༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

དྲ་ལམ་བརྒྱུད་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་ཉིན་གཉིས་པ། ༢༠༢༠ ཟླ་བ་ ༨ ཚེས་ ༥

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྔ་དྲོ་ཆུ་ཚོད་ ༩།༠༠ མ་ཟིན་ཙམ་ལ་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གཟིམ་ཆུང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་དྲ་ལམ་བརྒྱུད་ཆོས་ཞུ་བ་རྣམས་ལ་དྲ་ལམ་བརྒྱུད་རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་ཉིན་གཉིས་པར་བཀའ་སློབ་སྩལ་དོན།

བཀྲ་ཤིས་བདེ་ལེགས། སྔོན་ལ་ཁ་སང་ལྟར་སྤྱི་བཤད་བྱས་པ་ཡིན་ན། ངོས་ཀྱིས་སངས་རྒྱས་པའི་ཆོས་ཀྱི་ལྟ་བ་དང་སྤྱོད་པ་གང་ཡིན་ཞེས་སྐད་ཆ་དྲིས་ཚེ། ཆོས་ལུགས་ཚང་མར་ལྟ་བ་དང་སྤྱོད་པ་ཡོད་པ་རེད། སྤྱིར་བཏང་མི་ཞིག་ཡིན་པ་ཡིན་ནའང་ལྟ་གྲུབ་འཁྱེར་ནས་བཤད་རྒྱུ་ཡོད་པ་ལྟར། སངས་རྒྱས་པའི་ཆོས་ཀྱི་ལྟ་བ་ནི་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ་རེད་ཅེས་བརྗོད་བཞིན་ཡོད། དེའི་ཐོག་ཏོག་ཙམ་སྣོན་པ་རྒྱབ་ནས་ལྟ་བ་རྟེན་འབྱུང་ཚན་རིག་དང་འབྲེལ་བ་ཡོད་པ་དང་། སྤྱོད་པ་འཚེ་བ་མེད་པ་ནི་འཛམ་གླིང་ཞི་བདེ་དང་འབྲེལ་བ་ཡོད་པ་རེད་ཅེས་བརྗོད་བཞིན་ཡོད།  ནང་ཆོས་ཀྱི་སྙིང་པོའམ་མདོར་བསྡུས་ནས་བཤད་པ་ཡིན་ན་ལྟ་སྤྱོད་གཉིས་རེད། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་རེད། སྤྱོད་པ་འཚེ་བ་མེད་པ་རབ་ནི་གཞན་ལ་གནོད་པ་མི་བྱེད་པ་ཙམ་དུ་མ་ཟད་ཕན་བཏགས་ནས་ག་ཚོད་ཐུབ་ཐུབ་ཀྱིས་སྤྱི་ཚོགས་ལ་ཕན་ཐོགས་བྱེད་པ་དང་། རྒྱ་ཆེ་ས་ནས་འཛམ་གླིང་ལ་ཞི་བདེ་ཡོང་བ་དང་། སྲོག་ཆགས་མང་པོ་ཞིག་བེད་སྤྱོད་བྱས་ནས་འགྲོ་བཞིན་པ་ག་ཚོད་ཉུང་ཉུང་ཡོང་ཐུབ་པ་ཞིག་བྱེད་དགོས་པ་ནི་སྤྱོད་པ་འཚེ་བ་མེད་པ་རེད། ལྟ་བ་རྟེན་འབྱུང་ནི་གང་དང་གང་ཡིན་ནའང་ཕན་ཚུན་ལྟོས་ནས་གྲུབ་ཡོད་པ་ཞིག་རེད། སྤྱི་ཚོགས་བདེ་སྐྱིད་བྱུང་ན་རང་ལ་ཕན་པ་དང་། འཛམ་གླིང་སྤྱི་ཡོངས་ཁོར་ཡུག་ཡག་པོ་ཞིག་བྱུང་བ་ཡིན་ན་རང་ལ་ཕན་པ་རེད། དེར་བརྟེན། བདེ་སྡུག་ནི་རྒྱུ་རྐྱེན་མང་པོ་ལ་རྟེན་ནས་ཡོང་བཞིན་པ་ཞིག་ཡིན། ང་རང་ཚོ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་ཡིན་པས་གཞན་ལ་གནོད་པ་བསྐྱལ་ན་རང་ལ་མི་བདེ་ཡོང་བ་དང་། གཞན་ལ་ཕན་བཏགས་ན་རང་ལ་བདེ་བ་ཡོང་བཞིན་ངོས་ཀྱིས་ལྟ་བ་རྟེན་འབྱུང་རེད་ཅེས་བརྗོད་བཞིན་ཡོད། བུ་གུ་ཚོས་དེ་སེམས་ལ་ངེས་པ་བྱོས། ནང་པའི་ཆོས་ནི་ལྟ་སྤྱོད་གཉིས་ཡིན་པ་དང་། ལྟ་བ་ནི་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ་རེད། ཅེས་སོགས་རྟེན་འབྱུང་ནི་འཛམ་གླིང་གི་ཁོར་ཡུག་དང་མི་སྒེར་གྱི་འཕྲོད་བསྟེན་སོགས་གང་ལའང་བཤད་རྒྱུ་ཡོད་པ་སོགས་བཀའ་སློབ་སྩལ། 

གཞན་ཡང་། བཅོམ་ལྡན་འདས་སངས་རྒྱས་མ་ཐག་ཏུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་བརྙེས།། སུ་ལ་བསྟན་ཀྱང་གོ་བར་མི་ནུས་བས།། མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ།། ཞེས་གསུངས་འདུག །འདི་ལ་ངོས་ཀྱིས་གོ་བ་ལེན་དུས་ཆོས་འཁོར་བསྐོར་བའི་སྙིང་པོ་བསྟན་འདུག་བསམ་ཀྱི་འདུག ། ཟབ་པ་དང་ཞི་བ་ཞེས་པས་བདེན་བཞིའི་རྣམ་གཞག་གི་ཐོག་ནས་འཁོར་འདས་གཉིས་བཤད་ཡོང་གི་འདུག  །མདོ་སྡེ་དགོངས་འགྲེལ་གྱི་གསུངས་སྟངས་ལྟར་ན་འཁོར་ལོ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཞེས་གསུངས་པ་དེ་སྤྲོས་བྲལ་ཞེས་སྟོང་པ་ཉིད་ཀྱི་ལྟ་བ་གསུངས་ཡོང་གི་འདུག  །འོད་གསལ་འདུས་མ་བྱས། །ཞེས་པས་ངོས་ཀྱི་གོ་བ་ལྟར་ན་འཁོར་ལོ་གསུམ་པ་རྒྱུད་བླ་མའི་བཤད་བྱ་རྩ་བའི་མདོ་དང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པ་འཁོར་ལོ་གསུམ་པའི་ནང་དུ་ཡོང་གི་ཡོད་པ་རེད། འཁོར་ལོ་བར་པའི་སྐབས་སུ་སྤྲོས་བྲལ་ཞེས་པས་ཡུལ་གྱི་འོད་གསལ་སྟོང་པ་ཉིད་ཞིབ་ཕྲ་གསུངས་ཟིན་པ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པའི་སྐབས་སུ་ཡུལ་ཅན་གྱི་འོད་གསལ་གྱི་རྣམ་གཞག་གསུངས་ཡོང་གི་འདུག  །ངོས་ཀྱིས་ནམ་རྒྱུན་ཇོ་ནང་གི་གཞན་སྟོང་གསུངས་མཁན་ཚོར་དེ་ནས་བསམ་བློ་གཏོང་རྒྱུ་འདུག་ཅེས་བརྗོད་བཞིན་ཡོད། ཡུལ་གྱི་འོད་གསལ་ཞེས་ཟེར་དུས་རང་སྟོང་རེད། ངོ་བོ་ཉིད་ཀྱིས་མ་གྲུབ་པའི་སྟེང་འགྲོ་བཞིན་ཡོད་པ་རེད། ཡུལ་ཅན་འོད་གསལ་སྟེང་ལ་སླེབས་ཡོང་སྐབས་སྔགས་ཀྱི་གཞུང་ནས་སེམས་ཕྲ་རགས་དབྱེ་བ་ཕྱེས་ནས་ཡོང་སྐབས་ཀྱི་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་དེ་སྣང་མཆེད་ཐོབ་གསུམ་གྱིས་མཚོན་པའི་རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་པའི་རྗེས་ལ་འོད་གསལ་འཆར་བ་ཞིག་རེད།   དེ་གཞན་སྟོང་གི་དོན་དག་རེད་འདུག་བསམ་གྱི་འདུག   །གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་དེ་ག་སྣང་མཆེད་ཐོབ་གསུམ་གྱིས་མཚོན་པའི་རང་བཞིན་བརྒྱད་ཅུའི་རྟོག་པ་སོགས་གློ་བུར་བའི་ཆོས་ཐམས་ཅད་ཀྱིས་འགགས་ནས་སྟོང་པ་ཞིག་རེད། དེ་ལ་གཞན་སྟོང་གི་དོན་དག་སླེབས་ཡོང་གི་འདུག   །འཁོར་ལོ་བར་མཐའ་གཉིས་སྦྲེལ་ནས་འཁོར་ལོ་བར་པའི་སྐབས་ནས་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པ་རེད། སྟོང་པ་ཉིད་ཀྱི་རང་བཞིན་རེད་ཅེས་གསུངས་པ་དེ་དང་། ཁྱད་གཞི་ཆོས་ཅན་བུམ་པ་ལ་སོགས་པའི་སྟེང་གི་སྟོང་ཉིད་རྐྱང་པ་མིན་པར་མཐར་གཏུགས་ཡོང་སྐབས་འཁོར་འདས་ཐམས་ཅད་ཀྱི་བྱེད་པ་པོ་དེ་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་རེད། རྫོགས་ཆེན་གྱི་གཞུང་གི་ནང་དུ་གཞི་དང་གཞི་སྣང་ཞེས་གཉིས་སུ་ཕྱེས་ནས་གཞི་ནི་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་དང་། གཞི་དེ་ལ་གཞི་སྣང་ཤར་ཡོང་སྐབས་འཁོར་འདས་ཀྱིས་བསྡུས་པའི་དག་མ་དག་ཚང་མ་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ལ་ཤར་སྡོད་པ་ཞིག་རེད། འོད་གསལ་སྒོམ་ཡོང་སྐབས་འོད་གསལ་ལ་ཤར་བའི་རྩལ་གྱི་རོལ་བ་མཐའ་དག་སྣང་མཆེད་ཐོབ་གསུམ་བྱས་ཏེ་འགགས་ནས་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ཉག་གཅིག་ལ་ཕར་འཐིམ་འགྲོ་བ་ཞིག་རེད། མྱང་འདས་ཞེས་པ་དེ་གའི་ཐོག་ནས་བསམ་བློ་གཏོང་རྒྱུ་ཞིག་འདུག  །འཁོར་བ་མ་དག་པའི་འོད་གསལ་དེའི་ཐོག་ནས་གློ་བུར་བའི་ཆོས་དེ་དག་ཡར་ཤར་ནས་དེ་ལ་བརྟེན་ནས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐྱེས་པ་དང་། དག་དང་མ་དག་གི་ལས་ལ་བརྟེན་ནས་འགྲོ་བ་རིགས་དྲུག་གི་སྐྱེས་གནས་སོགས་ལ་འགྲོ་བཞིན་ཡོད།   མྱང་འདས་མཐར་ཐུག་ནི་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་སྐུ་ཆགས་ཀྱི་ཡོད། ཅེས་སོགས་བཀའ་སློབ་དང་།

ཡང་། བོད་ལ་ནང་ཆོས་མ་དར་བའི་སྔོན་ལ་རྒྱ་ནག་ཏུ་ནང་ཆོས་དར་བ་རེད། ཞོན་ཙང་ཁོང་ཀླུ་སྒྲུབ་ཀྱི་རྗེས་འབྲང་ཆགས་ཡོད་པ་རེད། ངོས་རང་དཔེ་གསར་ལྟ་བུ་ཞིག་བྱུང་། རྒྱ་གར་ལྷོ་ཕྱོགས་སུ་རྒྱ་གར་ཤར་ལ་རྒྱུགས་བཞིན་པའི་གཙང་པོའི་ཆུ་གཞུང་གི་མཚམས་དེར་ཞོན་ཙང་ཕེབས་པ་རེད་ཟེར། དེ་ནས་མར་རྒྱ་ནག་ཏུ་ཕེབས་པ་རེད་ཅེས་བཤད་རྒྱུན་འདུག དེར་རྒྱབ་རི་ཞིག་འདུག་པ་དེར་མགོན་པོ་ཀླུ་སྒྲུབ་བཞུགས་པ་རེད་ཟེར། ངོས་རང་དེར་ཕྱིན་ནས་རྩ་བ་ཤེས་རབ་བཀླགས་ནས་བསམ་བློ་ཏོག་ཙམ་བཏང་བ་ཡིན། ཀླུ་སྒྲུབ་ཀྱི་སྒྲུབ་ཕུག་གི་སྒང་དུ་ཁ་ཤས་ཀྱིས་སྦྲུལ་དཀར་པོ་ཞིག་མཐོང་འདུག དེ་ནས་མར་ཐོན་ནས་གཙང་པོའི་ཁར་ཡོང་སྐབས་ངོས་ཀྱིས་དུང་དཀར་ཞིག་རྙེད་སོང་། དེ་རྟེན་འབྲེལ་ཡག་པོ་ཞིག་ལ་བརྩིས་པ་ཡིན། སྒྲུབ་ཕུག་གཤམ་དུ་རྩིག་པ་བརྩིགས་ཡོད་པའི་ཞིག་གི་ཐོག་ཏུ་དུང་དཀར་ཞིག་འདུག མི་སུ་གཅིག་མི་འདུག མི་ཡོད་ན་སློང་དགོས་བསམ་བྱུང་། མི་ནི་མི་འདུག་པས་ངོས་རང་གིས་རུམ་ལ་འཁྱེར་ཡོང་བ་ཡིན། 

ཞོན་ཙང་ཀླུ་སྒྲུབ་ཀྱི་སློབ་མ་རེད། ཁོང་གིས་རྒྱ་ནག་ལ་བསྟན་པ་སྤེལ་བའི་སྐབས་སུ་དབུ་མ་རྩ་བ་ཤེས་རབ་ལྟ་བུ་ཁྲིད་ཡོང་སྐབས་རྟགས་བསལ་གྱི་འགྲོ་སྟངས་ཤེས་དགོས་པ་ཞིག་རེད། ཡིན་ནའང་། རྒྱ་ནག་ལ་སློབ་དཔོན་ཕྱོགས་གླིང་གི་ཚན་མ་ཀུན་བཏུས་བསྒྱུར་མི་འདུག ཚད་མ་རྣམ་འགྲེལ་ཡང་རྒྱ་སྐད་དུ་བསྒྱུར་མི་འདུག དེ་ལ་དམིགས་བསལ་དོ་སྣང་བྱས་མི་འདུག ང་ཚོའི་བོད་ཀྱི་མཁས་པ་ཚོས་ཚད་མའི་གཞུང་དེ་དག་བོད་སྐད་དུ་བསྒྱུར། བསྒྱུར་བ་ཙམ་དུ་མ་ཟད་སློབ་གཉེར་བྱས་ཏེ་སེ་འབྲས་གསུམ་གཙོ་བོ་གྱུར་བའི་སྔ་མོ་ས་སྐྱ་ལ་ཧ་ཅང་དར་སྲོལ་ཡོད་ཀྱང་ཕྱིས་སུ་རིམ་པས་ཉམས་པ་ལྟ་བུ་རེད། རིམ་བཞིན་རྩོད་པ་རྩོད་རྒྱུ་ཤུགས་ཆེ་ཤོས་རི་བོ་དགེ་ལྡན་པ་ཚོ་ཆགས་འདུག དགེ་ལུགས་པའི་དགོན་པ་དབུས་གཙང་ཁུལ་དུ་ཡོད་པ་ལྟ་ཅི་སྨོས། མདོ་སྟོད་སྨད་ཀྱི་ས་ཁུལ་དུ་དགེ་ལུགས་པའི་དགོན་པ་ཡོད་པ་ཚོར་རྟགས་བསལ་གཏོང་བ་ཞིག་ཡོད་བཞིན་པ་རེད། ཚད་མའི་གཞུང་དེར་ང་ཚོ་བོད་པས་བདག་པོ་རྒྱབ་པ་དང་། འདུལ་བར་རྟགས་བསལ་གཏོང་རྒྱུ་ཆེན་པོ་ཡོད་པ་མ་རེད། མཛོད་ལའང་དེ་འདྲ་ཞིག་རེད། 

ཚད་མའི་གཞུང་ལ་བརྟེན་ནས་གཙོ་བོ་དབུ་ཕར་གཉིས་པོར་རྟགས་བསལ་བཏང་ནས་འགྲོ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག  ང་ཚོ་བོད་ལ་ཚད་མའི་གཞུང་དར་ནས་སེ་འབྲས་གཙོ་བོར་གྱུར་བའི་དགོན་པ་ཁག་གིས་ཚད་མའི་གཞུང་ལོ་མང་པོར་སྦྱང་བཞིན་ཡོད་པས་དེས་བསྟན་པ་ལ་དངོས་གནས་ཞབས་འདེགས་ཆེན་པོ་སྒྲུབ་འདུག དེང་སང་ཡིན་ནའང་ང་ཚོ་རང་གི་ལུང་པར་བྲལ་ནས་བཙན་བྱོལ་བ་ཆགས་ཡོད་ཀྱང་རྒྱ་གར་ལྷོ་ཕྱོགས་ལ་གདན་ས་ཚོ་གཞི་ཚུགས་ནས་སློབ་གཉེར་ཧུར་ཐག་བརྒྱབ་ནས་ཧ་ཅང་ཡག་པོ་རེད། དེ་ནས་ངོས་ཀྱིས་ཚན་རིག་སློབ་དགོས་པ་རེད་ཅེས་འབོད་སྐུལ་བྱས་པས་དེ་ལའང་དོ་སྣང་ཧ་ཅང་ཡག་པོ་གནང་བ་རེད། དེར་བརྟེན། དཔལ་ནཱ་ལེནྡྲའི་ཕྱག་སྲོལ་དྲི་མ་མེད་པ་ཞིག་གདན་ས་ཚོས་ད་ལྟ་ཉར་བསྡད་ཡོད་པ་རེད། སངས་རྒྱས་པའི་བསྟན་པ་ཉག་ཕྲ་བའི་དུས་ཚོད་ཅིག་རེད། ང་ཚོ་བོད་དང་སོག་པོ་ལ་ཆ་བཞག་ན་ཆེད་དུ་གཉེར་ནས་དམ་དྲག་བྱེད་མཁན་བྱུང་ནས་ང་ཚོ་བོད་སོག་གིས་དོ་སྣང་མ་བྱས་པ་མ་ཡིན་པར་དབང་བསྒྱུར་བྱེད་མཁན་གྱིས་དམིགས་བསལ་གྱིས་དམ་དྲག་བྱས་པ་རེད། ང་ཚོའི་སློབ་གྲྭ་ཚོའི་ནང་ལ་མཚན་ཉིད་དང་ནང་ཆོས་བསླབ་པ་འགྲིག་གི་མ་རེད་ཟེར་བའི་གནས་ཚུལ་བྱུང་བ་རེད། དེར་བརྟེན། ཧ་ཅང་ཉག་ཕྲ་བོ་བྱུང་ཡོད་པ་རེད་དེ་ང་ཚོ་བཙན་བྱོལ་གྱི་ཁྲོད་ལ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་དགོན་སྡེ་ཁག་གིས་ག་ཚོད་ཐུབ་ཐུབ་ཀྱིས་སློབ་སྦྱོང་བྱེད་པ་དང་། དེ་བཞིན་ལོ་ཆེན་རིན་པོ་ཆེས་མགོ་ཁྲིད་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་ཚོགས་པ་ཞིག་བཙུགས་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་པ་ཁག་གིས་སློབ་གཉེར་ཁང་བཟོ་རྒྱུ་ཡིན་ཞེས་གསུངས་སོང་། ངོས་ཀྱིས་བསྔགས་བརྗོད་ཆེན་པོ་བྱས་པ་ཡིན། ཅེས་དང་། 

བོད་ཀྱི་རིག་གཞུང་གི་གལ་གནད་སྐོར་ལ་བཀའ་སློབ་སྩལ་དོན། ང་ཚོ་བོད་པ་ཞིག་ཡིན་པའི་ངོས་ནས་བཤད་པ་ཡིན་ན། བོད་ཀྱི་རིག་གཞུང་ཞེས་ཟེར་དུས་དེ་ལྟ་བུའི་ནཱ་ལེནྡྲའི་ཆོས་བརྒྱུད་རིགས་པའི་ལམ་ནས་གཏན་ལ་ཕབ་ནས་བཤད་རྒྱུ་ཡོད་པ་དང་། དེང་སང་ཚན་རིག་པའི་མཉམ་དུ་དཔུང་གདང་གཤིབ་ནས་འགྲོ་རྒྱུ་ཡོད་པ་ནི་བོད་པའི་ཐུན་མོང་མ་ཡིན་པ་ཆགས་ཡོད། དེ་བོད་ལ་མ་གཏོགས་མི་འདུག སྐད་ལ་ཆ་བཞག་ནའང་ལེགས་སྦྱར་གྱི་ནང་ཡོད་པའི་མིང་ཚིག་བོད་སྐད་ནང་དུ་ཆ་ཚང་ཡོད་པ་དང་། པ་ལིའི་སྐད་དང་དབྱིན་ཇིའི་ནང་ལ་ཡོད་པ་མ་རེད། དེ་ལྟའི་ཐོག་ནས་བསམ་བློ་བཏང་བ་ཡིན་ན་བོད་ཀྱི་སྐད་ཡིག་ནི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་གཞུང་ཆེན་རྣམས་འཆད་ཉན་བྱེད་དགོས་ན་བོད་ཀྱི་སྐད་ཡིག་ནི་མེད་ཐབས་མེད་པ་ཞིག་རེད། སྐད་ཡིག་གཞན་དུ་འགྱུར་མང་པོ་ཡོད་ཀྱང་བསྒྱུར་བ་པོ་སོ་སོས་མིང་ཚིག་ཅིག་བཟོས་ནས་འགྲོ་བ་མ་གཏོགས་ཚང་མར་གོམས་བསྡད་པའི་མིང་ཚིག་དཀོན་པོ་རེད། དེ་ལ་བོད་སྐད་ཡག་ཤོས་རེད། དེར་བརྟེན། དཔལ་ནཱ་ལེནྡྲའི་རིག་གཞུང་གཏིང་ཟབ་མོ་རྣམས་གཏིང་རིང་པོའི་ཐོག་ནས་སློབ་སྦྱོང་བྱེད་མཁན་ཚོས་བོད་སྐད་ལ་དོ་སྣང་བྱེད་དགོས་པ་ནི་ཞུས་མ་ཐག་པ་ལྟར་རེད། དར་ས་རྒྱ་གར་ནས་དར་བ་ཡིན་ཡང་ལོ་སྟོང་ཕྲག་ལྷག་གི་རིང་ལ་བདག་པོ་ང་ཚོས་རྒྱབ་པ་ཡིན་པས་ང་ཚོའི་རིག་གཞུང་ཆགས་ཀྱི་རེད། བོད་ཀྱི་རིག་གཞུང་ཞེས་བཤད་པ་ཡིན་ནའང་འདི་དག་ཧ་ཅང་གལ་ཆེན་པོ་འདུག བོད་ཀྱི་ཤེས་ཡོན་དང་བོད་ཀྱི་རིག་གཞུང་ཆགས་ཡོད། རྒྱ་ནག་ཏུ་ནང་པ་ཧ་ཅང་མང་པོ་རེད། འཛམ་གླིང་འདིར་ནང་པ་མང་ཤོས་ཕལ་ཆེར་རྒྱ་ནག་ཆགས་འདུག དེང་སང་ཡིན་ནའང་རྒྱ་ནག་གི་ནང་པ་ཚོས་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་འདུག་ལ། མ་འོངས་པར་ང་ཚོ་རྒྱ་བོད་འཆམ་པོ་དང་ཡག་པོ་བྱས་ནས་སྡོད་ཐུབ་ཚེ་ང་ཚོས་རྒྱ་ནག་གི་ནང་པ་ཚོར་ཞབས་འདེགས་སྒྲུབ་ཐུབ་ཀྱི་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་རྟེན་འབྲེལ་བསྟོད་པའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད་པ་བཅས། 

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།