༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ཤར་རྩེ་གྲྭ་ཚང་གི་གཞུང་ཆེན་ལྔའི་རྩོད་རྒྱུགས་ལ་ཐུགས་ཞིབ་དང་བཀའ་སློབ་སྩལ་བ། ༢༠༡༩ ཟླ་བ་ ༡༢ ཚེས་ ༡༩

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༩ ཉིན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཤར་རྩེ་གྲྭ་ཚང་གི་གཞུང་ཆེན་ལྔའི་རྩོད་རྒྱུགས་ལས་རིམ་གྱི་ཚོགས་མགོན་དུ་དབུ་བཞུགས་ཀྱིས་ཐུགས་ཞིབ་དང་བཀའ་སློབ་སྩལ་ཡོད་པ་རེད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༨།༤༠ ཙམ་ལ་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་རྒྱལ་བའི་གཟིམ་ཁང་ནས་མཁན་ལས་ཟུར་རྣམས་པས་སྤོས་སྣེས་མདུན་བསུ་དང་བཅས་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་གཞུང་ཆེན་ལྔའི་རྩོད་རྒྱུགས་ལས་རིམ་གྱི་ཚོགས་མགོན་དུ་དབུ་བཞུགས་དང་། ཤར་རྩེ་གྲྭ་ཚང་གི་གཞུང་ཆེན་ལྔའི་རྩོད་རྒྱུགས་པ་རྣམས་པས་རྩོད་རྒྱུགས་རིམ་པར་ཕུལ་རྗེས་བླངས་དོར་བཀའ་སློབ་སྩལ་དོན།

དེ་རིང་འདིར་འདུ་ཁང་ནང་ནས་རྩོད་པ་རྩད་བྱས། ཚད་མའི་གཞུང་ལ་སྦྱང་ནས་རྟགས་གསལ་གཏོང་རྒྱུ་ནི་ནང་བའི་ཡུལ་གྲུ་ཁག་སྤྱི་དང་། ལྷག་པར་དུ་ལེགས་སྦྱར་ཀྱི་ཆོས་བརྒྱུད་འཛིན་མཁན་གྱི་ནང་བའི་ཡུལ་གྲུའི་ནང་ལ་ཕལ་ཆེར་བོད་མ་གཏོགས་མེད་པ་ལྟ་བུ་རེད།། སྔ་མ་སོག་པོ་ཡོད་པ་རེད། ང་ཚོས་ད་ལྟའི་བར་དུ་ཕལ་ཆེར་ལོ་བརྒྱ་ཕྲག་ཁ་ཤས་ཅིག་ལ་དགེ་རྒན་གྱིས་དགེ་ཕྲུག་ལ་བསླབས་པ་དང་། དགེ་ཕྲུག་གིས་ཡང་དགེ་ཕྲུག་ལ་བསླབས་ནས་དེ་ལྟར་མི་ཐོག་ཁ་ཤས་ཕྱིན་ཡོད་པ་རེད། གང་ལྟར་ང་ཚོས་ཚད་མ་རིགས་པའི་གཞུང་ལ་སྦྱང་ནས་རྟགས་གསལ་གཏོང་བའི་སྲོལ་དེ་མི་རབས་ནས་མི་རབས་བཟུང་བ་དེ་ལྟར་རེད། རིགས་པའི་ལམ་ནས་དངོས་ཡོད་གནས་ཚུལ་གང་ཡིན་པ་ལ་ཞིབ་འཇུག་བྱས་ནས་གཏན་ལ་ཕབས་པ་དེར། ང་ཚོའི་རྟགས་གསལ་གྱི་འགྲོ་སྟངས་དེ་ཧ་ཅང་ཡག་པོ་རེད། ཧ་ལས་པ་རེད། ཕྱོགས་གཅིག་ནས་ང་ཚོ་བོད་པའི་རིག་གཞུང་གི་ནང་ཚན་གཅིག་ཆགས་ཡོད་པ་རེད། ང་ཚོས་རིགས་ལམ་གྱི་སྟེང་ནས་རྟགས་གསལ་བཏང་ནས་དཔྱད་པ་བྱེད་པ་དེ་ནམ་རྒྱུན་འཆར་ཅན་དཔེ་ཆའི་ནང་བཤད་པ་དེ་གཅིག་པུ་མ་ཡིན་པར། དེང་སང་འཛམ་བུ་གླིང་ན་ཤེས་ཡོན་གྱི་སྡེ་ཚན་འདྲ་མིན་ཡོད་པས་བརྗོད་བྱ་དེ་དེ་ཚོའི་ནང་འཁྱེར་ཐུབ་པ་ཅིག་དགོས་པ་རེད་འདུག ད་ལྟའི་བར་དུ་ཁྱོད་རང་ཚོས་ཧུར་ཐག་འབད་ཐག་བྱས་པ་རེད། སློབ་འཁྲིད་གནང་མཁན་གྱི་དགེ་རྒན་ཚོར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  མཁན་པོ་རིམ་པར་བྱིན་ཡོད་པ་རེད། ཚང་མས་ཧུར་ཐག་འབད་ཐག་གནང་ནས་ཧ་ཅང་ཡག་པོ་རེད།

འདིར་ཡང་བཙུན་མའི་དགོན་པ་ཞིག་ཡོད་པ་དེར་ཁོང་ཚོས་རྟགས་གསལ་བཏང་ནས་བཙུན་མའི་དགེ་བཤེས་ཁ་ཤས་ཐོན་ཡོད་པ་རེད། སྔོན་མ་དུས་ཚོད་ཡོད་དུས་ངོས་རང་དེར་ཕྱིན་པ་རེད། ད་ཐེངས་དུས་ཚོད་ཕལ་ཆེར་ཁག་པོ་རེད། བཙུན་མ་ཚོས་རིགས་ལམ་བསླབས།  དགེ་སློང་མའི་སྡོམ་རྒྱུན་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ལ་མཁན་མོ་ཞིག་དགོས་པ་རེད། མཁན་མོ་དེ་དགེ་སློང་མ་ཞིག་དགོས་པ་རེད། བོད་ལ་མཁན་ཆེན་ཞི་བ་འཚོས་སྡོམ་པ་གནང་བའི་སྐབས་ལ་རྒྱ་གར་ནས་དགེ་སློང་མ་ཕེབས་ཡོད་པ་མ་རེད། བོད་ལ་མཁན་མོ་བྱུང་ཡོད་པ་མ་རེད། དེར་བརྟེན། དགེ་སློང་མའི་སྡོམ་རྒྱུན་བོད་ལ་བྱུང་ཡོད་པ་མ་རེད། ཡིན་ཀྱང་། ང་རང་ཚོས་སློབ་གཉེར་བྱེད་པ་ལ་རབ་བྱུང་ཕོ་མོ་དབྱེ་བ་མེད་པར་ཚང་མས་སློབ་གཉེར་བྱེད་དགོས་པ་རེད།  དེ་ཙམ་དུ་མ་ཟད་དེ་རིང་ཁ་སང་སློབ་གྲྭ་ཁག་གི་ནང་ལ་ཡང་ངོས་ཀྱིས་རྟགས་གསལ་གཏོང་རྒྱུ་བསླབ་དགོས་པ་རེད། སློབ་གྲྭ་ཁག་གི་དགེ་རྒན་གྲས་སུ་སྔ་ཡིན་ན་ཆོས་དགེ་ཟེར་ཡ་དེ་ལྟ་གྲུབ་དགེ་རྒན་ཞེས་མིང་བཏགས་ན་ཡག་པོ་འདུག་ཅེས་བཤད་ནས། གང་ལྟར་རབ་བྱུང་ཕོ་མོ་སྐྱ་སེར་དབྱེར་བ་མེད་པ་ཚང་མས་རིགས་ལམ་སྦྱངས་རྒྱུ་དེ་བྱུང་ན་བསམ་ནས་སློབ་གྲྭའི་ཕྲུ་གུ་ཚོས་རྟགས་གསལ་བཏང་བ་དང་། ང་ཚོའི་གཞི་ཆགས་ཁ་ཤས་ནང་ལ་སྤོ་ལགས་མོ་རྨོ་ལགས་ཁ་ཤས་ཀྱིས་རྟགས་གསལ་བཏང་བ་རེད།

སྤྱིར་ཆོས་ཡོད་མཁན་ཡིན་ན་རེད། ཆོས་མེད་མཁན་ཡིན་ནའང་རེད། ཆོས་ལུགས་གང་ཡིན་ཀྱང་། རིགས་ལམ་གྱི་འགྲོ་སྟངས་དེ་ཕན་ཐོག་པ་ཞིག་ཡིན།  རིགས་ལམ་གྱི་བསྟན་པ་འཛིན་མཁན་ནི་འདིར་གདན་ས་གསུམ་གཙོ་བོར་གྱུར་བའི་རྩོད་གྲྭ་ཡོད་པའི་གདན་ས་ཁག་ལ་འགན་གཙོ་བོ་སླེབས་ཡོད་པ་རེད། ད་ལྟའི་བར་དུ་ཚང་མས་ཧུར་ཐག་བྱས་པ་རེད། ད་དུང་ཡིན་ནའང་ཧུར་ཐག་བྱེད་རོགས་གནང་།

སྔོན་མ་འབྲས་སྤུངས་ཚོགས་ཆེན་སྐབས་དཡིན་པ་ཡོད། ཁྲི་ཟུར་རིན་པོ་ཆེ་བློ་བཟང་ཉི་མ་ལགས་ཡོད་པ་རེད། སྐབས་དེར་ངོས་ཀྱིས་ང་ཚོའི་བཙུན་མ་ཚོས་ཡང་དཔེ་ཆ་བལྟས་ནས་དགེ་བཤེས་མ་ཐོན་དགོས་པ་རེད་ཅེས་བསམ་འཆར་བཏོན་པ་རེད།  བློ་བཟང་ཉི་མ་ལགས་ཀྱིས། འོ། བཙུན་མའི་དགེ་བཤེས་ག་འདྲ་ཆགས་ཡོང་ཞེས་གསུངས་སོང་།  སངས་རྒྱས་བཅོམ་ལྡན་འདས་གྱིས་དགེ་སློང་མ་གནང་འདུག དགེ་སློང་མ་གནང་ཆོག་པས་བཙུན་མའི་དགེ་བཤེས་ངེས་པར་དུ་ཡོང་ཆོག་གི་རེད། ཅེས་ཞུ་རྒྱུ་བྱུང་། དེ་དུས་ནས་ང་ཚོ་རྒྱ་གར་ནང་ལ་ཡོད་པའི་སློབ་གྲྭ་ཚུན་ཆད་ཚང་མས་རིགས་ལམ་ལ་དོན་སྣང་བྱེད་དགོས་ཀྱི་འདུག་ཅེས་ཞུས་པ་དེ་ལྟར་རེད། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ཡིས་བསླབ་བྱ་ཞིག་གི་ནང་ན་རྟོག་གེ་མགོ་མཁྲེགས་ཡིན་ཀྱང་སངས་རྒྱས་དངོས་ཀྱིས་ཀྱང་འདུལ་དཀའ་འོ།།  ཞེས་ཟེར་བ་ཞིག   དེ་ཁྱོན་ནས་སྐྱོན་ཡོད་པ་མ་རེད།  རྣམ་དཔྱོད་ལྡན་པའི་ཐོག་ནས་སངས་རྒྱས་ཀྱི་ཆོས་ལ་ག་ཚད་ཀྱིས་དཔྱད་པ་བྱས་པའི་ཚོད་ཀྱིས་ངེས་པ་རྙེད་པ་ཤུགས་ཆེན་པོ་ཡོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རིགས་པ་དང་ལྡན་མི་ལྡན་པ་ཞིག་གསུངས་པ་ཡིན་ན་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་དག་གིས་དེ་དྲང་དོན་གྱི་མདོ་རེད་། དེ་སྒྲ་ཇི་བཞིན་པ་ཁས་བླངས་ན་རུང་གི་མ་རེད། ཞེས་གང་ལྟར་དབུ་སེམས་ཀྱི་མཁས་པ་ཚོས་བཅོམ་ལྡན་འདས་ཀྱི་བཀའ་ལ་དྲང་ངེས་གཉིས་ཕྱེས་ཡོང་གི་ཡོད་པ་རེད།  བཅོམ་ལྡན་འདས་ཀྱི་བཀའ་ལ་རིགས་པས་གནོད་ན་ཁས་བླངས་ན་མ་འགྲིག་ཅིག་ཆགས་ཡོང་གི་ཡོད་པ་རེད།

དེར་བརྟེན། ངོས་ཀྱིས་རྒྱུན་དུ་བརྗོད་བཞིན་པ་དེ་རེད། བཅོམ་ལྡན་འདས་ཁོ་རང་གིས་ཀྱང་། དགེ་སློང་དག་གམ་མཁས་རྣམ་གྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་ཁྱོད་རང་ཚོས་རྟགས་གསལ་བཏང་སོང་། བདེན་བཞིའི་རྩ་བ་འཇོག་ས་དེ་བདེན་གཉིས་དང་། བདེན་གཉིས་ཀྱི་དོན་དམ་བདེན་པ་ཟེར་བ་ང་རང་ཚོ་ལ་སྣང་བ་དེ་ནང་བཞིན་དོན་ལ་མེད་པ་ཞིག  སྣང་གནས་མི་མཐུན་པ་དེ་ལྟ་བུའི་ཐོག་ནས།  ལས་དང་ཉོན་མོངས་ཟད་པས་མཐར།། ལས་དང་ཉོན་མོངས་དེ་ཚུལ་མིན་ཡེ་ཤེས་ཀྱི་རྣམ་རྟོག་ལས་བྱུང་བ་རེད།  དེ་དག་སྤྲོས་ལས་སྤྲོས་པ་ནི།། སྟོང་བ་ཉིད་ཀྱིས་འགག་པར་འགྱུར།། ཞེས་གསུངས་པ་ནང་བཞིན། གང་ལྟར་ཉོན་མོངས་དེ་བདེན་འཛིན་དང་འབྲེལ་བ་ཡོང་གི་ཡོད་པ་རེད། བདེན་འཛིན་ཟེར་བ་དེ་ང་རང་ཚོ་ལ་སྣང་སྡད་དེ། བདེན་འཛིན་གྱིས་ལག་པ་འཆང་ས་ང་རང་ཚོ་ལ་ཆོས་གང་སྣང་ན།  ཐལ་འགྱུར་བ་གཞིར་བཞག་བྱས་ཐ་སྙད་དུ་རང་མཚན་མི་བཞེད་མཁན་དེ། གང་སྣང་བ་དེ་དག་སྣང་བ་ལྟར་དུ་དོན་དམ་དུ་ཡོད་བ་རེད། ཞེས་དེ་ལྟར་བྱས་ནས་དེ་ལ་རྟེན་ནས་ཚུལ་མིན་ཡེ་ཤེས་ཀྱིས་རྣམ་རྟོག་ཡོང་གི་ཡོད་བ།

དེང་སང་ཚད་རྡུལ་དངོས་ཁམས་རིག་པ་ཞེས་རྒྱ་ནག་ནང་གི་སློབ་ཕྲུག་དེ་འདྲ་ལ་ཚོར་བ་དེ་འདྲ་སླེབས་སྡོད་ཀྱི་འདུག  དེ་འདྲའི་རྩོམ་ཡིག་བྲིས་ཡོད་པ་ངས་གོ་སོང་། ཚད་རྡུལ་དངོས་ཁམས་རིག་པར་སློབ་སྦྱང་བྱས་ཡོད་པ་དེ་ལ་སྣང་བ་ལྟར་དུ་གྲུབ་མེད་པ་ཨ་འཐས་ཀྱི་འཛིན་པ་ཤུགས་ཆུང་རུ་འགྲོ་གི་འདུག་ཞེས་ཆོས་ཕྱོགས་ཀྱི་སྐད་ཆ་མ་རེད། དེང་སང་སློབ་ཕྲུག་དེ་འདྲ་ལ་དོན་སྣང་བྱུང་འདུག དེ་དག་དག་རེད། བཅོམ་ལྡན་འདས་རེད། ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་དངོས་གནས་དྲང་གནས། འདོད་ཆགས་ཞེ་སྡང་གཏུ་མིག་རྣམས།། རྣམ་པར་རྟོག་ལས་འབྱུང་པར་གསུང་།། ཞེས་གསུངས་པ་དེ། གང་ལྟར་ཉོན་མོངས་དེ་དག་ཚུལ་མིན་ཡེ་ཤེས་ཀྱི་རྣམ་རྟོག་ལས་ཡོང་གི་ཡོད་པ་ཡིན་དུས། དེ་སེལ་བ་ལ་རིགས་པའི་ལམ་ནས་སེལ་དགོས་པས།  སངས་རྒྱས་ཀྱི་ཆོས་ལ་བློ་གཟུར་བོ་གནས་པའི་ཐོག་ནས་ག་ཚད་ཀྱི་དཔྱད་པ་བྱས་བའི་ཚོད་ཀྱིས་རང་བཞིན་མེད་པ་ཟེར་བ་དེ་རིགས་པའི་ལམ་ནས་སྒྲུབ་ཐུབ་པ་དེ་ཏན་ཏན་རེད།

བྱང་ཆུབ་ཀྱི་སེམས་ཀྱི་སྐོར་ལ་ད་ལྟ་ཁྱེད་ཚོས་རྟགས་གསལ་བཏང་སོང་། ངོས་ཀྱིས་འདི་དྲན་སོང་། རང་གཅེས་འཛིན་དང་གཞན་གཅེས་འཛིན་དེ་སྤྱོད་འཇུག་ནང་ན།  བདག་བདེ་གཞན་གྱི་སྡུག་བསྔལ་དག། ཡང་དག་བརྗེ་བར་མ་བྱས་ན།། སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་།། འཁོར་བ་ན་ཡང་བདེ་བ་མེད།། ཞེས་གསུངས་འདུག  གཞན་གཅེས་འཛིན་ཉུང་དྲག  རང་གཅེས་འཛིན་ཤུགས་ཆེན་པོ་བྱས་ནས་འཛམ་བུ་གླིང་གི་རྙོགས་དྲ་ཚང་མ་དེས་བཟོས་འདུག  དེར་བརྟེན། བདག་བདེ་གཞན་གྱི་སྡུག་བསྔལ་དག། ཡང་དག་བརྗེ་བར་མ་བྱས་ན།། སངས་རྒྱས་གོ་འཕོང་སྐད་ཆ་སྐད་དགོས་པ་མ་རེད།  གང་ལྟར་འཛམ་བུ་གླིང་ལ་ཆ་བཞག་ན་ཡང་རང་གཅེས་འཛིན་གྱི་གཞན་དབང་ལ་བཏང་། ཆགས་སྡང་གི་གཞན་དབང་ལ་བཏང་ནས། འཛམ་བུ་གླིང་འདིའི་སྟེང་གི་སེམས་ཅན་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། མིའི་རང་བཞིན་ལྷན་སྐྱེས་སྤྱི་ཚོགས་ལ་རྟེན་པ་ཡིན་པས། བརྩེ་བ་ཆུང་ཆུང་སྐབས་ནས་ཡོད་པ་རེད།  དེ་སློབ་སྦྱོང་གི་སྟེང་ནས་ཤུགས་བརྒྱབ་སྟེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ཕྲུ་གུ་ཚོ་ལ་ཡར་འཕེལ་ཡོང་དུས། རང་གཅེས་འཛིན་སྐྱོན་ཡིན་པ་དང་གཞན་གཅེས་འཛིན་ཡོན་ཏན་ཡིན་པའི་སློབ་སྦྱོང་སྤྲོད་ཐུབ་པ་བྱུང་ན་འཛམ་བུ་གླིང་ཞི་བདེ་ཡོང་གི་རེད།  གཞན་འཛམ་བུ་གླིང་ཞི་བདེ་ཡོང་བར་ཤོག་ཅེས་སྨོན་ལམ་བརྒྱབ་ནས་ཕན་ཐོག་རྒྱུ་ཁྱོན་ནས་ཡོད་པ་མ་རེད། གང་ལྟར་ང་ཚོ་ཚང་མས་ཁ་ཡོད་ལག་ཡོད་ཀྱིས་འཛམ་བུ་གླིང་འདིར་བདེ་སྐྱིད་ཡོང་རྒྱུ་འདོད་ཀྱི་ཡོད་པ་རེད། དེ་རྩད་གཅོད་བྱས་དགོས་པ་རེད། རྩད་གཅོད་བྱས་ཡོང་དུས། བླ་མ་མཆོད་པའི་ནང་ལ། རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ།། མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི།། ཞེས་གསུངས་པ་དང་། སྤྱོད་འཇུག་ནས། འཇིག་རྟེན་སྡུག་བསྔལ་ཇི་སྙིད་པ།། དེ་ཀུན་རང་བདེ་འདོད་ལས་བྱུང་།། འཇིག་རྟེན་བདེ་བ་ཇི་སྙེད་པ།། དེ་ཀུན་གཞན་བདེ་འདོད་ལས་བྱུང་།། ཞེས་གསུངས་པ་ལྟར།   རང་གཅེས་པུ་འཛིན་པ་དེ་ཡིས་འཛམ་བུ་གླིང་ཕོང་ཡོང་གི་ཡོད་བ་རེད་པ་གསལ་བོ་རེད། མཁྱེན་སོང་ངམ།

ཆོས་ཡི་སྐད་ཆ་མ་རེད། དངོས་ཡོད་གནས་ཚུལ་ལ་འཛམ་གླིང་འདིར་ཞི་བདེ་དགོས་ན་གཞན་གཅེས་འཛིན་དེ་སྤེལ་དགོས། ཇི་ཙམ་གྱིས་རང་གཅེས་འཛིན་རྐྱང་བར་དེ་བསམ་བློ་བཏང་བ་ཡིན་ན་སོ་སོ་ཕོངས་ཡོང་བསམ་ནས་འཇིགས་སྣང་། ང་རྒྱལ། ཕྲག་དོག འགྲན་སེམས་སོགས་ཕོང་བྱེད་ཀྱི་བློ་མང་པོ་ཞིག་རང་གཅེས་འཛིན་གྱི་ཐོག་ནས་ཡོང་བཞིན་ཡོད། དེར་བརྟེན། རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ།། ཞེས་སྤྱོད་འཇུག་ནས་གསུངས་པ་དེ་ལྟར་རེད། སྤྱོད་འཇུག་ལས།  འཇིག་རྟེན་སྡུག་བསྔལ་ཇི་སྙིད་པ།། དེ་ཀུན་རང་བདེ་འདོད་ལས་བྱུང་།། འཇིག་རྟེན་བདེ་བ་ཇི་སྙིད་པ།། དེ་ཀུན་གཞན་བདེ་འདོད་ལས་བྱུང་།། ཞེས་གསུངས་པ་དེ་རེད། སེམས་པ་བཟང་བོ་བྱེད་རྒྱུ་དེ་དང་། དེ་ལྟ་བུའི་སེམས་པ་བཟང་བོ་བྱེད་པ་དེ་ནི་དད་པ་གཅིག་པོས་ཡིད་ཆེས་བྱས་བ་གཅིག་པུ་མ་ཡིན་པར། སེམས་པ་བཟང་བོ་བྱུང་ན་འཕྲལ་དུ་བདེ་བ། ཕུགས་ལ་ཕན་པ། ག་ལེར་ག་ལེར་བློ་ལ་འགྱུར་བ་ཐེབས་ཐུབ་པ་ཞིག་དང་། རང་གཅེས་འཛིན་ཤུགས་ཆུང་རུ་གཏོང་ཐུབ་པ་ཞིག དེའི་་ཐོག་ལ་སྟོང་ཉིད་ཀྱི་ལྟ་བ་སྣོན་པ་བརྒྱབ་ཡོང་དུས་དངོས་གནས་དྲང་གནས་ཧ་ལས་པ་ཞིག་རེད།

སྤྱི་སངས་རྒྱས་པའི་ཆོས་དང་། ཡང་སྒོས་དཔལ་ནཱ་ལེནྡྲའི་ལེགས་སྦྱར་ཀྱི་ཆོས་བརྒྱུད་དེ་ཧ་ལས་པ་རེད།  ཆོས་དད་མེད་མཁན་ཚོ་ལ་ཡང་དེའི་སློབ་སྦྱོང་སྤྲད་དགོས་པ་ཞིག་ཏན་ཏན་རེད། དེ་འདྲ་ཞིག་གི་ཐོག་ནས་འཛམ་བུ་གླིང་འདི་དངོས་གནས་བདེ་སྐྱིད་ལྡན་པ་ཞིག་ཆགས་ཐུབ་པའི་རེ་བ་ཡོད་པ་རེད། ཁྱེད་རང་ཚོ་དེ་སྒྲུབ་མཁན་གྱི་ས་བོན་ལྟ་བུ་རེད། ཁྱེད་རང་ཚོ་ཕྲུ་གུ་ཚོས་རྟགས་གསལ་གཏོང་དུས་ཧ་ཅང་ཡག་པོ་འདུག མཁྱེན་སོང་ངམ ། མུ་འཐུད་དེ་མི་རབས་ནས་མི་རབས་སྤྱི་སངས་རྒྱས་ཀྱི་བསྟན་པ། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་ཆ་བཞག་ན་ལོ་དྲུག་བརྒྱར་ང་ཚོ་གདན་ས་ཆེ་གྲས་དེ་དག་གིས་བཟུང་ནས་བསྡད་པ་རེད། ད་དུང་ཡིན་ན་ཡང་ལོ་བརྒྱ་ཕྲག་ཁ་ཤས་ལ་བསྟན་པ་གནས་ཐུབ་པ་དེ་སློབ་གཉེར་ལ་རག་ལས་པ་རེད། སློབ་གཉེར་མེད་ན་དད་པ་གཅིག་པོས་གནས་ཐུབ་རྒྱུ་ཁག་པོ་རེད། ཁྱེད་རང་ཚོ་ད་ལྟ་པར་དུ་ཧར་ཐག་འབད་ཐག་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་ཡིན་ན་ཡང་ཚང་མས་ཧུར་བསྐྱེད་གནང་ཤོག། མཁྱེན་སོང་ངམ། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་ཟབ་མོ་ལེགས་པར་སྩལ་རྗེས་རྒྱལ་བའི་གཟིམ་ཆུང་དུ་ཆིབས་བསྒྱུར་བསྐྱངས་ཡོད།

གནས་ཚུལ་གཏོང་མཁན། དགེ་བཤེས་ལྷ་རམས་པ་ངག་དབང་ཉི་མ་ལགས།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།