༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

རཱ་ཤི་ཡའི་དད་ལྡན་ཆོས་ཞུ་བར་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་དབུ་འཛུགས་མཛད་པ། ༢༠༢༠ ཟླ་བ་ ༡༡ ཚེས་ ༥

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རཱ་ཤི་ཡའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་མཛད་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་བཀའ་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་༸བཞུགས་ཁྲིར་འཁོད་མཚམས་རཱ་ཤི་ཡའི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་རཱ་ཤི་ཡའི་ནང་པའི་རྗེས་འཇུག་པ་ཡོངས་ཀྱི་ཚབ་ཞུས་ཏེ་༸གོང་ས་མཆོག་ལ་འཚམ་འདྲི་དང་འབྲེལ་རཱ་ཤི་ཡའི་ནང་དུ་བསྟན་པ་སླར་གསོ་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་། རཱ་ཤི་ཡའི་ནང་གི་ནང་པའི་བསྟན་པའི་གནས་ཚུལ་ངོ་སྤྲོད་ཞུས་རྗེས་རཱ་ཤི་ཡའི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། 

ཨུ་རུ་སུའི་མངའ་སྡེ་ཁག་གི་ཆོས་གྲོགས་ཚོར་དེ་རིང་འཁྱག་ཙམ་རིང་བརྙན་འཕྲིན་བརྒྱུད་ཐུག་རྒྱུ་བྱུང་བར་ངོས་རང་ཧ་ཅང་དགའ་པོ་བྱུང་། ཨུ་རུ་སུའུ་མངའ་སྡེ་ཀལ་མིག་དང་། བྷུ་རི་ཡཏ། ཐུ་ཝ་བཅས་ནི་མི་རབས་མང་པོ་སྔོན་ནས་འབྲེལ་བ་ཆེན་པོ་ཡོད། ཕྱི་ལོ་ ༡༩༥༩ ལོར་ཟིང་འཁྲུག་ལངས་པའི་སྐབས་སུ་ངོས་ཀྱིས་གྲྭ་སྐོར་དམ་བཅའ་བཞག་པ་རེད།  སྐབས་དེར་ངོས་ལ་རྟགས་གསལ་གཏོང་བའི་ནང་ཀལ་མིག་དང་བྷུ་རི་ཡཏ། ཐུ་ཝ་བཅས་ནས་ཡིན་པའི་དགེ་བཤེས་མང་པོ་ཡོད། གདན་སའི་མཁན་པོ་ནང་ཆ་བཞག་ནའང་སྒོ་མང་མཁན་པོ་ངག་དབང་ལེགས་ལྡན་ལགས་བྷུ་རི་ཡཏ་ནས་ཡིན་པ་དང་། སོག་པོ་ཐུབ་བསྟན་ཉི་མ་ལགས་ཀྱང་ཕལ་ཆེར་བྷུ་རི་ཡཏ་ནས་ཡིན་པ་ཡོད། དེ་ནས་དགེ་བཤེས་ཡང་དག་ཅེས་པ་ཞིག་ཡོད། ཁོང་ནི་ཐུ་སྦ་ནས་ཡིན། ཨུ་རུ་སུའི་སྐད་ཡག་པོ་ཡོད། དེ་དང་དེའི་མཚོན་པའི་གང་ལྟར་ངོས་ཀྱི་མི་ཐོག་ལ་ཆ་བཞག་ན་སོག་པོའི་གྲྭ་རྒྱུན་མང་པོ་ཞིག་བོད་ལ་ཕེབས་ནས་སློབ་སྦྱོང་བྱས་ཏེ་དགེ་བཤེས་ཨང་དང་པོ་ཆགས་པ་གང་འཚམ་ཡོད། ད་ལྟ་ང་ཚོས་སོག་པོ་ཟེར་དུས་སོག་པོ་སྤྱི་ཡོངས་ལ་བཤད་ཀྱི་ཡོད། ཨུ་རུ་སུའི་ཁུངས་སུ་ཡོད་པ་རྣམས་སོག་རིགས་གཅིག་གྱུར་བཤད་ཀྱི་ཡོད། དེའི་ནང་དུ་ནང་སོག་ཚུད་ཀྱི་ཡོད། དཔེར་ན། ངོས་ཀྱི་མཚན་ཞབས་ནང་ནས་དགེ་རྒན་ལྟ་བུ་རྒན་དངོས་གྲུབ་ཚོགས་ཉིད་ལ་ཆ་བཞག་ན་ནང་སོག་ཨ་སྦག་སུ་ནས་རེད། མཁས་པའི་དབང་པོ་རེད། 

ངོས་ལ་སྟོང་ཉིད་སྐོར་ཐོག་མར་ངོ་སྤྲོད་དང་འགྲེལ་བཤད་རྒྱག་མཁན་ཁོང་རེད། བོད་དང་སོག་རིགས་དབར་མི་རབས་མང་པོ་ཞིག་ནས་འབྲེལ་བ་ཡོད། བར་སྐབས་ཤིག་ལ་སོག་པོའི་ནང་གསར་བརྗེ་ལངས་ཏེ་ནང་པའི་ཆོས་ལ་དམ་བསྒྲགས་ཤུགས་ཆེ་བྱས་པ་རེད། བོད་ནང་དུའང་ཕྱི་ལ་ོ ༡༩༥༩ ལོའི་རྗེས་ནས་རྒྱ་ནག་གུང་ཁྲན་ཏང་གིས་ནང་ཆོས་ཐོག་ལ་དམ་བསྒྲགས་ཆེན་པོ་བྱས་པ་རེད། མཁས་པའི་དབང་པོ་མང་པོ་ཞིག་ཁྲིམས་ལ་སྦྱར་ནས་དམར་གསོད་བཏང་བ་བྱུང་ཡོད། དཔེར་ན། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡོངས་འཛིན་ལ་དགེ་ཕྲུག་མང་པོ་ཡོད་པར་ཁྲིམས་འགལ་གྱི་ཐོག་ནས་དམ་བསྒྲགས་བྱས་ཏེ་མཐར་སྲོག་ཐོག་བཏང་བ་རེད། སྲོག་ཐོག་བཏང་བའི་སྐབས་སྲོག་ཐོག་གཏོང་སའི་ས་ཆར་སླེབས་ནས་ཁོང་གིས་ང་ལ་སྨོན་ལམ་ཞིག་རྒྱག་གི་འཇུག་རོགས་ཞེས་རེ་སྐུལ་ཞུས་ཏེ། དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན།། མར་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན།། མ་ལུས་ད་ལྟ་བདག་ལ་སྨིན་པ་དང༌།། བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས།། འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས།། ཞེས་པའི་བླ་མ་མཆོད་པའི་ཚིག་དེ་གསུངས་ནས་ད་གསོད་ཤོག་ཅེས་གསུངས་པ་རེད།
  
བོད་ལ་ཆ་བཞག་ན། མཁས་པའི་དབང་པོ་དང་ཉམས་ལེན་པ་མང་པོ་སྲོག་ཐོག་བཏང་ཡོད། དེ་སྔ་སོག་ཡུལ་དུ་གསར་བརྗེ་ལངས་པའི་སྐབས་གང་བྱུང་བ་རྣམས་རིམ་པས་བོད་ནང་དུའང་དེ་དེ་བཞིན་བྱུང་ཡོད། ཡིན་ནའང་། སྤྱིར་ཆོས་ཀྱི་དད་པ་ཞེས་པ་ནི་དྲག་རྩུབ་ཀྱི་ཐོག་ནས་མེད་པ་བཟོ་མི་ཐུབ། རྒྱུ་མཚན་ནི། ཚོར་བ་ཡོད་མཁན་འབུ་སྲིན་བྱ་རི་དྭགས་དུད་འགྲོ་བཅས་ལ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རང་གི་ངང་ནས་ཡོད་སྟབས། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཚང་མར་དགོས་ཀྱི་ཡོད། འགྲོ་བ་མི་ལ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་ཐོག་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་བསམ་བློ་གཏོང་རྒྱུ་དུད་འགྲོ་ལས་མི་འདྲ་བ་ཡོད། དུད་འགྲོ་དང་མི་འདྲ་བ་འགྲོ་བ་མི་ལ་བསམ་བློ་གཏང་རྒྱུའི་ནུས་པ་ཡོད་པའི་ཐོག་ནས་སྡུག་བསྔལ་ཉུང་དུ་གཏོང་བ་དང་བདེ་བ་མང་དུ་གཏོང་བར་བསམ་བློ་བསྒྱུར་བཅོས་ཀྱིས་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་རྒྱུའི་ཐབས་ལམ་ཡོད། དེར་བརྟེན། མིའི་སྤྱོ་ཚོགས་ནང་ཆོས་ཞེས་པ་དར་བ་རེད།  ཡི་ཤུ་དང་ཁ་ཆེའི་ཆོས་པ་རྣམས་ཀྱིས་དཀོན་མཆོག་ལ་ཡར་གསོལ་བ་བཏབ་པ་དང་། དཀོན་མཆོག་ནི་འཇིག་བརྟེན་བཀོད་པ་པོར་འདོད་ཀྱི་ཡོད། ང་ཚོ་ཚང་མ་འཇིག་བརྟེན་བཀོད་པ་པོས་བཀོད་པར་བརྟེན་འཇིག་བརྟེན་བཀོད་པ་པོ་དཀོན་མཆོག་མཁྱེན། ཞེས་པའི་ཐོག་ནས་སེམས་ཀྱི་སྡུག་བསྔལ་ཉུང་དུ་གཏོང་རྒྱུ་དང་སེམས་ནང་ཞི་བདེ་ཡོང་བར་འབད་བརྩོན་བྱེད་ཀྱི་ཡོད།
 
ནང་པ་སངས་རྒྱས་པའི་ཆོས་ནི་རྒྱ་གར་ནས་བྱུང་བ་རེད། དེར་བསྟན་པ་སྔ་དར་དང་ཕྱི་དར་ཞེས་རྗོད་ཀྱི་ཡོད། བསྟན་པ་སྔ་དར་ལྟ་བུ་ནི་པཱ་ལིའི་ཆོས་བརྒྱུད་ཀྱི་ཐོག་ནས་ཡོང་གི་ཡོད་པ་དང་། ཕྱི་དར་དཔལ་ནཱ་ལེནྡྲ་ནི་སློབ་སྦྱོང་བྱ་ཡུལ་དང་ནང་ཆོས་ལ་དོ་སྣང་བྱས་ནས་ནང་ཆོས་ངོ་སྤྲོད་བྱེད་པའི་སྐབས་རིགས་ལམ་གྱི་ཐོག་ནས་བཤད་ཡོང་དུས་ལྟ་གྲུབ་དེ་རང་བཞིན་གྱི་འཐོན་ཡོང་གི་ཡོད། ཕྱི་དར་གྱི་སྲོལ་ལྟ་བུ་བརྗོད་ཆོག བོད་དང་སོག་པོ་ལ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཆགས་ཀྱི་ཡོད། ནཱ་ལེནྡྲའི་ཆོས་བརྒྱུད་འདི་བཞིན་རིགས་པའི་ཐོག་ནས་བསམ་བློ་གཏོང་རྒྱུ་དང་དཔྱད་པ་བྱེད་དགོས། མདོར་ན། སངས་རྒྱས་ཀྱི་བཀའ་ཡིན་ནའང་རིག་པའི་དཔྱད་ཡོང་དུས་ཏོག་ཙམ་མ་བེད་བའི་རིགས་རྣམས་དགག་པ་རྒྱག་གི་ཡོད། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་ངའི་རྗེས་འབྲང་ཚོས་ང་ལ་དད་པ་བྱས་ནས་ངའི་ཆོས་ལ་ཉམས་སུ་ལེན་མི་དགོས། ངས་བསྟན་པ་འདི་ལ་ཁྱེད་རང་ཚོས་ཞིབ་འཇུག་དང་བརྟག་དཔྱད་བྱས་ནས་རྒྱུ་མཚན་ལྡན་པ་ཞིག་མཐོང་ན་ཉམས་ལེན་བྱོས། དད་པ་ཁོ་ནའི་ཐོག་ནས་ཆོས་ཉམས་ལེན་བྱེད་མི་དགོས། ཞེས་གསུངས་འདུག
 
ཕྱིས་སུ་ནཱ་ལེནྡྲའི་མཁས་པའི་དབང་པོ་དག་གིས་སངས་རྒྱས་ཀྱི་བཀའ་ལ་དྲང་ངེས་གཉིས་ཕྱེ་ཡོད། སྒྲ་ཇི་བཞིན་པའི་ཁས་བླངས་སུ་རུང་བ་དང་སྒྲ་ཇི་བཞིན་པའི་ཁས་བླངས་སུ་མི་རུང་བ་བཅས་བཤད་ཀྱི་ཡོད། ང་ཚོས་ཡོངས་གྲགས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་ཁོང་གི་རྗེས་འབྲང་བ་ལ་མཚོན་ན་དབུ་མ་རིག་ཚོགས་ལ་ལྟོས་དང་། དེ་རིང་བྱང་ཆུབ་སེམས་འགྲེལ་ཏོག་ཙམ་བཤད་ཀྱི་ཡོད་པ་རེད། གང་ལྟར་དབུ་མ་རིག་ཚོགས་ནང་ལུང་ཕྲན་བུ་དྲངས་པ་མ་གཏོགས་གཞན་ཆ་ཚང་རིགས་པ་ཁོ་ནའི་དཔྱད་ཞིབ་ཐོག་གསུང་གི་ཡོད།  བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་འདི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཆགས་ཡོད། ཧོར་གྱི་ཡུལ་ཁག་ལ་མཚོན་ན་སངས་རྒྱས་བཅོམ་ལྡན་འདས་རང་ཀྱིས་ངའི་བསྟན་པ་འདི་བྱང་ནས་བྱང་དུ་དར་གྱི་རེད། ཅེས་གསུངས་ཡོད། དེར་བརྟེན། ང་ཚོས་གོ་བ་འདི་ལྟར་ལེན་གྱི་ཡོད་པ་རེད། རྒྱ་གར་ནས་རྩིས་པའི་བྱང་བོད་དང་། བོད་ཀྱི་བྱང་སོག་ཡུལ་ཁག་བཤད་ཀྱི་ཡོད་པ་རེད། དེ་དངོས་ཡོད་གནས་ཚུལ་རེད། མཁས་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ། ནཱ་ལེནྡྲའི་ཕྱག་སྲོལ་ནང་བཞིན་བོད་ལ་དར། མཁས་ཆེན་ཞི་བ་འཚོས་ཚད་མའི་གཞུང་དང་ཚད་ཆེན་གཞུང་མཛད་ཡོད། ལྟ་གྲུབ་སྐོར་ལ་ཆ་བཞག་ན་དབུ་མ་རྒྱན་མཛད་ཡོད། ཁོང་ནི་ནཱ་ལེནྡྲ་ནས་ཕེབས་པའི་ལྟ་གྲུབ་སྨྲ་མཁན་ཚད་མ་རིག་པ་ལ་བསྟེན་ནས་འགྲོ་མཁན་ཞིག་ཡིན་པས་བོད་གངས་ཅན་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་ཚུགས་ཡོད་པ་དེའང་ནཱ་ལེནྡྲའི་ཆོས་བརྒྱུད་ནང་བཞིན་རིགས་པའི་ལམ་ནས་དཔྱད་པ་ཞིག་རེད།
 
རིམ་པས་སོག་ཡུལ་དུ་ནང་ཆོས་སླེབས་པ་རེད། དང་པོ་འགྲོ་མགོན་ཆོས་རྒྱལ་འཕགས་པ་སོག་ཡུལ་དུ་ཏོག་ཙམ་ཕེབས་ཡོད། དེ་རྗེས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་༸རྒྱལ་དབང་སྐུ་ཕྲེང་གསུམ་པ་ཧོར་གྱི་ཡུལ་ཁག་ཕེབས་ཏེ་སོག་པོའི་ཡུལ་ཁག་རྣམས་༸རྒྱལ་དབང་བསོད་ནམས་རྒྱ་མཚོ་མཆོག་གི་སློབ་མ་ཆགས་ཡོད། སྤྱིར་ནཱ་ལེནྡྲའི་ཆོས་བརྒྱུད་དང་། ཡང་སྒོས་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་ཤུགས་ཆེན་པོ་དར་རྒྱུ་༸རྒྱལ་དབང་བསོད་ནམས་རྒྱ་མཚོ་མཆོག་གི་དུས་ནས་བྱུང་བ་རེད། ཁྱེད་རང་ཚོས་ཏཱ་ལའི་སྦག་ཞི་ཞེས་ཟེར་གྱི་འདུག རྒྱ་མཚོའི་བླ་མ་ཞེས་ཟེར་གྱི་འདུག རྒྱ་མཚོ་ནི་ཐམས་ཅན་མཁྱེན་པ་དགེ་འདུན་རྒྱ་མཚོ། བསོད་ནམས་རྒྱ་མཚོ་ཞེས་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཚན་ལ་རྒྱ་མཚོ་ཞེས་ཡོད་པ་ཡིན་པས་ཏཱ་ལའི་སྦག་ཞི་ཞེས་པའི་མཚན་དེ་ཡང་སོག་སྐད་རེད། དེ་ལྟར་བོད་སོག་གཉིས་དབར་ཐུན་མོང་མ་ཡིན་པའི་འབྲེལ་བ་བྱུང་ཡོད། ངོས་རང་སོག་ཡུལ་དུ་ཐེངས་དང་པོ་སླེབས་པའི་སྐབས་སོག་པོ་དགའ་ལྡན་དགོན་པའི་ནང་ངོས་རང་བཞུགས་ཁྲིའི་སྟེང་སྡོད་སྐབས་སོག་པོ་ཚོས་བརྟན་བཞུགས་ཤིག་བཏོན་པའི་སྐབས་སུ་མང་པོས་མིག་ཆུ་བཏང་བྱུང་། ངོས་རང་ཡང་བཞུགས་ཁྲིའི་ཐོག་བསྡད་དེ་སེམས་ཧ་ཅང་སྐྱོ་བྱུང་།  སྔ་མོ་ནང་ཆོས་ཧ་ཅང་དར་བ་རེད་དེ་བར་སྐབས་ཉམས་པ་རེད། ཆོས་ཞེས་པ་ནི་སེམས་ནང་ཡོད་སྟབས་དགོན་པ་དང་ལྷ་ཁང་སོགས་ཇི་ཙམ་གཏོར་བཤིག་བཏང་བ་ཡིན་ནའང་ནང་སེམས་ཀྱི་དད་པ་མེད་པ་བཟོ་མི་ཐུབ། དེར་བརྟེན། སོག་པོའི་བླ་རྒན་གྱིས་ངོས་ལ་ཧ་ཅང་དགའ་མོས་བྱེད་ཀྱི་འདུག ངོས་རང་མིག་ཆུ་ཤོར་སོང་། ཆོས་ཞེས་པ་ནི་སེམས་ནང་ནས་ཡོང་གི་ཡོད་སྟབས། ཨུ་རུ་སུའི་གསར་བརྗེ་དང་རྒྱ་ནག་གི་གསར་བརྗེ་ཀྱིས་གདུག་རྩུབ་བརྒྱུད་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་ཀྱང་ཆོས་ཀྱི་དད་པ་མེད་པ་བཟོ་མི་ཐུབ།
 
ཆོས་ཀྱི་དད་པ་མེད་པར་བཟོ་བའི་ཉེན་ཁ་གང་དུ་ཡོད་པ་རེད་ཅེ་ན། སྔ་མོ་ངོས་ཀྱིས་ཚན་རིག་སློབ་དགོས་པ་རེད་ཅེས་རེ་འདུན་བཏོན་པའི་སྐབས་སུ་མཁན་པོ་ཁ་ཤས་ཀྱིས་ཚན་རིག་བསླབ་ན་ཆོས་ཀྱི་དད་པ་ཆུང་དུ་ཕྱིན་མི་ཡོང་ངམ་ཞེས་བཤད་མཁན་བྱུང་། ངོས་ཀྱིས་དེ་མ་རེད། ཚན་རིག་བློ་གཟུར་བོད་གནས་པ་ཡོད་པ་རེད། དེར་བརྟེན། ང་རང་ཚོའི་ངོས་ནས་འགྲེལ་བཤད་རྒྱག་རྒྱུ་དང་། ལྟ་གྲུབ་དང་ཚད་མ་རིག་པ་དང་འབྲེལ་ནས་འགྲེལ་བཤད་བརྒྱབ་པ་ཡིན་ན་ཚན་རིག་པ་བློ་གཟུར་བོར་གནས་པ་ཚོས་ཁས་ལེན་བྱེད་ཀྱི་རེད་མ་གཏོགས་རྨོངས་དད་ལྟ་བུ་བྱས་ནས་དགག་པ་རྒྱག་གི་མ་རེད་ཅེས་ཞུ་རྒྱུ་བྱུང་། རིམ་བཞིན་ངོས་ཀྱིས་ཚན་རིག་པའི་མཉམ་དུ་འབྲེལ་བ་མང་པོ་བྱུང་། དེང་སང་འཛམ་གླིང་འདིར་ངོས་རང་ནང་པའི་དགེ་སློང་ཡིན་པ་སྨོས་མི་དགོས་པ་དང་། ཚན་རིག་པ་ཞིག་ཡིན་པ་ཕལ་ཆེར་ཡོངས་གྲགས་སུ་བརྩི་བཞིན་ཡོད་པ་རེད།
 
སྤྱིར་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་མི་འདྲ་བ་དེ་དག་གིས་གང་ལྟར་བྱམས་པ་དང་སྙིང་རྗེ་རྩ་བ་བྱས་ནས་གསུངས་ཀྱི་ཡོད་པས་མི་ལ་ཕན་གྱི་ཡོད་པ་རེད། སེམས་ལ་ཞི་བདེ་ཡོང་བར་ཕན་གྱི་ཡོད། གོང་དུ་ཞུས་པ་ལྟར་ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་གིས་སྡུག་བསྔལ་ཉུང་དུ་གཏོང་བ་དང་བདེ་བ་ཡག་པོ་ཡོང་བར་རྒྱ་མཚན་གྱི་ཐོག་ནས་བསམ་བློ་གཏོང་བའི་མིའི་ཁྱད་ཆོས་དེ་ཡོད་པས་ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་གི་ཡོད། ངོས་ཀྱི་ངོས་ནས་དད་པ་དང་གུས་པ་གཉིས་ཀྱི་དབྱེ་བ་ཕྱེས་ཏེ་ཆོས་ལུགས་ཚང་མར་གུས་བཀུར་བྱེད་ཀྱི་ཡོད། དད་པ་དེ་སོ་སོའི་ཆོས་ལ་བྱོས། གུས་པ་ནི་ཆོས་ལུགས་ཚང་མར་བྱེད་དགོས། དེ་ལྟར་ངོས་རང་ས་ཆ་འདྲ་མིན་དུ་ཕྱིན་སྐབས་ཡི་ཤེ་ལྷ་ཁང་དང་ཁ་ཆེ་ལྷ་ཁང་། ཧིན་དྷིའི་ལྷ་ཁང་ལ་སོགས་ལྷ་ཁང་འདྲ་མིན་གང་དུ་སླེབས་ནའང་ངོས་རང་འཆར་ཅན་འགྲོ་བཞིན་ཡོད། དེ་ཚང་མར་ངོས་ཀྱིས་སྨོན་ལམ་བརྒྱག་བཞིན་ཡོད། ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་སེམས་འདུལ་དགོས་པ་དང་བྱམས་བརྩེ་ཚང་མས་གསུངས་བཞིན་ཡོད། ཅེས་སོགས་བཀའ་སློབ་སྩལ་རྗེས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་དབུ་འཛུགས་ཀྱིས། བདག་ཏུ་འཛིན་པ་བཟློག་པའི་ཕྱིར།། ཕུང་བོ་ཁམས་སོགས་བསྟན་པ་ཡིན།། སེམས་ཙམ་པོ་ལ་གནས་ནས་ནི།། སྐལ་ཆེན་རྣམས་ཀྱིས་དེ་ཡང་སྤངས།། རྣམ་པར་ཤེས་པར་སྨྲ་བ་ལ།། སྣ་ཚོགས་འདི་ནི་སེམས་སུ་གྲུབ།། རྣམ་ཤེས་རང་བཞིན་གང་ཞེ་ན།། ད་ནི་དེ་ཉིད་བཤད་བྱ་སྟེ།། ཞེས་པའི་བར་དུ་བཤད་ལུང་དང་དད་ལྡན་ཆོས་ཞུ་བའི་དྲི་བ་ཁག་ལ་བཀའ་ལན་སྩལ་གྲུབ་མཚམས་ཆུ་ཚོད་ ༡༠།༣༠ ཡོལ་ཙམ་ལ་ཉིན་དང་པོའི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།། 

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།