༄༅། །བཀུར་འོས་དཔལ་ལྡན་ཨ་སམ་མངའ་སྡེའི་བློན་ཆེན་སྐུ་ཞབས་སོ་ནོ་ཝཱལ་མཆོག་ལ།
དེ་ཡང་ཨ་སམ་སོགས་རྒྱ་གར་གྱི་ས་ཁུལ་དུ་མར་ཆར་ཆུའི་འཇིགས་པས་ལོ་ལྟར་ཆར་དུས་སྐབས་སྐྱེ་འགྲོ་མང་པོར་གནོད་སྐྱོན་ཆེན་པོ་ཐེབས་མུས་ཐོག འདི་ལོར་ནད་ཡམས་ཀྱི་རྐྱེན་པས་དཀའ་ངལ་འཕར་མ་འཕྲད་པར་བརྟེན། འདི་ནས་ཨ་སམ་མངའ་སྡེའི་ས་ཕྱོགས་མང་པོར་ཆུ་ལོག་གི་རྐྱེན་གྱིས་ཚེ་སྲོག་ཤོར་བ་དང་ཁང་ཁྱིམ་ཧ་ཅང་མང་པོར་གོད་ཆག་ཐེབས་པ་སོགས་དཀའ་སྡུག་ཚད་མེད་འཕྲད་པར་གདུང་སེམས་མཉམ་བསྐྱེད་ཞུ།
མངའ་སྡེའི་གཞུང་གིས་ཐབས་ཤེས་གང་ཡོད་ཀྱིས་དཀའ་ངལ་སེལ་ཐབས་གནང་བཞིན་པ་དང་། ངལ་སེལ་མཐུན་རྐྱེན་སྐྲུན་བཞིན་པ་ལ་ཡི་རངས་བསྔགས་བརྗོད་ཡོད། ངོས་ཀྱིས་ཨ་སམ་མི་མང་ལ་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་ཏཱ་ལའི་བླ་མའི་དགེ་རྩ་བརྒྱུད་ངལ་སེལ་དང་མྱུར་སྐྱོབ་ཆེད་ཞལ་འདེབས་མི་ཉུང་བ་ཞིག་འབུལ་གྱི་ཡོད།
སྐུ་ཉིད་བརྒྱུད་ཆུ་ལོག་གི་རྐྱེན་པས་ཚེ་སྲོག་ཤོར་བ་རྣམས་ཀྱི་ཤུལ་ལུས་ནང་མི་རྣམས་ལ་བཅོས་མིན་སེམས་གསོ་དང་། སྐྱབས་སྨོན་བཅས། ཏཱ་ལའི་བླ་མས། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༦ ལ།།