༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

དྲ་ལམ་བརྒྱུད་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་དབུ་འཛུགས་མཛད་པ། ༢༠༢༠ ཟླ་བ་ ༥ ཚེས་ ༡༦

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༥ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོ་ལའི་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་གནས་འཁོད་དད་ལྡན་མང་ཚོགས་སྤྱི་སྒེར་དུ་མས་ཡང་ཡང་ཇི་ལྟར་གསོལ་བ་བཏབ་དོན་ལྟར་བཞུགས་སྒར་ཕོ་བྲང་དུ་དྲྭ་ལམ་ཐད་གཏོང་བརྒྱུད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོ་དང་བཞི་པ་གཉིས་ཀྱི་བཀའ་འཁྲིད་དང་འབྲེལ་ད་ལྟའི་དུས་འདིར་རྐྱེན་ངན་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན་དབུ་འཛུགས་ཡོད།

དེ་ཡང་སྔ་དྲོ་ཆུ་ཚོད་༧།༤༥ ཙམ་ལ་གཟིམ་ཆུང་ནས་ཕོ་བྲང་གི་གསུང་ཆོས་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་དྲ་ལམ་བརྒྱུད་གསུང་ཆོས་དབུ་འཛུགས་ཀྱིས་མགོན་པོ་གང་ཉིད་མཆོག་གི་འགན་ཁུར་བཞིའི་སྐོར་ནས་བརྩམས་ཏེ་བཀའ་སློབ་སྩལ་དོན།  ངོ་ཤེས་མང་པོ་ཞིག་དང་ངོ་མ་ཤེས་ཀྱང་དོ་སྣང་བྱེད་མཁན་མི་ཧ་ཅང་མང་པོ་ཞིག་འདུག  ཁོང་ཚོ་དང་དུས་དུས་ལ་ཐུག་ནས་བགྲོ་གླེང་སོགས་བྱེད་ཀྱི་ཡོད། བར་ལམ་ནད་ཡམས་འདིས་རྐྱེན་པས་མི་ལ་ཐུག་རྒྱུར་དམ་བསྒྲགས་ཟེར་དགོས་སམ་དཀའ་ངལ་འཕྲད་པ་རེད། དེར་བརྟེན། དེ་རིང་འདིར་དོན་གཉེར་ཅན་མང་པོ་ཞིག་གིས་དྲ་རྒྱའི་ཐོག་ནས་ངོས་ཀྱི་བསམ་ཚུལ་ཡོད་པ་དེའི་ཐོག་གཏམ་བཤད་བྱ་རྒྱུ་བྱུང་ན་ཞེས་རེ་འདུན་བྱུང་སོང་། ཧ་ཅང་ཡག་པོ་འདུག   

དེ་རིང་འདིར་འཆད་པར་བྱ་བའི་གཞུང་ནི་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་རེད། མགོན་པོ་ཀླུ་སྒྲུབ་ཞུ་བ་ནི་ལོ་རྒྱུས་ཁྲོད་རྩ་ཆེན་པོ་རེད་ཅེས་ཞུ་བ་ཙམ་མིན། ཁོང་རང་ཉིད་ཀྱིས་དངོས་སུ་བྲིས་པའི་དབུ་མ་རིག་ཚོགས་དྲུག་ལ་སོགས་པར་ད་ལྟ་ང་ཚོས་སློབ་སྦྱོང་བྱེད་ས་ཡོད་པ་ཞིག་དང་། གཞུང་དེ་དག་ཐོག་ལ་རྒྱ་གར་མཁས་པ་མང་པོས་འགྲེལ་པ་བརྩམས་པའི་གཞུང་ཧ་ཅང་སྤུས་དག་པོ་དབུ་མ་རིན་ཆེན་ཕྲེང་བ་ཞེས་པ་དེ་རིང་དོན་ཚན་གཉིས་སུ་ཕྱེ་ནས་དེ་རིང་མངོན་མཐོ་སྒྲུབ་པའི་ཆོས་བཅུ་དྲུག་བཤད་རྒྱུ་བྱེད། སང་ཉིན་རིན་ཆེན་ཕྲེང་བའི་མཇུག་དེར། བྱང་ཆུབ་སེམས་བྱུང་གི་སྐོར་ལ། བདག་ལ་དེ་དག་སྡིག་སྨིན་ཅིང༌།། བདག་དགེ་མ་ལུས་དེར་སྨིན་ཤོག། ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང༌།། གང་དུ་མ་གྲོལ་དེ་སྲིད་དུ།། དེ་ཕྱིར་བླ་ན་མེད་པ་ཡི།། བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག། ཅེས་བྱང་ཆུབ་སེམས་ཉམས་ལེན་བྱེད་སྟངས་སྐོར་གསུང་ཡོད་པ་རེད། དེ་རིང་མངོན་མཐོ་སྒྲུབ་པའི་ཚུལ་དེ་དག་དང་། སང་ཉིན་བྱང་ཆུབ་ཀྱི་སེམས་ཀྱི་སྐོར་བཤད་ན་བསམ་བྱུང་། 

སྔོན་ལ་ངོས་ཀྱི་གྲོགས་པོ་ཚོ་ཚང་མར་བཤད་རྒྱུར། ང་ཚོ་སྲོག་ཆགས་འབུ་སྲིན་ཚུན་ཆད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད།  ད་ལྟ་འཛམ་བུ་གླིང་འདིར་མི་གྲངས་དུང་ཕྱུར་བདུན་ཅུ་ལྷག་ཙམ་ཡོད་པ་འདི་དག་གིས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ལ་རྒྱུ་མཚན་དྲངས་དགོས་པ་མི་འདུག་པར་ཚང་མ་དེ་ལྟར་རེད། གནད་འགག་ནི་མི་འདོད་པའི་སྡུག་བསྔལ་དང་འདོད་པའི་བདེ་སྐྱིད་ཟེར་བ་ལུས་ཚོར་བདེ་སྡུག་ལ་གཙོ་བོར་བརྟེན་པ་གཅིག་དང་། སེམས་ཚོར་གྱི་བདེ་སྡུག་གཉིས་འདུག དེང་གི་འཛམ་གླིང་འདི་དངོས་པོ་ཡར་རྒྱས་ཕྱིན་ཡོད་པ་དངོས་གཙོ་སྨྲ་བས་བརྗོད་བཞིན་པ་རེད། གང་ལྟར་ཕྱི་དངོས་པོ་ཡར་རྒྱས་རྐྱང་རྐྱང་ལ་བསམ་བློ་བཏང་ནས་ལུས་ཀྱི་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་ཐབས་རྐྱང་བ་རེད། དངོས་ཡོད་གནས་ཚུལ་ལ་དེང་གི་དུས་འདིར་དེ་ཡིས་ལྡེང་གི་མི་འདུག དངོས་པོའི་མཐུན་རྐྱེན་ཆ་ཚང་ཡོད་པ་དང་གཏམ་སྙན་གྲགས་ཡོད་མཁན། དེང་དུས་ཀྱི་ཤེས་ཡོན་ཡོད་མཁས་གྲས་ནས་སེམས་ཧ་ཅང་མ་སྐྱིད་པར་སྡོད་མཁན་ཡོང་གི་འདུག དེར་བརྟེན། དུས་རབས་ཉེར་གཅིག་པ་འདིའི་ནང་དངོས་པོ་ཡར་རྒྱས་དེ་དག་གིས་ལུས་པོའི་སྡུག་བསྔལ་སེལ་བ་དང་། བདེ་སྐྱིད་སྒྲུབ་པ་ཞིག་དགོས་ཀྱི་ཡོད། དེ་གཅིག་པུས་ལྡེང་གི་མེད་པས་བསམ་བློའི་ནང་བདེ་སྡུག་གི་སྟོབས་ལ་དོ་སྣང་གསར་པ་བྱེད་དགོས། དེ་ཆོས་ཁས་ལེན་མིན་གྱི་སྐད་ཆ་མིན་པར་སེམས་འཁྲུགས་ནས་རེ་དོགས་སོགས་ཀྱིས་མ་སྐྱིད་པ་བྱེད་པ་དེ་ལ་ཚོང་ཁང་ནས་སེམས་ཀྱི་བདེ་སྐྱིད་ཉོ་ས་ཡོད་པ་མ་རེད། བཟོ་གྲྭ་ནས་འདོན་རྒྱུ་ཡོད་པ་མ་རེད། གང་ལྟར་ང་རང་ཚོས་བསམ་བློ་བཏང་ནས་སེམས་ཀྱི་སྡུག་བསྔལ་ཉུང་དུ་གཏོང་རྒྱུ་དང་། ཞི་བདེ་བ་མང་དུ་གཏོང་རྒྱུ་མ་གཏོགས་ཕྱི་དངོས་པོ་གཅིག་པུའི་ཐོག་ནས་སེམས་ཀྱི་བདེ་སྐྱིད་ཡོང་ཐབས་མི་འདུག དེ་དངོས་ཡོད་གནས་ཚུལ་རེད། དེར་བརྟེན། ངོས་ཀྱིས་ནམ་རྒྱུན་རྗོད་བཞིན་ཡོད། 

རིམ་པ་དང་པོ་དེ་ངོས་རང་མི་ཞིག་རེད། འཛམ་གླིང་འདིའི་སྒང་གི་མི་གྲངས་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་རྣམས་ཀྱིས་སེམས་ཀྱི་བདེ་སྐྱིད་ཐོག་ལ་ཏོག་ཙམ་དོ་སྣང་བྱེད་ཐུབ་ན། དེང་སང་ཚན་རིག་པ་ཡིན་ནང་སེམས་ཀྱི་ཐོག་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག སེམས་ཀྱི་འགྲོ་སྟངས་ནི་ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་རྒྱ་གར་གྱི་རིག་གཞུང་ལས་སེམས་ཁམས་རིག་པའི་སྐོར་དེ་ཞིབ་ཚགས་ཤོས་ཡོད་པ་ཞིག་ཕལ་ཆེར་རེད། རྒྱ་གར་ལ་ལོ་སྟོང་ཕྲག་གསུམ་གྱི་མཚམས་ནས་སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་གསར་པ་ཞིག་བྱུང་ནས་མུ་མཐུད་ཡར་རྒྱས་ལ་ཕྱིན་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ནང་པའི་ཆོས་ཀྱང་དེ་ལྟར་ཡོང་བ་ཞིག་རེད། 

རྒྱ་གར་གྱི་འཚེ་བ་མེད་པའི་རྩ་བ་ཐུག་ས་བྱམས་བརྩེ་ལ་ཐུག་ཡོད་པ་ལོ་ངོ་སུམ་སྟོང་གོང་ཙམ་ནས་སྐད་ཆ་དེ་སླེབས་ཡོད། དེ་ཙམ་དུ་མ་ཟད་པའི་སེམས་རྩེ་གཅིག་པའི་ཞི་གནས་དང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་བྱེད་རྒྱུའི་ལྷག་མཐོང་ངམ། དཔྱད་སྒོམ་བྱ་རྒྱུ་དེ་རྒྱ་གར་ནང་སྔ་མོ་ནས་ཡོད་པ་ཞིག་རེད། དེང་སྐབས་རིག་གནས་དེ་དག་ཆོས་ཕྱོགས་ཀྱི་ཁུངས་སུ་མ་བཞག་པར་ཚུར་བླངས་ནས་སེམས་ཁམས་རིག་པའི་ཐོག་ནས་སེམས་སྐྱིད་པ་བྱེད་པ་དང་། དེར་གཉེན་པོ་ཇི་ལྟར་བསྟེན་དགོས་པ་ནི་སྐྱེ་བ་ཕྱི་མའི་སྐད་ཆ་དང་དཀོན་མཆོག་ལྟ་བུ་བཤད་ཀྱི་མེད། དངོས་ཡོད་གནས་ཚུལ་ལ་སེམས་ཞི་བདེ་ཡོང་བའི་ཐོག་ལ་དོ་སྣང་བྱ་རྒྱུ་དང་བསམ་བློ་གཏོང་དགོས། དེར་བརྟེན། ངོས་རང་མི་ཞིག་ཡིན་པའི་ངོས་ནས་རིམ་པ་དང་པོ་དེ་ཆོས་ཀྱི་སྐད་ཆ་མེད་པར་མིའི་སེམས་ཁམས་རིག་པ་དང་འབྲེལ་ནས་སེམས་ཞི་བདེ་ཡོང་བར་གང་འདྲ་བྱེད་དགོས་པ་ངོས་ཀྱི་ལས་འགན་རིམ་པ་དང་པོ་དེ་རེད། 

རིམ་པ་གཉིས་པ་ནི། ངོས་རང་ནང་པའི་ཆོས་པ་ཞིག་རེད། ཆོས་པ་ཞིག་ཡིན་པའི་ངོས་ནས་འཛམ་གླིང་འདིར་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་པ་དང་། ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་མང་པོ་ཡོང་གི་ཡོད་ཀྱང་བྱམས་བརྩེ་དགོས་པ་གཅིག་གྱུར་གསུང་གི་འདུག    ཆོས་ལུགས་སོ་སོར་ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་དག་གང་ཟག་སོ་སོའི་ཁམས་དང་བསྟུན་ནས་འགྲོ་དགོས་པ་རེད། སྤྱི་ཡོངས་ནས་དུད་འགྲོ་ཚུན་ཆད་ཀྱིས་དགའ་མོས་བྱེད་སའི་བྱམས་བརྩེ་ཟེར་བ་དེ་ཆོས་ལུགས་ཚང་མས་གསུང་བཞིན་ཡོད།  དེའི་ཐོག་ནས་ཆོས་ལུགས་མཐུན་འབྲེལ་བྱེད་ཐུབ་པའི་གཞི་རྩ་འདུག  གཞན་ཆོས་ལུགས་ནི་ལུགས་སྲོལ་ལྟར་ལྟ་གྲུབ་ཀྱི་ཐོག་ནས་འདྲ་མིན་ཡོད་པ་དང་། དེ་དང་འབྲེལ་ནས་ལོ་རྒྱུས་ཐོག་ནས་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་འཁྲུག་པ་བརྒྱབ་པ་དང་གསོད་རེས་བྱེད་པ་ཡོང་བཞིན་འདུག མིའི་སེམས་ཁམས་རིག་པའི་བྱམས་བརྩེ་ཞེས་པའི་གལ་ཆེ་ཤོས་དེ་རྩལ་འདོན་བྱས་ནས་སྤེལ་མཁན་ཆོས་ལུགས་ཁག་རེད། དེ་དག་ཕན་ཚུན་ལ་མ་འཆམ་པར་ཐག་རིང་པོ་བྱས་ནས་བསྡད། སྡུག་ས་ནས་གསོད་རེས་བྱེད་པ་བྱུང་བ་ཡིན་ན་ཧ་ཅང་ཐབས་སྐྱོ་པོ་རེད། སེམས་ཀྱི་བདེ་སྐྱིད་ཀྱི་རེ་བ་རྒྱག་ས་གཅིག་པུ་དེ་ཡང་ནང་ཁུལ་ཕན་ཚུན་ལ་མ་འཆམ་པར་གསོད་རེས་བྱེད་པ་སོགས་ནི་དཔེ་མི་སྲིད་པའི་ཐབས་སྐྱོ་བོ་རེད། 

དེར་བརྟེན། ངོས་ཀྱི་ལས་འགན་རིམ་པ་གཉིས་པ་དེ་ཆོས་ལུགས་ཚང་མ་མཐུན་འབྲེལ་བྱེད་པ་དེ་ཡིན། ཆོས་ལུགས་མཐུན་འབྲེལ་ཡོང་ཐུབ་ཀྱི་རེད། ཡོང་ཐུབ་པའི་རྒྱུ་མཚན་ནི་དངོས་ཡོད་གནས་ཚུལ་ལ་རྒྱ་གར་ལ་དཔེ་བལྟས་ན་ལོ་སྟོང་ཕྲག་གཉིས་ལྷག་ཙམ་གྱི་རིང་ལ་ལྟ་གྲུབ་འདྲ་མིན་དང་། དེ་འབྲེལ་གྱི་ཆོས་ལུགས་འདྲ་མིན་ཧ་ཅང་མང་པོ་འདུག དཔེར་ན། ཁ་ཆེ་ནང་ཁུལ་ལ་ཤཱི་ཡ་དང་སཱོ་ནི་(Islam—Shia and Sunni,)ཟེར་བ་ལྟ་བུ་རེད། རྒྱ་གར་ནང་དུ་དེ་ལྟ་བུའི་རྙོག་དྲ་མི་འདུག རྒྱལ་པོ་རེ་ཟུང་གི་རྙོག་དྲའི་སྐབས་རེར་ཆབ་སྲིད་ཀྱི་གནས་ཚུལ་དང་འབྲེལ་ནས་ཡོང་གི་ཡོད་པ་མ་གཏོགས་སྤྱི་ཡོངས་ཀྱི་ཆ་ནས་རྒྱ་གར་ལ་ལོ་སྟོང་ཕྲག་གཉིས་གསུམ་རིང་ཆོས་ལུགས་ཧ་ཅང་མང་པོ་མཉམ་དུ་བསྡད་ཡོད་པ་རེད། དུས་ཕྱིས་སུ་བྱུང་བའི་ཇོའུ་ཆོས་ལུགས་(Judaism)དང་། དེ་བཞིན་ཡི་ཤེ་ཆོས་ལུགས། ཁ་ཆེའི་ཆོས་ལུགས། རྫོ་ར་རྫོ་ཏིན་(Zoroastrianism)སོགས་འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་མང་པོ་རྒྱ་གར་ནང་ཡོད་པ་རེད། དེར་བརྟེན། ཆོས་ལུགས་མཐུན་འབྲེལ་བྱེད་ཐུབ་པ་ཞིག་འདུག ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ངོས་ནས་ངོས་ཀྱི་ལས་འགན་གཉིས་པ་ནི་ཆོས་ལུགས་མཐུན་འབྲེལ་བྱེད་རྒྱུ་དེ་ཆགས་ཡོད། 

རིམ་པ་གསུམ་པ་ནི། ངོས་རང་བོད་པ་ཞིག་རེད།  བོད་ཀྱི་དོན་དག་ངོས་ལ་ལས་འགན་ཡོད་པ་རེད། ཡིན་ནའང་། བོད་ཀྱི་ཆབ་སྲིད་ཀྱི་གནས་ཚུལ་རྣམས་ངོས་ཀྱིས་ལོ་བཅུ་གྲངས་གོང་ནས་བཞག་པ་རེད།  ཆབ་སྲིད་མང་གཙོའི་ལམ་ནས་འོས་བསྡུ་བྱས་ནས་ཡོང་ཡོད་པའི་ཆབ་སྲིད་ཀྱི་མགོ་ཁྲིད་ཀྱིས་འགན་འཁྱེར་ཡོད། བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ངོས་ཀྱིས་འགན་གཙོ་བོ་ཞིག་ལ་བརྩི་བཞིན་ཡོད། རིག་གཞུང་དེར་བོད་ཀྱི་སྐད་ཡིག་དམིགས་བསལ་བ་ཞིག་ཆགས་ཡོད། དུས་རབས་བདུན་པའི་ནང་ལ་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་གར་གྱི་ཡི་གེར་དཔེར་བལྟས་ནས་བོད་ཡིག་ཟུར་དུ་བཟོས་འདུག དུས་རབས་བརྒྱད་པའི་ནང་དུ་མཁན་ཆེན་ཞི་བ་འཚོས་བོད་དུ་ནང་ཆོས་སྤེལ་སྐབས་ལེགས་སྦྱར་དང་པཱ་ལིའི་སྐད་ལ་བརྟེན་མི་དགོས་པར་བོད་པ་རང་གི་ཡི་གེའི་ཐོག་ལ་སྒྱུར་ཞེས་ལམ་སྟོན་གནང་བས། ལེགས་སྦྱར་སྐད་ནས་གཞུང་དེ་དག་བོད་ཡིག་ཏུ་རིམ་བཞིན་སྒྱུར་ཏེ་མིང་ཚིག་རྙིང་པ་ཕན་ཐོགས་པ་རྣམས་རང་འཇགས་བཞག  དེའི་ཐོག་ཚིག་གསར་པ་མང་པོ་བཟོས་ནས་དེང་སྐབས་ལེགས་སྦྱར་སྐད་དང་ཐག་ཉེ་ཤོས་ཡིན་པའི་སྐད་ཡིག་དེ་བོད་ཡིག་འདི་ཆགས་ཀྱི་ཡོད། 

མཁན་ཆེན་ཞི་བ་འཚོ་ནི་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་ནཱ་ལེནྡྲའི་མཁས་པ་རེད། བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་ནས་པཱ་ལིའི་ཆོས་དེ་སྡེ་སྣོད་གསུམ་ཞེས་བཀའ་བསྡུ་མཛད་ནས་ཡོད་པ་རེད། དེའི་ཐོག་ལ་ནཱ་ལེནྡྲ་ཡར་རྒྱས་ལ་འགྲོ་བའི་སྐབས་སུ་དེ་དུས་ཀྱི་རྒྱ་གར་གྱི་ཤེས་ཡོན་ཅན་ཚོས་ལེགས་སྦྱར་གྱི་སྐད་གཙོ་བོར་བརྩིས་ཡོད། ནཱ་ལེནྡྲ་ཤེས་ཡོན་གྱི་ལྟེ་གནས་ཤིག་ཆགས་ནས་དེ་ནས་ནང་པའི་ཆོས་དང་ལྟ་གྲུབ་སླེབས་ཡོང་སྐབས། ཤེས་ཡོན་ཅན་ཚོས་རང་བཞིན་གྱིས་ཡིད་ཆེས་གཅིག་པུ་མ་ཡིན་པར་རྒྱུ་མཚན་ལ་དཔྱད་པ་བྱས་ནས་དེའི་གནད་འགག་གང་ཡིན་པ་ལ་གཟིགས་ཡོད། ནང་ཆོས་ཀྱི་གཞུང་གི་ནང་དུ་མཐོང་བ་མངོན་གྱུར། ཅུང་ཟད་ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་བཅས་ཡོད། མཐོང་བ་མངོན་གྱུར་ནི་ང་ཚོས་གང་མཐོང་བཞིན་པ་འདིའི་ཐོག་ནས་བཤད་བཞིན་ཡོད་པ་རེད། དེ་དང་ཚན་རིག་འབྲེལ་བ་ཆེན་པོ་སླེབས་ཡོང་གི་འདུག ཚན་རིག་པ་ཚོ་མཐོང་བ་མངོན་གྱུར་གྱི་ཐོག་ནས་འགྲོ་བཞིན་ཡོད་པ་རེད། མཐོང་བ་མངོན་གྱུར་གཞི་ལ་བཞག་པའི་ཐོག་ནས་འདི་ཡིན་ན་འདི་ཡིན་དགོས་པ་དང་། དེ་ཡིན་ན་དེ་ཡིན་དགོས་ཀྱི་རེད། འདི་ཡིན་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ། གནད་འགག་གང་ཡིན་ནམ་བསམ་དུས་ཅུང་ཟད་ལྐོག་གྱུར་གྱི་སྒང་ལ་འགྲོ་བཞིན་འདུག གང་ལྟར་ནཱ་ལེནྡྲའི་ལེགས་སྦྱར་གྱི་ཆོས་བརྒྱུད་དེ་ཚད་མ་རིག་པ་ལ་གཙོ་བོར་བརྟེན་ནས་རིག་པས་དཔྱད་པ་བྱས་པས་ཧ་ཅང་གལ་ཆེན་པོ་ཆགས་པ་རེད། 

སངས་རྒྱས་པའི་ཆོས་ནཱ་ལེནྡྲའི་ཚད་མ་རིག་པ་དང་འབྲེལ་ནས་སློབ་སྦྱོང་བྱེད་དུས་ཅུང་ཟད་ལྐོག་གྱུར་གྱི་ཐོག་ལ་འགྲེལ་བཤད་རྒྱག་པ་ཧ་ཅང་ཟབ་ཏུ་ཕྱིན་པ་དང་། དེའི་ཐོག་ནས་ཚོད་དཔག་བྱས་ཏེ་ཤིན་ཏུ་ལྐོག་གྱུར་ཐོག་ལ་འགྲོ་རྒྱུ་ཡོད་པ་ཞིག་རེད།  གང་ལྟར་ནཱ་ལེནྡྲའི་རིག་གཞུང་ལེགས་སྦྱར་སྐད་ལ་གཙོ་བོར་བརྟེན་སྡོད་མཁན་དང་། བོད་ཡིག་དེའང་ལེགས་སྦྱར་སྐད་དང་ཏག་ཏག་འགྲོ་བ་ཞིག་རེད། དེང་སང་ལེགས་སྦྱར་སྐད་དང་ཉེ་ཤོས་ཕལ་ཆེར་བོད་ཡིག་རེད།  བོད་ཀྱི་སྐད་ཡིག་དེ་བོད་པ་རང་ཉིད་ཀྱི་སོ་སོའི་རིག་གཞུང་ཡིན་པ་གཅིག་པུའི་སྐད་ཆ་མ་ཡིན་པར་དེང་གི་དུས་ཚོད་ལ་འཛམ་གླིང་སྤྱི་ལ་སངས་རྒྱས་པའི་ལྟ་གྲུབ་ཚད་མ་རིག་པ་དང་འབྲེལ་ཡོད་པའི་གྲས་ལ་དོ་སྣང་གསར་པ་ཞིག་སླེབས་ཡོང་གི་འདུག སྔོན་དུ་བཤད་པ་ལྟར་ཚན་རིག་པའི་ནང་ནས་དོ་སྣང་བྱེད་ཀྱི་འདུག ཆོས་མེད་མཁན་གྱི་ནང་ནས་ཀྱང་དོ་སྣང་བྱེད་ཀྱི་འདུག ཆོས་ལ་སྐུར་བ་འདེབས་མཁན་དེ་འདྲས་ཀྱང་དོ་སྣང་བྱེད་ཀྱི་འདུག དེ་ལྟ་བུའི་གནས་ཚུལ་གྱིས་བོད་ཡིག་འདི་གལ་ཆེན་པོ་ཆགས་འདུག ང་ཚོའི་བཀའ་འགྱུར་པོ་ཏི་བརྒྱ་ལྷག་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཅིག་ཡོད་པ་དེ་དག་ཏུ་པཱ་ལིའི་གཞུང་མང་པོ་ཡོད་པ་རེད་ལ། ལེགས་སྦྱར་གྱི་སྐད་ཡིག་ཐོག་ཡོད་པ་གཙོ་བོ་རེད། དེ་དག་ལ་སློབ་སྦྱོང་བྱེད་པར་བོད་ཀྱི་སྐད་ཡིག་ཧ་ཅང་ཕན་ཐོགས་ཡོད་པ་ཞིག་རེད། དེ་ངོས་རང་གི་ཉམས་མྱོང་ཡིན། བོད་ཡིག་ཐོག་ནས་རྒྱ་གར་མཁས་པའི་གཞུང་ལ་སློབ་སྦྱོང་བྱས་ཡོད་པས་མཁས་དབང་མཉམ་དུ་གོ་བསྡུར་བྱེད་པ་དང་། ཚན་རིག་པའི་མཉམ་དུ་གོ་བསྡུར་བྱེད་པ་སོགས་མང་པོ་ཞིག་ལ་ཕན་ཐོགས་འདུག དེར་བརྟེན། བོད་ཀྱི་སྐད་ཡིག་འདི་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་གྱིས་བདག་པོ་ཡག་པོ་རྒྱག་རྒྱུ་གལ་ཆེན་པོར་མཐོང་གི་འདུག དེ་ངོས་ཀྱི་ལས་འགན་ཞིག་ལ་བརྩི་བཞིན་ཡོད། དེང་སང་སངས་རྒྱས་པའི་ཆོས་ཆ་ཚང་བ་ཞིག་བཀའ་བསྟན་པོ་ཏི་སུམ་བརྒྱ་ལྷག་ཅིག་ཡོད་པ་ཟབ་ཤོས་དང་། འཛོམས་ཤོས། རྒྱས་ཤོས་ཆགས་འདུག བོད་ཀྱི་གོམས་གཤིས་ལའང་སངས་རྒྱས་པའི་ཆོས་དང་བྱང་ཆུབ་སེམས་དཔའི་སྡེ་སྣོད་དར་ཡོད་པས་ཕྲུ་གུ་ཆུང་ཆུང་སྐབས་ནས་འབུ་མ་གསོད་སྙིང་རྗེ་ཟེར་བ་ལྟ་བུ་འདུག དེ་ནི་བྱམས་བརྩེ་རྩལ་འདོན་བྱས་ཡོད་པའི་སངས་རྒྱས་པའི་ཆོས་དང་། དེ་ཡང་རིགས་ལམ་གྱི་ཐོག་ནས་འགྲེལ་བཤད་ཡོད་པའི་བོད་ཀྱི་སངས་རྒྱས་པའི་ཆོས་འདི་ཟབ་ཅིང་རྒྱ་ཆེ་བ་ཞིག་ཡིན་པས་འདི་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་ཀྱིས་བདག་པོ་རྒྱག་རྒྱུ་ངོས་ཀྱིས་ལས་འགན་ཞིག་ལ་བརྩི་བཞིན་ཡོད། 

དེ་ནས་ངོས་རང་རྒྱ་གར་དུ་སླེབས་ནས་ལོ་འདི་ཙམ་ཕྱིན་པ་རེད།  རྒྱ་གར་གཞུང་གི་སྐུ་མགྲོན་རེད།  བཤད་མ་ཐག་པ་ལྟར་སེམས་ཁམས་རིག་པའི་རྣམ་གཞག་རྒྱ་གར་ལ་ཧ་ཅང་ཕྱུག་པོ་ཡོད་པ་དང་།  རྒྱ་གར་ནས་རྒྱ་ནག་ཏུ་དར་ཡོད།   རྒྱ་གར་གནའ་རབས་ཀྱི་གཙོ་བོ་འཚེ་བ་མེད་པའི་ལྟ་གྲུབ་དང་བྱམས་བརྩེ་དུས་རབས་གསར་པའི་རྒྱ་གར་ནང་དུ་ཡར་རྒྱས་གཏོང་རྒྱུ་དང་། དེ་རྒྱ་གར་རང་གི་གནའ་རབས་ཀྱི་ཤེས་ཡོན་ཞིག་རེད། དེ་ལ་བདག་པོ་རྒྱུག་རྒྱུ་གལ་ཆེན་པོར་མཐོང་གི་འདུག རྒྱ་གར་ཨིན་ཇིའི་འོག་ལ་ཡོད་སྐབས་དེང་དུས་ཀྱི་ཤེས་ཡོན་ལ་ཨིན་ཡིག་གཙོ་བོ་ཡིན་པས་ཧ་ཅང་ཕན་ཐོགས་བྱུང་ཡོད་པ་རེད། དེ་དང་ཆབས་ཅིག་རྒྱ་གར་གར་གནའ་རབས་ཀྱི་རིག་གཞུང་ཏོག་ཙམ་ལྷོད་ཡངས་ཕྱིན་པ་ལྟ་བུ་འདུག  དེང་སང་རྒྱ་གར་ལ་དེང་དུས་ཤེས་ཡོན་ཧ་ཅང་སྤུས་དག་པོ་ཡོད་པ་རེད།  ཚན་རིག་དང་འཕྲུལ་ཆས་ཡག་ཐག་ཆོད་ཡོད།    དེའི་ཐོག་ལ་རྒྱ་གར་རང་གི་གནའ་རབས་ཀྱི་ཞི་གནས་དང་ལྷག་མཐོང་དམིགས་བསལ་ཆོས་དང་མ་འབྲེལ་བ་བྱས་ནས་ང་ཚོས་སློབ་སྦྱོང་སྤྲད་ནས་བསྐྱར་གསོ་བྱེད་ཐུབ་པ་བྱུང་ན། སྔོན་མ་གྷན་དི་ཕེབས་ནས་བྱམས་བརྩེ་དང་འཚེ་བ་མེད་པ་འཛམ་བུ་གླིང་གི་མིག་དཔེ་བྱེད་པ་ཞིག་བྱུང་བ་རེད།   རྒྱ་གར་གྱི་སེམས་ཁམས་རིག་པ་དང་འབྲེལ་བའི་ཤེས་ཡོན་གྱི་སྐོར་ང་ཚོས་བསྐྱར་གསོ་ཡག་པོ་བྱེད་ཐུབ་པ་བྱུང་ན། འཛམ་གླིང་སྤྱི་ལ་ཞབས་འདེགས་མང་ཙམ་བསྒྲུབ་ཐུབ་རྒྱུར་ངོས་ཀྱིས་རེ་བ་རྒྱག་བཞིན་ཡོད། དེར་བརྟེན། རྒྱ་གར་གྱི་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ་བྱེད་རྒྱུ་བཅས་ངོས་ཀྱི་ལས་འགན་བཞི་རེད། 

དེ་རིང་འདིར་གྲོགས་པོ་ཚོ་ང་དང་གྲོགས་པོ་ཡིན་པས་རིམ་པ་དང་པོ་དེ་འཛམ་བུ་གླིང་གི་མི་རྣམས་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པ་ཤ་སྟག་ཡིན་པས་སེམས་ཀྱི་བདེ་སྡུག་ཇི་ལྟར་ཡོང་གི་ཡོད་པའི་རྒྱུ་དང་རྐྱེན་ལ་དོ་སྣང་ཏོག་ཙམ་ཤུགས་ཆེ་རུ་གཏོང་རྒྱུ་དང་། དེང་སང་འཛམ་གླིང་འདིར་དངོས་པོ་ཡར་རྒྱུས་རྐྱང་པ་མ་གཏོགས་སེམས་ཁམས་ཐོག་ལ་དོ་སྣང་མེད་པའི་རྐྱེན་བྱས་ཏེ་འཁྲུག་ལོང་། ཆགས་སྡང་། གཡོ་སྒྱུ།  འགྲན་སེམས་སོགས་ཀྱི་ནང་ནས་རྙོག་དྲ་ཡོང་གི་འདུག  མངོན་པ་མཛོད་ཀྱི་གཞུང་དུ། མཚོན་གྱི་བསྐལ་པ། ནད་ཀྱི་བསྐལ་པ། མུ་གེའི་བསྐལ་པ་ཞེས་གསུངས་ཡོད། བར་སྐབས་གོ་མཚོན་ཧ་ཅང་མང་པོ་བཟོས་ཏེ་དེ་ཉིད་བེད་སྤྱོད་ཀྱིས་མི་ག་ཚོད་བསད་ཡོད་པ་རེད། དེ་སྔ་ལོ་རྒྱུས་ཀྱི་ནང་དུ་དམག་རྒྱག་སྐབས་གོ་མཚོན་བེད་སྤྱོད་བྱས་པ་ཡོད་པ་རེད་དེ། དེ་ནི་གྲི་དང་མདུང་འཁྱེར་ནས་འགྲོ་རྒྱུ་ཞིག་རེད། ཚན་རིག་ཡར་རྒྱས་ལ་ཕྱིན་ནས་དངོས་པོ་ཡར་རྒྱས་ལ་ཕྱིན་པ་དེ་མི་གསོད་ཆེད་བེད་སྤྱོད་བྱས་ནས་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་བྱུང་སོང་། དེང་སང་ཡང་འཛམ་གླིང་གང་སར་གོ་མཚོན་ལ་ཧ་ཅང་གལ་ཆེན་པོ་དང་། དང་དོད་བྱེད་བཞིན་འདུག   མི་མང་པོ་ཞིག་གིས་གོ་མཚོན་མེད་པར་བཟོ་རྒྱུ་དང་། གོ་མཚོན་བཀག་སྡོམ་བྱ་རྒྱུའི་ཐོག་འབད་བརྩོན་དང་དོ་སྣང་བྱེད་མཁན་ཡོང་བཞིན་ཡོད་པ་རེད།  ཧ་ཅང་གལ་ཆེན་པོ་རེད། 

གང་ལྟར་མཚོན་གྱི་བསྐལ་པ་འདིར་གོ་མཚོན་བེད་སྤྱོད་བྱས་ནས་མིའི་དཀའ་ངལ་སེལ་ཟེར་བ་རྩ་བ་ཉིད་ནས་ཡོང་ཐུབ་ཡོད་པ་མ་རེད། འཁྲུག་པ་བརྒྱག་པ་ནི་སེམས་ལ་ཞེ་སྡང་སྐྱེས་པ་དང་། དེ་ལ་བརྟེན་ནས་འཇིགས་སྣང་སླེབས་པའི་ཐོག་ནས་གོ་མཚོན་སྤྱད་ནས་གསོད་རེས་བྱེད་པ་དང་། དེ་ལྟ་བུའི་ཐོག་ནས་གོ་མཚོན་རིགས་སླེབས་བཞིན་ཡོད།    འཛམ་གླིང་འདིའི་སྒང་གི་རྒྱལ་ཁབ་སུ་ཡིན་ནའང་སོ་སོ་མ་དགའ་སའི་དགྲ་རྩ་མེད་བཏང་བ་སུ་གཅིག་ཀྱང་མེད། དམག་ཆེན་དང་པོར་འཇར་མན་རྩ་མེད་གཏོང་རྒྱུར་འབད་བརྩོན་བྱས་པ་རེད། དམག་ཆེན་གཉིས་དེ་བས་ཀྱང་ཡོང་ཐུབ་མི་འདུག དེ་བཞིན་ཀོ་རི་ཡའི་དམག ཝེ་ནམ་གྱི་དམག མི་བསད་པ་སྡུག་གྱོང་རེད་མ་གཏོགས་མཐའ་གཅིག་ཏུ་རྒྱལ་ཁ་ཐོབ་རྒྱུ་གང་ཡང་མི་འདུག གོ་མཚོན་མེད་པའི་འཛམ་གླིང་ཞིག་ཆགས་ཐུབ་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དཀའ་ངལ་ཅི་ཞིག་བྱུང་རུང་སྐད་ཆ་བཤད་དགོས།   གང་ལྟར་མི་དུང་ཕྱུར་བདུན་ཅུ་ཡོད་པ་རྣམས་མཉམ་དུ་འཚོ་སྡོད་བྱེད་དགོས་པ་རེད།  གཅིག་གིས་གཅིག་ལ་མ་དགའ་བ་བྱས་ནས་རྩ་མེད་བཟོ་ཐབས་ཡོད་པ་མ་རེད། མཉམ་དུ་སྡོད་དགོས་པ་འདྲ་འདྲ་ལ་ཕན་ཚུན་འཆམ་པོ་དང་མཐུན་པོ་བྱོས། དཀའ་ངལ་བྱུང་ཚེ་གོ་བསྡུར་བྱས་ནས་སེལ་དགོས་པ་མ་གཏོགས་གཞན་མེད། དེ་ལ་ཕྱིའི་གོ་མཚོན་བཀག་སྡོམ་བྱེད་པ་ལ་སྔོན་ལ་ནང་གི་མཚོན་ཆ་ཞེས་ཕལ་ཆེར་བཤད་ཐུབ་ཀྱི་རེད། དེ་ལ་ང་ཚོས་དོ་སྣང་བྱེད་དགོས། 

གོ་མཚོན་བེད་སྤྱོད་བྱེད་པ་དེ་ཆགས་སྡང་གི་དབང་གིས་ཡོང་གི་ཡོད་པ་རེད། འཇིགས་སྣང་གི་ཐོག་ནས་ཡོང་གི་ཡོད་པ་རེད། དེ་ལ་གཙོ་བོ་སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ཞི་བདེ་ཡོང་བ་དང་བྱམས་བརྩེ་ཡོང་བ་ཞིག་གོང་དུ་ཞུས་པ་ལྟར་རེད། བྱམས་བརྩེ་ནི་མི་ལ་རང་ཆོས་སུ་འདུག ང་ཚོས་བྱམས་བརྩེ་སྤེལ་ཐུབ་པའི་རྒྱུ་མཚན་གཅིག་ནི་མི་ལ་རང་ཆས་སུ་ཡོད་པས་རེད། ཕྲུ་གུ་ཨ་མའི་ཁོག་པའི་ནང་དུ་ཡོད་པའི་སྐབས་སུ་ཨ་མའི་སེམས་ལ་ཞི་བདེ་ཡོད་ན་ཕྲུ་གུ་ལ་ཕན་གྱི་ཡོད་པ་དང་། ཨ་མའི་སེམས་འཁྲུག་བསྡད་ཚེ་སྐྱེ་རྒྱུའི་ཕྲུ་གུ་དེ་ལ་གནོད་ཀྱི་ཡོད་པ་དེང་སང་བཤད་ཀྱི་ཡོད་པ་རེད། བཙས་མ་ཐག་ཏུ་ཨ་མས་བྱམས་བརྩེས་བདག་པོ་བརྒྱབ་པ་རེད། མིའི་མི་ཚེ་དེ་ལྟར་མགོ་ཚུགས་པ་རེད། བྱམས་བརྩེ་ཡིས་མི་ཚེ་མགོ་ཚུགས་པ་རེད། དུད་འགྲོ་ཞིག་ཡིན་ནའང་རང་ཉིད་འཚོ་བ་དེ་མ་ཡི་བྱམས་བརྩེ་ལ་བརྟེན་ནས་འཚོ་དགོས་པས་དུད་འགྲོ་ཡིན་ནའང་མ་ལ་བརྩེ་བ་ཆེ་བ་དང་། མི་ནི་དེ་བས་ཀྱང་མ་ལ་བརྟེན་ནས་འཚོ་དགོས་པ་ཞིག་ཡིན་པས་བྱམས་བརྩེ་ལ་བརྟེན་ནས་འཚོ་དགོས། 

གཉིས་ནས་མི་ཟེར་བ་ནི་སྤྱི་ཚོགས་ཤིག་རེད། སྤྱི་ཚོགས་ཀྱི་ནང་དུ་མི་སྒེར་སོ་སོ་འཚོ་བ་དེ་སྤྱི་ཚོགས་ལ་བརྟེན་ཡོད། དེར་བརྟེན། མི་སྒེར་བ་སོ་སོར་ཆ་མཚོན་ན་རྟེན་ས་དེ་མིའི་སྤྱི་ཚོགས་ལ་བརྟེན་ཡོད། མི་སྒེར་བ་གཅིག་འཇོན་པོ་ཅི་ཙམ་ཡོད་ཀྱང་སྤྱི་ཚོགས་དང་ཁ་བྲལ་ན་འཇོན་ཐུབ་ཀྱི་མ་རེད། མིའི་རང་བཞིན་གྱི་འགྲོ་སྟངས་ནི་སྤྱི་ཚོགས་ཀྱི་སེམས་ཅན་ཡིན། སྔ་མོ་ཡིན་ན་སོ་སོའི་ཁྱིམ་ཚང་གྲོང་སྡེ་ཆུང་ཆུང་བྱས་ཏེ་འགྲོ་བཞིན་ཡོད་པ་རེད། དེང་གི་འཛམ་གླིང་ནི་དཔལ་འབྱོར་གྱི་གནས་སྟངས་ཡིན་ནའང་རེད། ལྷག་པར་དུ་ཁོར་ཡུག་གི་གནས་སྟངས་དེ་འཛམ་གླིང་སྤྱི་ལ་འགྲོ་སྟངས་ཤིག་ཆགས་འདུག་མ་གཏོགས་ལུང་པ་སོ་སོ་དང་། གླིང་ཆེན་སོ་སོའི་སྐད་ཆ་རེད་མི་འདུག འཛམ་གླིང་ཤར་ཕྱོགས་ཀྱི་མ་འོངས་པ་འཛམ་གླིང་ནུབ་ཕྱོགས་ལ་བརྟེན་པ་དང་། ནུབ་ཕྱོགས་ཀྱི་མ་འོངས་པ་ཤར་ཕྱོགས་ལ་བརྟེན་ཡོད། དེ་བཞིན་ལྷོ་ནུབ་ཚང་མ་འགྲོ་སྟངས་གཅིག་རེད། དེར་བརྟེན། མི་གཅིག་མཚུངས་ཀྱི་འདུ་ཤེས་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་སོགས་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། ང་དང་ངའི་རྒྱལ་ཁབ་ཅེས་པའི་སྐད་ཆ་ཉུང་དུ་བཏང་ནས་ཆེ་ས་མི་སྤྱིའི་ཐོག་ལ་བསམ་བློ་གཅིག་བཏང་། དེང་སང་གི་ཁོར་ཡུག་གི་ཐོག་ནས་བཤད་སྐབས་འཛམ་གླིང་སྤྱི་ལ་བསམ་བློ་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། 

ཁོར་ཡུག་གི་གནས་སྟངས་མཁས་དབང་ཁ་ཤས་ཀྱིས་བཤད་ཀྱི་འདུག་ལ་ང་རང་ཚོར་རང་ངོས་ཀྱི་ཉམས་མྱོང་ཡོང་བ་ནི། ངོས་རང་ལ་མཚོན་ལ་ཕྱི་ལོ་ ༡༩༦༠ ལོར་རྡ་རམ་ས་ལར་སླེབས་པ་ཡིན། ལོ་དེའི་དགུན་ཁར་ཁངས་ཧ་ཅང་མང་པོ་བབས་སོང་། དེ་ནས་ལོ་རེ་བཞིན་ཁ་བ་ཉུང་དུ་ཉུང་དུ་འགྲོ་བཞིན་འདུག ཨ་ཧྥི་གྷ་ནི་སི་ཐན་ལྟ་བུ་དེང་སང་བྱེ་ཐང་རེད། སྔ་མོ་མཚོ་མང་པོ་ཡོད་པ་གསལ་བོ་འདུག ང་ཚོས་ཁོར་ཡུག་གི་བསམ་བློ་བཏང་ཡོང་དུས་འཛམ་གླིང་ཧྲིལ་བོའི་གཅིག་གྱུར་གྱི་བདེ་སྡུག་ཅིག་ཆགས་ཡོད། དེ་ལ་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཞེས་སོགས་བཀའ་སློབ་སྩལ་རྗེས། སྲོག་གཅོད་པ་སྤོང་བ།  མ་བྱིན་པར་ལེན་པ་སྤོང་བ།  ལོག་གཡེམ་སྤོང་བ། རྫུན་སྤོང་བ། ཕྲ་མ་སྤོང་བ། ཚིག་རྩུབ་སྤོང་བ། ངག་བཀྱལ་སྤོང་བ། བརྣབ་སེམས་སྤོང་བ། གནོད་སེམས་སྤོང་བ། ལོག་ལྟ་སྤོང་བ་དང་། ཆང་མི་འཐུང་བ། ལོག་འཚོ་མི་བྱེད་པ། རྣམ་པར་མི་འཚེ་བ། གུས་པས་སྦྱིན་པ། མཆོད་འོས་མཆོད་པ། ཀུན་ལ་སེམས་སྙོམས་པའི་བྱམས་པ་སྒོམ་པ་བཅས་མངོན་མཐོ་སྒྲུབ་པའི་ཆོས་བཅུ་དྲུག་སྐོར་ནས་ཆོས་འབྲེལ་ལམ་སྟོན་གནང་ཡོད་པ་དང་། ཐེངས་འདིའི་དྲ་ལམ་གསུང་ཆོས་འདི་བཞིན་སྐད་རིགས་བཅུ་གསུམ་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་བྱས་ཡོད་པ་བཅས།།   

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།