་མཛད་རྗེས་ངོ་སྤྲོད་གནང་བཞིན་པ། པར་བ། བསྟན་འཛིན་འཇམ་དཔལ་ལགས།

མི་རབས་སྔ་མའི་སྐབས་སུ་སེམས་ཀྱི་ཞི་བདེ་སྐོར་ལ་བཀའ་མོལ་གནང་མཁན་མང་པོ་ཡོད་མ་རེད། དེང་སྐབས་འཛམ་གླིང་ནང་སེམས་ཀྱི་འཕྲོད་བསྟེན་སྐོར་ལ་དོ་སྣང་གནང་མཁན་མང་པོ་ཡོད་རེད། དངོས་ཡོད་ལ་ཕྱི་དངོས་པོ་དང་འཕྲུལ་ལས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ནའང་། དཀའ་ངལ་མུ་མཐུད་ནས་ཡོང་གི་ཡོད་རེད། དཀའ་ངལ་དེ་དག་སེམས་ཀྱི་ཞི་བདེ་མེད་པའི་དཀའ་ངལ་ཞིག་རེད། དེར་བརྟེན། ནང་སེམས་ཀྱི་ཞི་བདེ་བསྐྲུན་པར་དམིགས་བསལ་དོ་སྣང་བྱེད་པའི་དུས་ལ་བབ་ཡོད་རེད། དེ་ལྟར་དོ་སྣང་བྱུང་ན་དངོས་ཀྱི་ལག་ལེན་དེའང་ཞི་བདེ་དང་ལྡན་པ་ཡོང་གི་རེད། འཛམ་གླིང་ནང་རྙོག་དྲ་མང་པོ་ཡོད་ནའང་། མིས་བཟོས་པའི་རྙོག་དྲ་ཡིན་པ་གསལ་བོ་རེད། མི་སུ་ཡིན་ནའང་དཀའ་ངལ་དེ་འདྲ་འདོད་ཀྱི་མ་རེད། ཡིན་ནའང་། དཀའ་ངལ་འཕྲད་དུས། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་དཀོན་མཆོག་ལ་གསོལ་བ་བཏབ། ནང་བ་སོགས་ཆོས་ལུགས་གཞན་དག་གིས་རང་རང་གི་སྟོན་པར་སྨོན་ལམ་བརྒྱབ་ནས་བསྡད་ཡོད། མིས་བཟོས་པའི་དཀའ་ངལ་དག་མཐར་ཐུག་ན་མིའི་སེམས་མ་ཞི་བ། རྔམ་སྐྲག་དང་ཞེ་སྡང་གིས་ཀུན་ནས་བསླངས་ཏེ་སེམས་འཁྲུགས་ནས་ཡོང་གི་ཡོད། དེར་བརྟེན། ང་ཚོས་དཀའ་ངལ་དེ་དག་ཡོང་ས་ཕྱི་དངོས་པོ་ཙམ་མིན་པར་ནང་སེམས་ནས་ཡོང་སྟངས་གང་འདྲ་ཡིན་པ་གཏིང་ཟབ་ས་ནས་གོ་བ་ལེན་དགོས་ཀི་རེད།

རྒྱ་གར་གྱི་གནའ་རབས་རིག་གཞུང་ནང་སེམས་ཀྱི་གནས་སྟངས་དང་། སེམས་ཀྱི་ཚོར་བ་ཕྲ་རགས་ཀྱི་ངོ་སྤྲོད། ཚོར་བ་ཉོན་མོངས་ཅན་ལ་གདོང་ལེན་བྱེད་སྟངས་སྣ་ཚོགས་ཡོད་རེད། སྲོལ་རྒྱུན་ལ་དེ་ཆོས་ལུགས་ནས་བྱུང་བའི་ངོས་འཛིན་ཞིག་ཡོད་རེད། སྤྱིར་བཏང་ཆོས་ཕྱོགས་ཀྱི་བཀའ་དང་བསྟན་བཅོས་ལས་སླེབས་ནའང་ཤེས་བྱའི་རྣམ་གྲངས་ཤིག་ལ་བསམ་བློ་བཏང་ནས་སློབ་སྦྱོང་བྱེད་དགོས་པ་རེད། ཆོས་ལ་བརྩིས་ནས་ཟུར་འཇོག་བྱེད་རྒྱུ་ཡོད་མ་རེད། 

སེམས་ཀྱི་ཉོན་མོངས་ཞི་བ་དང་དགེ་བློ་གོང་སྤེལ་གྱི་ཕྱིར། སེམས་ཕྲ་རགས་དང་སེམས་ཉོན་མོངས་ཅན་ལ་གདོང་ལེན་བྱེད་སྟངས་ཀྱི་ཐབས་ལམ་དག་ཤེས་བྱའི་རྣམ་གྲངས་ཤིག་ལ་བརྩིས་ནས་སློབ་སྦྱོང་བྱས་ཏེ་སོ་སོའི་མི་ཚེའི་ནང་དངོས་སུ་ལག་ལེན་བསྟར་ཐབས་བྱེད་དགོས་པ་རེད། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གིས་དམིགས་བསལ་ཐུགས་སྣང་གནང་བ་ཧ་ཅང་ཡག་པོ་རེད། ཅེས་བཀའ་སྩལ་བ་དང་།

སྐུ་ཞབས་སན་ཇེ་གྷུབ་ཏཱ་(Sanjay Gupta)ལགས་ཀྱིས་ནད་ཡམས་ཀྱི་སྐབས་སུ་མི་རང་སྣང་ཚ་བོ་མང་པོ་ཞིག་གིས་ཁ་རས་ཙམ་ཡང་གོན་གྱི་མེད་པས་མི་དེ་དག་བཟང་ཕྱོགས་སུ་འགྲོ་བར་ང་ཚོས་ཅི་ཞིག་བྱེད་དགོས་ཞེས་སོགས་བཀའ་འདྲི་ཞུ་བཞིན་པ། པར་བ། བསྟན་འཛིན་འཇམ་དཔལ་ལགས།

དེ་ནས་སྐུ་ཞབས་སན་ཇེ་གྷུབ་ཏཱ་(Sanjay Gupta)ལགས་ཀྱིས་སྐུ་མདུན་ལ་བཅར་བར་སྐལ་བ་བཟང་པོ་བྱུང་བ་དང་རྒྱལ་བ་རིན་པོ་ཆེའི་ཐུགས་ཁུར་དང་ཁྱད་དུ་འཕགས་པའི་ཤེས་རབ་ལ་ཡི་རངས་བྱེད་ཀྱིན་ཡོད། སྔོན་མ་མོན་གྷོ་ལ་བཅར་ནས་༸གོང་ས་༸མཆོག་ལ་མཇལ་རྒྱུ་བྱུང་བ་མི་ཚེའི་ནང་གི་སྐལ་བ་བཟང་པོ་ཡིན། དེ་དུས་ཁ་བཏགས་ཤིག་གསོལ་རས་གནང་བ་ད་ལྟའང་ཉར་བསྡད་ཡོད། སེམས་མ་ཞི་བར་གདོང་ལེན་བྱེད་སྟངས་ལ་བཀའ་སློབ་གནང་བ་ལྟར་རེད། ལོ་མང་པོའི་ཉམས་མྱོང་དང་ལྷག་པར་ནད་ཡམས་ཀྱི་སྐབས་སུ་མི་མང་པོས་མི་གཞན་གྱི་ཆེད་དུ་སྲོག་གཏོང་བ་སོགས་ཡོང་བར་སེམས་འགུལ་ཆེན་པོ་ཐེབས་ཀྱི་འདུག ང་ཚོ་ལྟོས་གྲུབ་ཆེན་པོ་ཞིག་ཡིན་པ་ཧ་ཅང་གསལ་བོ་ཡིན་མོད། མི་རང་སྣང་ཚ་བོ་མང་པོ་ཞིག་གིས་ཁ་རས་ཙམ་ཡང་གོན་གྱིན་ཡོད་མ་རེད། མི་དེ་དག་བཟང་ཕྱོགས་སུ་འགྲོ་བར་ང་ཚོས་བྱེད་དགོས་པ་ག་རེ་ཡོད་དམ། ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། 

དེ་སྟབས་མ་ལེགས་པའི་སེམས་པ་སྐྱོ་བོ་ཞིག་རེད། ནད་ཡམས་འདིའི་རྐྱེན་གྱིས་ཨ་རི། རྒྱ་གར། ཡུ་རོབ། རྒྱ་ནག་བཅས་ནས་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད་རེད། གནས་ཚུལ་ཛ་དྲག་པོ་རེད། ངའི་ངོས་ནས་ནད་ཡམས་སྐོར་ནས་ཞིབ་ཚགས་པོ་ཤེས་ཀི་མ་རེད། དེའི་སྐོར་ཞིབ་འཇུག་མཁན་མཁས་དབང་དང་སྨན་པ་དག་གིས་མང་པོ་ཤེས་ཀི་རེད། ང་རང་ནང་པ་ཞིག་ཡིན་དུས། སྒོམ་དང་སེམས་ཁམས་རིག་པ་ལ་མཁས་པ་ཞིག་རེད་ཅེས་ཞུས་ན་འགྲིག་གི་རེད། དཀའ་ངལ་འཕྲད་པའི་སྐབས་སུ་ངའི་ངོས་ནས་ཞུ་བ་ལ་རྔམ་སྐྲག་དང་སེམས་ཁྲལ། ཞེད་སྣང་ག་ཚོད་སྐྱེས་ན་ནད་ཡམས་དེ་འགོས་ཆོག་ཆོག་ཅིག་དང་། དེ་ལ་ནང་སེམས་ཀྱི་སྙིང་སྟོབས་ཞུམ་པ་མེད་པའི་བསམ་བློ་གཏོང་སྟངས་ཤིག་ཡོད་ན། ནད་ཡམས་ལས་སྲུང་སྐྱོབ་ཅིག་རང་བཞིན་གྱིས་ཡོང་གི་རེད་སྙམ། ངས་བསམས་ན་གལ་ཆེ་ཤོས་དེ་ནང་སེམས་ཀྱི་ཞི་བདེ་རེད། གཟུགས་པོའི་འཕྲོད་བསྟེན་གལ་ཆེ་བ་མ་ཟད། ནང་སེམས་ཁམས་ཀྱི་འཕྲོད་བསྟེན་གལ་ཆེ་བར་ཞུ་གིན་ཡོད། 

ང་ཚོར་གཟུགས་པོ་དང་འབྲེལ་བའི་འཕྲོད་བསྟེན་རྙོག་དྲ་ཚ་བོ་ཡིན་ནའང་། སེམས་ཁམས་དང་འབྲེལ་བའི་གནས་ཚུལ་དེ་ལས་རྙོག་དྲ་ཚ་བོ་དང་གཏིང་ཟབ་པོ་ཡོད་རེད། དཔེར་ན། བོད་ཀྱི་ངའི་གྲོགས་པོ་གྲྭ་པ་ཞིག་སྤྱི་ལོ་ ༡༩༥༩ ནས་བཟུང་ལོ་བཅོ་བརྒྱད་རིང་རྒྱ་མིའི་བཙོན་ཁང་ནང་བསྡད་པ་རེད། ཁོང་གིས་བཙོན་ཁང་ནང་བསྡད་དུས་ཉེན་ཁ་ཞིག་འཕྲད་སོང་ཞེས་ང་ལ་ཞུས་སོང་། ངས་སྲོག་ལ་ཉེེན་ཁ་འཕྲད་པ་ཡིན་ནམ་སྙམ་ཡང་། ཁོང་གིས་རྒྱ་མི་ལ་སྙིང་རྗེ་ཉམས་པའི་ཉེན་ཁ་འཕྲད་སོང་གསུངས་པ་རེད། ཁོ་རང་ངོས་ནས་བལྟས་ན་རྒྱ་མི་ལ་སྙིང་རྗེ་ཉམས་པ་དེ་ཉེན་ཁར་བརྩི་གི་ཡོད་རེད། དེར་བརྟེན། ཁོ་རང་ལོ་བཅོ་བརྒྱད་རིང་སྡུག་བསྔལ་དང་ཉེན་ཁ་མང་པོ་བྱུང་ནའང་སེམས་ཞི་བདེ་ངང་གནས་ཐུབ་ཡོད་རེད། སྐབས་དེར་རང་དོན་ཡིད་བྱེད་དང་ཞེད་སྣང་ཤུགས་ཆེན་པོ་ཡོད་ན་དཀའ་ངལ་མང་པོ་འཕྲད་ཀི་རེད། ཞི་བདེ་དང་བྱམས་བརྩེ་རང་བཞིན་ཅན་གྱི་སེམས་ཤིག་ཡོད་ན་དཀའ་ངལ་ཆུང་གི་རེད། དེར་བརྟེན། ཞི་བདེའི་རྩ་བ་དང་རྒྱུ་རྐྱེན་གཙོ་བོ་ནང་སེམས་ཀྱི་བྱམས་སྙིང་རྗེ་དེ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་འཚོ་རྟེན་དུ་བྱམས་བརྩེའི་དགོས་མཁོ་དང་གལ་གནད་སྐོར་ལ་བཀའ་སློབ་སྩོལ་བཞིན་པ། པར་བ། བསྟན་འཛིན་འཇམ་དཔལ་ལགས།

བྱམས་བརྩེ་ཉམས་ལེན་དེ་ཆོས་ལུགས་ཁག་ནང་གསུངས་ཡོད་ཀྱང་ཚན་རིག་པ་ཚོའི་གསུང་སྲོལ་ལྟར་ན། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན་པའི་ཆ་ནས་ང་ཚོ་སྐྱེས་ཙམ་ནས་སེམས་ཅན་གཞན་གྱི་བརྩེ་བས་བསྐྱངས་པ། ལྷག་པར་སྲོག་གྲུབ་ཙམ་ནས་ཨ་མའི་བརྩེ་བས་བསྐྱངས་པ། མི་ཚེ་ལ་བདེ་སྡུག་གང་འདྲ་ཡོང་མིན་སྤྱི་ཚོགས་ཀྱི་བདེ་སྡུག་དང་འབྲེལ་བས། ཕྲུ་གུའི་གནས་སྐབས་ནས་ཕུང་བོའི་གནས་སྟངས་དང་འབྲེལ་ནས་བྱམས་བརྩེ་དགོས་མཁོ་ཅན་རེད། བུ་གུ་ཚོ་ཆུང་དུས་ལུང་བ་གང་འདྲ་ཡིན་མིན། མི་རིགས་དཀར་ནག ཕ་མའི་དབུལ་ཕྱུག་གི་དབྱེ་བ་མེད་པར་ཁོ་ཚོར་གད་མོ་སློང་མཁན་བྱུང་བ་དགའ་བོ་བྱེད་ཀི་རེད། 

ཁྱད་པར་གྱི་རིམ་པ་གཉིས་པ་ནི། སློབ་གྲྭར་ཕྱིན་པ་ནས་ཆོས་ལུགས་མི་འདྲ་བ། རྒྱལ་ཁབ་མི་འདྲ་བ། པགས་མདོག་མི་འདྲ་བ་ནན་ཏན་གྱིས་ཕྱེ་སྟངས་བསླབ་པས། དོགས་པ་རྣམ་རྟོག་དང་ཕྲག་དོག་ཞེད་སྣང་ཡོང་གི་ཡོད་རེད། དེར་བརྟེན། སློབ་ཚན་གྱི་སྡེ་ཚན་ནས་འཛམ་གླིང་གི་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་སྤེལ་གཏོང་བར་དམིགས་བསལ་ཐུགས་སྣང་གནང་དགོས་པ་རེད། ཐེར་འབུམ་བདུན་ལྷག་ཡོད་པའི་མི་ཆ་ཚང་འདོད་ཀྱང་མི་འདོད་ཀྱང་གཅིག་གྱུར་ངང་མཉམ་དུ་འདུག་དགོས་པས། ཤེས་ཡོན་སློབ་གསོའི་ནང་འགྲོ་བ་མི་གཅིག་གྱུར་གྱི་སྟེང་ནུས་པ་འདོན་དགོས་པ་རེད། དངོས་ཡོད་གནས་ཚུལ་ལའང་། འཛམ་གླིང་གི་ཚོང་ལ་རྒྱལ་ཁབ་སོ་སོར་ས་མཚམས་དམིགས་བསལ་ཡོད་པ་མ་རེད། ཁོར་ཡུག་གི་གནས་བབ་ནས་བཤད་ན་ས་མཚམས་དམིགས་བསལ་ཡོད་མ་རེད། དེར་བརྟེན། ང་ཚོ་ལྟོས་ཚབས་ཆེན་པོ་དང་ཕན་ཚུན་གཤིབས་ནས་འདུག་དགོས་པས། གོ་ལ་གཅིག་གྱུར་གྱི་བསམ་བློ་དེ་ངོས་ཀྱི་བསམ་བློ་ཡིན། ཞེས་སོགས་བཀའ་སློབ་སྩལ་བ་དང་། 

རོབ་དང་མེ་ལ་ནི་ཝལ་ཊན་དགེ་རྩ་ཚོགས་པའི་(Rob and Melani Walton Foundation)ལྕམ་མེ་ལཱེན་ཝཱ་ཌོན་(Melani Walton)ལགས་ཀྱིས་༸གོང་ས་མཆོག་གིས་མཛད་པའི་ང་ཚོའི་ཁྱིམ་གཞི་ཁོ་ན་ཞེས་པའི་ནང་དོན་དང་འབྲེལ་བའི་སྐོར་ནས་བཀའ་འདྲི་ཞུ་བཞིན་པ། པར་བ། བསྟན་འཛིན་འཇམ་དཔལ་ལགས།

ལྕམ་མེ་ལཱེན་ཝཱ་ཌོན་ལགས་ཀྱིས་གོ་ལ་གཅིག་གྱུར་གྱི་འདུག་ཤེས་འཛིན་སྟངས་སྐོར་ལ་བཀའ་སྩལ་བ་དང་འབྲེལ། ང་ཚོ་གོ་ལ་གཅིག་གི་ནང་ལ་བསྡད་ཡོད་པས་༸གོང་ས་མཆོག་གིས་མཛད་པའི་<<ང་ཚོའི་ཁྱིམ་གཞི་ཁོ་ན།>> ཅེས་པའི་དེབ་འདི་མཛད་པར་བཀའ་དྲིན་ཆེ་ཞུ། དེབ་འདིར་ང་ཚོའི་འཛམ་གླིང་འདི་ང་ཚོར་ཕན་ཐོགས་ཆེན་པོ་ཡོད་པ་དང་། ང་ཚོའི་བདེ་སྡུག་དང་ཁོར་ཡུག་ལྟོས་བཅོས་ཆེན་པོ་དང་། ཁོར་ཡུག་གི་དཀའ་ངལ་ང་ཚོའི་དཀའ་ངལ་ཡིན་པར་བཀའ་སྩལ་འདུག ཁོར་ཡུག་དང་འབྲེལ་སེམས་ཁམས་ཀྱི་བཟང་སྤྱོད་ཀྱི་ལྟ་སྟངས་དང་། འགྲོ་བ་མི་སྤྱིའི་ཤེས་རྒྱ་བསྐྱེད་པར་དེབ་འདིར་གསུངས་པ་བཞིན་གསུངས་པར་ཞུ་ཞེས་བཀའ་འདྲི་ཞུས་པར། 

 ༸གོང་ས་མཆོག་གིས་ཆོས་ལུགས་ཀྱི་རང་བཞིན་ཞིག་ཡིན་དང་མིན་གང་བརྗོད་ཀྱང་སེམས་རྒྱ་ཆེ་ས་ནས་ལྟ་དགོས་པ་རེད། དངོས་ཡོད་དང་མཐུན་པའི་བསམ་བློ་གཏོང་སྟངས་ཤིག་ཡོང་བ་ལ་འཛམ་གླིང་སྤྱི་ཡོངས་ནང་གཅིག་ལས། སོ་སོའི་ཚོགས་པ་དང་ནང་མི། སོ་སོ་གཅིག་བུར་ཆ་བཞག་ན་སེམས་ཧ་ཅང་དོག་པོ་རེད། འཛམ་གླིང་འདིར་ཡོད་པའི་མི་ཚང་མ་ཚོགས་སྡེ་གཅིག་ཡིན་པར་བསམ་བློ་གཏོང་དགོས་པ་རེད། གོ་ལ་གཅིག་གྱུར་གྱི་འདུ་ཤེས་བསྐྱེད་པ་དང་གཅིག་ཕན་གཅིག་གྲོགས་བྱེད་དགོས་པའི་རྒྱུ་མཚན་གཅིག འཛམ་གླིང་འདི་མི་སྤྱི་ཡོངས་ལ་བདག་པ་དེ་རེད། དེའང་ཤེས་ཡོན་གྱི་ལམ་ནས་ཚན་རིག་པའི་རྙེད་དོན་དག་ལ་གཞིར་བཞག་ནས་གོ་ལ་གཅིག་གྱུར་གྱི་འདུ་ཤེས་བསྐྱེད་རྒྱུ་གལ་ཆེ་བ་དེ་ངོས་ཀྱི་བསམ་ཚུལ་ཡིན། ཞེས་བཀའ་སྩལ་བ་དང་། 

མཐར་འཛམ་གླིང་སྟེང་གི་ཆོས་ལུགས་ཐམས་ཅད་ཀྱི་ཐུང་མོང་གི་སྤྱི་སྐད་བསླབ་བྱ་བྱམས་སྙིང་རྗེ་དེ་དུད་འགྲོ་སེམས་ཅན་ལའང་དགོས་ཀི་ཡོད་རེད། ལྷག་པར་ནཱ་ལེནྡྲའི་ཆོས་བརྒྱུད་ལ་དག་སྣང་ཡོད་མཁན་ཚོར་བྱམས་སྙིང་རྗེ་རིགས་པའི་ལམ་ནས་སྤེལ་བ་ལ་དམིགས་བསལ་གྱི་འགན་ཡོད་རེད། ཡང་བསྐྱར་ཁྱེད་ཅག་ཆོས་གྲོགས་ཕོ་མོ་ཚོས་དེ་འདྲའི་ལས་འཆར་སྤེལ་བ་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད། ངོས་རང་མི་ཚེ་མ་རྫོགས་ཀྱི་བར་དུ་འཛམ་གླིང་སྤྱི་ཡོང་ཡག་པོ་དང་ཞི་བདེ་ཡོང་བར་དམ་བཅའ་བརྟན་པོ་ཡོད། ཕྱོགས་དེ་མཚུངས་ཁྱེད་རང་ཚོ་ཡིན་ནའང་འཛམ་གླིང་བདེ་སྐྱིད་ཅན་དུ་བསྐྲུན་པར་དམིགས་བསལ་གྱི་ཐུགས་ཁུར་བཞེས་དགོས་པ་རེད། ཐུགས་རྗེ་ཆེ་ཞེས་བཀའ་སྩལ་ཏེ་གསུང་ཆོས་ལེགས་པར་གྲུབ་ཡོད་པ་བཅས། 

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།