༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

དྲ་ལམ་བརྒྱུད་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་པ། ༢༠༢༠ ཟླ་བ་ ༥ ཚེས་ ༡༧

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༥ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོ་ལའི་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་གནས་འཁོད་དད་ལྡན་མང་ཚོགས་སྤྱི་སྒེར་དུ་མས་ཡང་ཡང་ཇི་ལྟར་གསོལ་བ་བཏབ་དོན་ལྟར་བཞུགས་སྒར་ཕོ་བྲང་དུ་དྲ་ལམ་ཐད་གཏོང་བརྒྱུད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོ་དང་བཞི་པ་གཉིས་ཀྱི་བཀའ་འཁྲིད་དང་འབྲེལ་ད་ལྟའི་དུས་འདིར་རྐྱེན་ངན་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན་གནང་སྒོ་ལེགས་པར་གྲུབ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་༨།༠༠ ཙམ་ལ་གཟིམ་ཆུང་ནས་ཕོ་བྲང་གི་གསུང་ཆོས་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་བཀའ་ཁྲིད་དབུ་འཛུགས་ཀྱིས་བཀའ་སློབ་སྩལ་དོན། དེ་རིང་ཉི་མ་གསར་པ་འདིར་ངོས་ཀྱི་གྲོགས་པོ་དང་ལྷག་པར་ཆོས་གྲོགས་ཚོར་སྔ་དྲོ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཁ་སང་ཞུས་པ་ནང་བཞིན་རེད། ང་ཚོ་ཚང་མས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། སྤྱིར་འཛམ་བུ་གླིང་འདིར་དུད་འགྲོ་ཚོར་ཡང་ཆགས་སྡང་གི་ཐོག་ནས་རྙོག་གྲ་ཡོང་གི་ཡོད་ཀྱང་། ང་ཚོ་མིའི་རྣམ་དཔྱོད་འདིས་ཆགས་སྡང་ལ་ཞབས་འདེགས་བསྒྲུབས་ནས་མི་ཁྲི་ཕྲག་འབུམ་ཕྲག་གི་སྲོག་འགྲོ་བ་དང་དཀའ་ངལ་འཕྲད་པའི་རིགས་བཟོ་བཞིན་ཡོད། རང་ཉིད་སེམས་མི་བདེ་བའི་དབང་གིས་ནང་ཁུལ་རྙོག་གྲ་ཡོང་བ་ཙམ་དུ་མ་ཟད། འཛམ་གླིང་འདིའི་སྟེང་གི་སྲོག་ཆགས་གྲངས་ཀྱིས་མི་ལངས་པ་མང་པོ་ཞིག་ལ་མིས་བརྡབ་གསིག་གཏང་རྒྱུ་སོགས་མང་པོ་ཞིག་འདུག དེར་བརྟེན། རིམ་པ་དང་པོ་དེར་མི་རང་ཉིད་ཀྱིས་ཁ་གཅིག་གྲག་བྱས་ནས་ཞི་བདེ་ཞེས་ཟེར་གྱི་ཡོད་པ་རེད། དངོས་འབྲེལ་ཞི་བདེ་དངོས་མ་ཡོང་བར་གཙོ་བོ་མི་ལ་ཐུག་འདུག འཛམ་གླིང་འདིའི་སྟེང་སྔར་ལོ་རྒྱུས་ཐོག་འཁྲུག་པ་བརྒྱག་རྒྱུ་ལྟ་བུ་ཧ་ཅང་མང་པོ་ཡོང་གི་ཡོད། དམག་ཆེན་གཉིས་པ་བར་དུ་འཁྲུག་པ་བརྒྱག་རྒྱུ་ཧ་ཅང་མང་པོ་ཡོང་བ་དང་། ད་ལྟ་ཡིན་ནའང་འཁྲུག་པ་རྒྱག་བཞིན་ཡོད་པ་འདི་དག་ང་ཚོ་དང་ཁྱོད་ཚོ་ཞེས་པའི་རྐྱེན་གྱིས་ཡོང་བཞིན་ཡོད་པ་ཞིག་དང་། ལོ་རྒྱུས་ནང་ཆ་བཞག་པ་ཡིན་ནའང་རྒྱལ་པོ་ཚོས་སོ་སོའི་མངའ་ཐང་སོགས་སྐྱོབ་པའི་དོན་དུ་འཁྲུག་པ་བརྒྱབ་པ་ཞིག་ཡོང་བཞིན་འདུག  ངོས་ཀྱིས་སྐབས་རེར་དམག་འཁྲུག་ནི་ཞིང་བྲན་ལམ་ལུགས་དང་འབྲེལ་བ་འདུག ཅེས་འདི་ལྟར་ཤོད་ཀྱི་ཡོད། ཞིང་བྲན་ལམ་ལུགས་བྱས་ནས་མི་གཅིག་གིས་དབང་ཆ་ཆ་ཚང་བཟུང་ནས་ཁོ་རང་གི་སྡེ་ལྟ་བུ་བཟུང་བའི་ཐོག་ནས་ཡོང་བ་ཞིག་རེད།

དེང་སྐབས་ཀྱི་འཛམ་གླིང་འདི་བསམ་བློ་ཆེ་ས་ནས་བཏང་ཡོང་དུས་མི་སྤྱི་ལ་བསམ་བློ་གཏོང་རྒྱུ་དང་། གཞི་རྩའི་འཛམ་གླིང་འདིའི་སྟེང་འགྱུར་བ་མང་པོ་བྱུང་ཡོད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་རྒྱལ་ཁབ་སོ་སོའི་སྐད་ཆ་མིན་པར་འཛམ་གླིང་སྤྱིའི་རྒྱལ་ཚོགས་ཤིག་བཙུགས་ཡོད། ཡུ་རོབ་ལ་ཆ་བཞག་ན་འཁྲུག་པ་མང་ཤོས་བརྒྱབ་ཡོད་ཀྱང་ཡོ་རུབ་སྤྱི་མཐུན་གྱི་ཚོགས་པ་ཞིག་བཙུགས་པའི་རྐྱེན་གྱིས་ཞི་བདེ་ཡོང་བར་ཧ་ཅང་ཕན་ཐོགས་བྱུང་ཡོད། ངོས་ཀྱིས་རྟག་པར་རྗོད་བཞིན་ཡོད། གལ་སྲིད་ཡུ་རོབ་མཉམ་འབྲེལ་བཙུགས་མེད་ན་འདས་པའི་ལོ་བཅུ་ཕྲག་འགའ་ཤས་རིང་ཏན་ཏན་འཁྲུག་པ་རྒྱག་སྲིད་ཀྱི་རེད། ཡུ་རོབ་མཉམ་འབྲེལ་བཙུགས་པར་བརྟེན་དེ་གའི་ཚོགས་མི་ཡིན་པའི་རྒྱལ་ཁབ་ཁག་གིས་འཁྲུག་པ་ཁྱོན་ནས་རྒྱག་གི་མེད། མི་གསོད་རེས་བཏང་མེད། དེར་བརྟེན། འདི་དཔེ་མཚོན་རྒྱུ་ཞིག་རེད་འདུག དེ་བཞིན་རྒྱ་གར་ལ་དཔེ་བལྟས་པ་ཡིན་ན། རྒྱ་གར་ལ་རྒྱལ་ཕྲན་ཧ་ཅང་མང་པོ་འདུག འོན་ཀྱང་། རྒྱ་གར་སྤྱི་མཐུན་གྱི་རྒྱལ་ཁབ་བཙུགས་ནས་རྒྱལ་ཕྲན་དེ་དག་སོ་སོ་ཆུང་ཆུང་བཞག་པ་མ་གཏོགས་སྤྱི་ལ་ཇུས་གཏོགས་གང་ཡང་མེད་པར་དེ་ལྟར་འགྲོ་བཞིན་འདུག མཉམ་འབྲེལ་དང་སྤྱི་མཐུན་བྱ་རྒྱུ་འདི་ལ་ཁྱད་པར་ཆེན་པོ་འདུག ད་ལྟ་ཆ་བཞག་ན་འཛམ་གླིང་རྒྱལ་ཚོགས་ཀྱིས་འཛམ་གླིང་འདིའི་སྟེང་མིར་དཀའ་ངལ་འཕྲད་བཞིན་པ་བཙན་བྱོལ་བ་ལྟ་བུར་གང་ཐུབ་ཕན་ཐོགས་དང་དོ་སྣང་བྱེད་བཞིན་འདུག ཧ་ཅང་རྩ་ཆེན་པོ་རེད་འདུག འདི་དཔེ་མཚོན་རེད། ང་ཚོས་སྤྱི་ལ་བསམ་བློ་གཏོང་དགོས།

ཁ་སང་ཞུས་པ་ནང་བཞིན་རེད། འཛམ་གླིང་འདིའི་སྟེང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཚང་མ་གླིང་གཅིག་གི་སྟེང་གནས་ཡོད། ང་ཚོ་ཚང་མ་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་བྱེད་དགོས་པ་ཞིག་ཆགས་འདུག དེར་བརྟེན། མི་གཅིག་གྱུར་གྱི་འདུ་ཤེས་བཞག་ནས་མི་ཀུན་ལ་ཕན་པ་དང་བདེ་བ་ཡོང་བ་དང་། ང་དང་ཁྱོད། ང་ཚོ་དང་ཁྱོད་ཚོ་ཟེར་བའི་དུས་ཚོད་རྫོགས་པའི་སྐད་ཆ་རེད། ཁྱིམ་ཚང་གཅིག་ལ་ཆ་བཞག་ནའང་ས་གནས་དེ་གར་ཇི་ཙམ་འཆམ་པ་དང་མཐུན་པ་བྱུང་ན་ཕན་གྱི་འདུག དཔེར་ན། ཁྱིམ་ཚང་ཞིག་ལ་ཇི་ཙམ་རོགས་པ་དང་བློས་འཁེལ་བའི་གྲོགས་པོ་མང་བ་ཡོད་ན་སེམས་ནང་ལ་རང་བཞིན་གྱིས་དཀའ་ངལ་འཕྲད་ན་ལབ་ས་ཡོད་སྙམ་པ་ཞིག་ཡོང་བཞིན་ཡོད། དེར་བརྟེན། སྤྱི་སེམས་འཁྱེར་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེང་སང་ང་ཚོ་ཞེས་ཁ་ཐུག་དེ་ལ་ང་དང་དེ་ནས་ང་ཚོའི་ཚོགས་པ་ང་ཚོའི་སྤྱི་ཚོགས། ང་ཚོའི་རྒྱལ་ཁབ་ཟེར་བའི་སྔ་མོའི་བག་ཆགས་དེ་ཤུགས་ཆེན་པོ་འདུག དེ་ལ་ང་ཚོ་མི་ཡི་ཁྱིམ་ཚང་གཅིག་གྱུར་ཡིན་པའི་འདུ་ཤེས་དེ་ཧ་ཅང་གལ་ཆེན་པོར་མཐོང་གི་འདུག 

ཆོས་བརྒྱུད་ཁག་གི་བསླབ་བྱ་ལ་མི་གཅིག་གྱུར་བཤད་པ་མ་གཏོགས་མི་ལ་དབྱེ་འབྱེད་གཏོང་གི་མི་འདུག ནང་པ་སངས་རྒྱས་པའི་ཆོས་ལ་ཆ་བཞག་ན་ནམ་མཁའི་མཐའ་དང་མཉམ་དུ་སེམས་ཅན་ཐམས་ཅད་ཅེས་བཤད་བཞིན་ཡོད། དེ་ཚོའི་གྲས་དངོས་ཡོད་གནས་ཚུལ་ལ་ཕན་ཐོགས་ཡོད་པ་ཞིག་རེད། ཁ་སང་རོབ་ཙམ་ཞུས་པ་ལྟར། མི་གཅིག་གྱུར་ཡིན་པའི་འདུ་ཤེས་བཟུང་ནས་སྤྱི་སེམས་འཛིན་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཆོས་བརྒྱུད་ཁག་ལ་ཆ་བཞག་ནའང་མིའི་ཆོས་ལུགས་ཆགས་ཡོད་པ་རེད།  མིའི་བྱམས་བརྩེ་གོང་མཐོར་སྤེལ་བཞིན་ཡོད་པས་མི་ལ་ཕན་གྱི་ཡོད་པ་རེད། ལྟ་གྲུབ་འདྲ་མིན་ནི་ཟས་ནང་བཞིན་རེད། དཔེར་ན། ཟ་ཁང་ཞིག་གི་ནང་དུ་ཟ་མ་སྣ་གཅིག་རྐྱང་བ་བཏང་བ་ཡིན་ན་གང་འཚམ་ཞིག་ནས་ཟ་ཁང་དེའི་ནང་དུ་མི་ཡོང་མཁན་ཡོད་པ་མ་རེད། ཟས་རིགས་སྣ་ཚོགས་ཡོད་ཚེ་བྲོ་བ་མི་འདྲ་བ་ལ་དགའ་མོས་བྱས་ཏེ་ཡོང་གི་རེད། དེ་ནང་བཞིན་ཆོས་ཕྱོགས་ཀྱི་ཐོག་ནས་ལྟ་གྲུབ་དེའང་འདྲ་མིན་ཡོད་པ་ཡིན་ན་མི་མང་པོ་ལ་དོ་སྣང་སླེབས་པ་དང་། རྣམ་དཔྱོད་སླེབས་པར་ཕན་གྱི་རེད། གཅིག་རྐྱང་པ་སྐོར་བ་བརྒྱབ་ནས་བསྡད་ཚེ་གང་འཚམ་ཞིག་ནས་གྲི་དང་འདྲ་ན་རྣོ་མེད་པ་ལྟ་བུ་ཡོང་རྒྱུ་རེད། དེར་བརྟེན། ཆོས་བརྒྱུད་མང་པོ་ཡོད་པ་དེས་མི་ལ་ཕན་གྱི་འདུག་བསམ་གྱི་འདུག གལ་ཆེ་ཤོས་ནི་ཆོས་བརྒྱུད་ཚང་མའི་བསླབ་བྱ་གཅིག་གྱུར་ཡིན་པ་དེ་ལ་ང་ཚོས་བསམ་བློ་གཏོང་དགོས་པ་རེད། ལོ་རྒྱུས་ཀྱི་ནང་དུ་ཆོས་ལུགས་ཕན་ཚུན་འཁྲུག་པ་རྒྱག་པ་དང་གསོད་རེས་བཏང་བ་ཡོང་གི་ཡོད་པ་རེད། ཡིན་ནའང་། དེ་ཚོ་གཙོ་བོ་ཆབ་སྲིད་དང་འབྲེལ་ནས་ཡོང་གི་ཡོད་པ་རེད། ཆོས་བརྒྱུད་དེ་ལ་འབྲེལ་བ་ཡོད་པའི་རྒྱལ་པོ་ཚོས་བེད་སྤྱོད་བཏང་བ་ལྟ་བུ་འདུག ད་ལྟ་ང་ཚོ་དུས་རབས་གསར་པ་ཞིག་གི་ནང་དུ་སླེབས་ཡོད་པས་མི་གཅིག་གྱུར་གྱི་འདུ་ཤེས་མ་རྩ་ལ་བཞག་པའི་ཐོག་ནས་ཆོས་ལུགས་ཚང་མའང་མིའི་ཆོས་ལུགས་དང་མི་ལ་ཕན་གྱི་ཡོད་པས་ཆོས་ལུགས་མཐུན་འབྲེལ་བྱེད་དགོས་པ་ཁ་སང་ཞུས་པ་ལྟར་ཡིན། 

དེ་རིང་འདིར་ནང་ཆོས་ངོ་སྤྲོད་ལྟ་བུར་ཞུ་རྒྱུ་ནི། བསོད་ནམས་མིན་པ་དང་པོར་ཟློག། བར་དུ་བདག་ནི་ཟློག་པར་བྱེད།།མཐའ་མར་ལྟ་ཞིག་ཀུན་ཟློག་པ།། གང་གིས་ཤེས་ཏེ་མཁས་པ་ཡིན།། ཞེས་པའི་བསོད་ནམས་མིན་པ་དང་པོར་ཟློག་ཅེས་པ་ནི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོའི་ནང་གི་མངོན་མཐོ་སྒྲུབ་པའི་ཆོས་བཅུ་དྲུག་གསུངས་ཟིན་པ་དེ་རེད། འདི་ཡིས་འཕྲལ་གྱི་མི་ཚེ་འདི་རང་ཡང་སྐྱིད་པ་ཞིག་དང་། མི་ཚང་ཕན་ཚུན་ལ་མགོ་སྐོར་གཡོ་སྒྱུ་མ་བྱས་པར་འཆམ་པོ་བྱེད་པ་དང་ཕན་སེམས་བྱས་ནས་ཡོང་བས་མངོན་མཐོའི་བདེ་བ་དེ་ལྟར་ཡོང་གི་ཡོད། དེའི་ཐོག་ལ་རང་བཞིན་གྱིས་མིའི་སེམས་བཟང་པོ་ཡོད་པ་དང་། རྣམ་དཔྱོད་ཀྱིས་ཕུགས་རྒྱང་རིང་པོར་བལྟས་ནས་བསམ་བློ་གཏོང་རྒྱུ་ཡོད་པ་དེ་གྲས་ནི་ར་བཟི་ན་དེ་ལྟ་བུའི་བསམ་བློ་འཁོར་མ་ཐུབ་པ་ཡོང་གི་ཡོད་པ་རེད། དེར་བརྟེན། ཆང་མི་འཐུང་བ་ཞེས་གསུངས་པ་དེ་རེད། སྔོན་མ་ངོས་ཀྱི་ཡོངས་འཛིན་རྣམ་གཉིས་བཞུགས་པའི་སྐབས་སུ་གླིང་རིན་པོ་ཆེས་ངོས་ལ་ལོ་རྒྱུས་ཤིག་གསུངས་མྱོང་། ཉིན་གཅིག་རྡ་རམ་ས་ལར་སྡོད་མཁན་གྱི་སྟོད་པའི་སྤོ་ལགས་ཤིག་ལ་དགེ་བསྙེན་སྒྲུབ་སྐབས་ཆང་འཐུང་རྒྱུ་ཡོད་པ་མ་རེད་ཅེས་གསུངས་འདུག སྤོ་ལགས་དེས་ངས་ཆང་ཁྱོན་ནས་འཇོག་ཐུབ་ཀྱི་མི་འདུག་ཅེས་ཞུ་བཞིན་འདུག་གསུངས་སོང་། ཡོང་འཛིན་རིན་པོ་ཆེས་དེས་ན་ཁྱད་པར་ཡོད་པ་མ་རེད། ཉུང་ཙམ་ཉུང་ཙམ་འཐུང་། མང་པོ་མ་འཐུང་གསུངས་པ་ཡིན་ཟེར། དེ་བདེན་པ་རེད། 

འཛམ་གླིང་འདིར་ཆང་དང་ཨ་རག་དར་སྲོལ་ཆེན་པོ་ཡོད་པ་རེད། ཉུང་ཙམ་ཉུང་ཙམ་འཐུང་། ཚོད་མ་ཟིན་པར་སོ་སོ་རྣལ་དུ་མ་གནས་པ་བྱེད་བཞིན་པ་ཉུང་དུ་ཐོངས། བསོད་ནམས་མིན་པ་དང་པོར་ཟློག་ཅེས་པ་དེ་རེད། ཅེས་སོགས་ཐ་སྙད་པའི་དབང་གིས་བདག་ཡོད་ཀྱང་དེ་བློ་ལ་ཨ་འཐས་ཀྱི་འཛིན་པ་དམ་པོར་སྐྱེས་པའི་གཞི་མེད་པ་དང་། ལམ་སེང་སྟོང་ཉིད་ཕྲ་མོའི་སྟེང་ལ་བསམ་བློ་གཏོང་མ་ཐུབ་ཚེ་གང་ཟག་གི་བདག་མེད་རགས་པ་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཅེས་གང་ཟག་དང་ང་ཅེས་པ་ཕུང་པོ་ལ་དབང་བསྒྱུར་མཁན་ཞིག་བློ་ལ་ཤར་སྡོད་པ་དེ་མེད་པ་དང་། ཟབ་ཏུ་ཕྱིན་པ་ཡིན་ན་ཆོས་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་ཞེས་བཤད་ཡོང་དུས་ཆགས་སྡང་སླེབས་པའི་གང་ཟག་ང་ཞེས་པ་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པ་དང་། ཚད་རྡུལ་དངོས་ཁམས་རིག་པའི་ཐོག་ནས་དེ་ཤོད་བཞིན་ཡོད་པ་དང་། བདག་མེད་པའི་ལྟ་བ་ནི་ཆགས་སྡང་མེད་པར་གཏོང་བར་གནད་ཆེ་བ་སོགས་ཆོས་འབྲེལ་བཀའ་སློབ་སྩལ་རྗེས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་ཆོས་དོན་གཉེར་བ་རྣམས་ལ་དམིགས་བསལ་ལམ་སྟོན་སྩལ་བ་བཅས་བཀའ་སློབ་རིམ་པར་གནང་རྗེས།  

དེ་རིང་ཞུ་འདོད་པ་གཅིག་ནི་ནད་ཡམས་ཤིག་གིས་འཛམ་བུ་གླིང་གང་སར་ཛ་དྲག་ཅིག་ཆགས་འདུག དེ་ཚོའི་ཐོག་ལ་ད་ལྟའི་བར་དུ་ཚན་རིག་མཁས་དབང་དང་། དེ་བཞིན་ཁ་ཡོད་ལག་ཡོད་ཀྱིས་ནད་པ་ལ་ལྟ་རྟོག་བྱེད་མཁན་གྱི་སྨན་པ་ཁག་དང་།  ནད་གཡོག་སོགས་ཁ་ཤས་ཀྱིས་སོ་སོའི་སྲོག་ཤོར་བའང་བྱུང་བ་རེད། རྗེས་སུ་ཡི་རང་ཡོད། འཛམ་བུ་གླིང་འདིའི་སྒང་ལ་དམིགས་བསལ་གྱིས་ནད་ཡམས་ཤིག་སླེབས་བསྡད་པ་དེ་ལ་ཚང་མས་ཁུར་ལེན་གྱི་ཡོད་པ་རེད་ལ། ལྷག་པར་དུ་ཡང་སྨན་པ་དང་སྨན་གཡོག་ཚོས་ཧུར་ཐག་འབད་ཐག་གནང་བ་དེར་རྗེས་སུ་ཡི་རང་ཞུ་གི་ཡོད། ཐུགས་རྗེ་ཆེ་ཞེས་ཞུ་གི་ཡིན། 
དེ་ལྟ་བུའི་ཛ་དྲག་གི་གནས་ཚུལ་ཡོང་བའི་སྐབས་སུ་ཡིད་ཞུམ་བྱས་ནས་འཁུམ་བསྡད་ན་ཕན་གྱི་མེད་པར་གང་ལྟར་མིའི་དཀའ་ངལ་ཞིག་ཆགས་ཡོད་པས་དཀའ་ངལ་དེ་མིས་མ་སེལ་ན་སུས་སེལ། ཆོས་ཀྱི་ཐོག་ནས་སྨོན་ལམ་བརྒྱབ་པ་གཅིག་པུས་ཀྱང་ལྡང་གི་མེད། དེར་བརྟེན། ང་རང་ཚོ་སོ་སོའི་སེམས་ལ་སྤོབས་པ་ཡོད་པ་དང་། ལྷག་བསམ་གྱི་སྙིང་སྟོབས་བསྐྱེད་ནས་ད་ལྟའི་བར་དུ་གདོང་ལེན་གནང་བ་རེད་ལ་མུ་མཐུད་གནང་རོགས་ཞུ་རྒྱུ་ཡིན། 

ད་ལྟ་རྒྱ་གར་ལའང་ནད་ཡམས་དེ་གང་འཚམ་ཡོང་བཞིན་ཡོད་པས་ང་ཚོའི་ཆོས་སྡེ་ཁག་དང་། དེ་བཞིན་དགོན་པ་ཆེ་ཆུང་སོགས་མི་མང་འདུ་འཛོམས་ཡོད་ས་ཚང་མས་ནད་ཡམས་ཀྱི་ཆེད་དུ་དམིགས་ནས་སྨན་བླའི་གཟུངས་སྔགས་བགྲང་རྒྱུ་ལྟ་བུ་དང་། སྒྲོལ་མའི་གཟུངས་སྔགས་བསགས་པ་སོགས་མང་པོ་བྱེད་བཞིན་ཡོད་པ་རེད། དེར་བརྟེན། དེ་རིང་འདིར་དེ་དག་གི་ལུང་ཞིག་བྱེད་རོགས་ཞེས་ངོས་ཀྱི་ངོ་ཤེས་པ་དེ་འདྲ་བཤད་མཁན་བྱུང་། ཞེས་བཀའ་ཕེབས་རྗེས།   ཐུབ་པའི་མཚན་སྔགས་དང་། སྨན་བླའི་གཟུངས་སྔགས། མ་ཎི་ཡིག་དྲུག དམིགས་བརྩེ་མ། བཛྲ་གུ་རུ། སྒྲོལ་མའི་གཟུངས་སྔགས། བཅས་ཀྱི་ལུང་གནང་སྟེ་ཉིན་གཉིས་རིང་གི་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།