༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ཀིརྟི་བྱེས་པ་གྲྭ་ཚང་དབུ་བརྙེས་ནས་ལོ་འཁོར་ཉེར་ལྔའི་མཛད་སྒོར་དབུ་བཞུགས་མཛད་པ། ༢༠༡༩ ཟླ་བ་ ༡༢ ཚེས་ ༧

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་དབུ་བརྙེས་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོ་དང་། མ་འོངས་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་ཆེན་མོར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

དེ་ཡང་ཞོགས་པ་ཆུ་ཚོད་༩།༠༠ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཀིརྟི་བྱེས་པ་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་སྐབས་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་སྤོས་སྣེས་ཕེབས་བསུ་དང་། ཕེབས་ལམ་དུ་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས། གཞན་ཡང་། བཀའ་བློན་རྣམ་པ་དང་། སྤྱི་འཐུས་རྒྱུན་ལས། བགྲོ་གླེང་ལ་མཉམ་ཞུགས་གནང་མཁན་མཁས་དབང་རྣམ་པ་དང་། རྒྱ་བལ་འབྲུག་གསུམ་དང་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་དང་བཙུན་དགོན་ཁག་གི་དབུ་འཛིན་དང་སློབ་གྲྭའི་སློབ་སྤྱི། འཛིན་སྐྱོང་བ། དགེ་རྒན་བགྲེས་པ། ཉམས་མྱོང་ཅན་སོགས་བགྲོ་གླེང་པ་དང་བགྲོ་གླེང་ཟུར་ཉན་པ་གྲྭ་བཙུན་གྱི་སློབ་གཉེར་པའི་འཐུས་མི། ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ། བཞུགས་སྒར་ཁུལ་གྱི་དགོན་སྡེ་ཁག་གི་དབུ་འཛིན་དང་དགེ་རྒན། ཚོགས་པ་ཁག་གི་སྐུ་ཚབ་སོགས། ཀིརྟི་བྱེས་པ་གྲྭ་ཚང་དང་འབྲེལ་ཡོད་སེར་སྐྱ་ཕོ་མོ་བརྒྱ་ཕྲག་བརྒལ་བས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་སོགས་ཐོགས་ནས་ཕེབས་བསུ་ཞུས་པ་དང་།

ཕེབས་ལམ་དུ་གཞིས་བྱེས་གཉིས་ཀྱི་ཀིརྟིའི་དགོན་ཁག་ནས་རྩོམ་སྒྲིག་གནང་བའི་དཔེ་དེབ་སོགས་འགྲེམས་སྟོན་དང་འབྲེལ་ད་ལྟའི་སློབ་སྦྱོང་གི་གནས་སྟངས་ལམ་ཙམ་སྤྱན་འབུལ་ཞུས་པ་དང་། དགོན་པའི་ཆོས་ར་རུ་རྡོར་གླིང་ཁེའི་ཀིརྟིའི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་དུ་གཞུང་ཆེན་མོའི་སློབ་སྦྱོང་བཀའ་དགོངས་བཞིན་གསར་འཛུགས་ཞུ་འཆར་གྱི་སྔོན་འགྲོའི་གྲ་སྒྲིག་ཆེད་ས་གནས་ཡུལ་མིའི་གྲྭ་རྒྱུན་གསར་ཞུགས་པ་རྣམས་ནས་རྩོད་རྒྱུགས་ཀྱི་ཚུལ་དུ་དམ་བཅའ་དང་རྩོད་གྲྭ་ཚུགས་པར་གཟིགས་ཞིབ་དང་འབྲེལ་མཛད་སྒོ་ཚོགས་མགོན་གྱི་བཞུགས་ཁྲིར་༸ཞབས་སོར་བཀོད་རྗེས་སྐྱབས་རྗེ་ཀིརྟི་རིན་པོ་ཆེས་མཎྚལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་ཞལ་འདོན་གསུངས་འདོན་དང་འབྲས་སིལ་འདེགས་འབུལ་ཞུས་པ་དང་། དེ་ནས་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་རྩོམ་སྒྲིག་གནང་བའི་སྔོན་འགྲོའི་འཛིན་གྲྭ་ནས་འཛིན་གྲྭ་དགུ་པའི་བར་གྱི་སློབ་དེབ་བློ་གསལ་མགུལ་རྒྱན་ཞེས་བྱ་བ་དེབ་ཕྲེང་ ༦༩ ཞལ་ཕྱེ་མཛད། དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་ཀིརྟི་བྱེས་པ་གྲྭ་ཚང་གི་བཀའ་པོད་ལྔའི་བསླབ་པ་མཐར་སོན་པའི་སློབ་ཐོན་པ་དང་པོ་རྣམས་ལ་འདུལ་བ་རབ་འབྱམས་པའི་ཕྱག་འཁྱེར་གནང་བ་དང་། ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་ལགས་ནས་ཀིརྟི་བྱེས་པ་གྲྭ་ཚང་ཚུགས་ནས་མི་ལོ་ཉེར་ལྔ་འཁོར་བའི་བརྙན་དེབ་དང་། ཀིརྟི་བྱེས་པ་གྲྭ་ཚང་ནས་རྩོམ་སྒྲིག་གནང་བའི་རྟགས་ཀྱི་འཇུག་པའི་མཐའ་དཔྱོད་ཆེན་མོའི་དཔེ་དེབ་གཉིས་དང་།  སློབ་དེབ་བློ་གསལ་མགུལ་རྒྱན་འཕྲུལ་དེབ་གློག་ཀླད་ཐོག་ནས་དབུ་འབྱེད་གནང་།

དེ་རྗེས་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམ་འདྲི་དང་འབྲེལ་ཐུགས་བརྩེ་བ་ཆེན་པོས་ཆིབས་བསྒྱུར་བསྐྱངས་པར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུས་པ་དང་། ཀིརྟི་བྱེས་པ་གྲྭ་ཚང་གི་མཛད་སྒོ་སྔ་ཕྱིར་ཆིབས་བསྒྱུར་བསྐྱངས་ཡོད་པ་བཞིན་མ་འོངས་པར་ཡང་ཡང་ཆིབས་བསྒྱུར་བསྐྱང་ཐུབ་པའི་སྨོན་ལམ་དང་། མདོ་སྨད་ཁུལ་དང་ལྷག་པར་དུ་ཀིརྟི་ཁུལ་དུ་དུས་འཁོར་དབང་ཆེན་གནང་རྒྱུར་གཞིས་ཀྱི་སྐྱ་སེར་མང་པོས་རེ་བ་བྱེད་བཞིན་པ་སྐྱབས་འཇུག་ཞུས་པ་དང་། མུ་མཐུད་དུ་ཕྱི་ལོ་ ༡༩༩༢ ལོར་ཀིརྟི་བྱེས་པ་གྲྭ་ཚང་བཙུགས་པའི་ལོ་རྒྱུས་མདོར་བསྡུས་ངོ་སྤྲོད་དང་། རབ་བྱུང་ཕོ་མོ་གཞོན་སྐྱེས་རྣམས་ཀྱི་སྔོན་འགྲོའི་སློབ་སྦྱོང་གི་ལམ་སྲོལ་ལ་དུས་བསྟུན་ལེགས་བཅོས་ཀྱིས་མ་འོངས་པའི་བསྟན་འཛིན་སྐྱེས་བུ་སྐྱེད་སྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་གོ་སྒྲིག་བྱེད་དགོས་པའི་དམིགས་ཡུལ། སློབ་དེབ་བློ་གསལ་མགུལ་རྒྱན་རྩོམ་སྒྲིག་གི་རིམ་པ་བཅས་ངོ་སྤྲོད་མཛད་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་དང་འབྲེལ་བའི་སྐད་ཆ་ཡང་ཡང་ཡོང་བཞིན་ཡོད་པས་ཡང་སྲིད་བཙལ་རྗེས་བླ་བྲང་ཚགས་ཚུད་པོ་ཞིག་དགོས་པའི་སྐོར་བཅས་གསུང་བཤད་གནང་བ་དང་། དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་དང་། སྲིད་སྐྱོང་བློ་བཟང་སེངྒེ་ལགས་གཉིས་ཀྱིས་རིམ་བཞིན་གསུང་བཤད་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

ཀིརྟི་རིན་པོ་ཆེས་མཚོན་པའི་ཆོས་ལུགས་ཁག་གི་དབུ་ཁྲིད་དང་མཁས་དབང་། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོ་ཆེད་མངགས་ཕེབས་པ་རེད། ཚང་མར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཅེས་འཚམས་འདྲི་དང་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་སྦྱར་བྱང་ལུང་འདྲེན་དང་འབྲེལ་མུ་མཐུད་བཀའ་སློབ་སྩལ་དོན། འཛམ་གླིང་འདིའི་སྟེང་ཆོས་དད་ཟེར་བ་དེ་ང་ཚོའི་དཔེ་ཆའི་ནང་དུ་མཐོང་བ་མངོན་གྱུར་དང་། ཅུང་ཟད་ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་ཅེས་གསུང་གི་ཡོད་པ་བཞིན། ཆོས་ལུགས་མང་པོ་ཞིག་ཤིན་ཏུ་ལྐོག་གྱུར་སྟེང་ལ་རྒྱུ་མཚན་བཀོད་རྒྱུ་མེད་པར་དད་པ་རྐྱང་བའི་ཐོག་འགྲོ་བཞིན་ཡོད་པ་རེད། སངས་རྒྱས་པའི་ཆོས་ཀྱིས། གཙོ་བོའི་དོན་ལ་མི་བསླུ་ཕྱིར།། གཞན་ལ་རྗེས་སུ་དཔག་པ་ཡིན།། ཞེས་ཅུང་ཟད་ལྐོག་གྱུར་གྱི་དོན་མང་པོ་ཞིག་རྩད་གཅོད་བྱེད་སྐབས་ར་འཕྲོད་པ་ཞིག་དང་། དེ་ཡང་མཐར་མཐོང་བ་མངོན་གྱུར་ལ་གཏུགས་ཡོང་སྐབས་སེམས་ལ་འགྱུར་བ་ཐེབས་རྒྱུ་ཡོད་པ་དེ་ལྟ་བུ་ཞིག་རྒྱུ་མཚན་དུ་བྱས་ནས་གཙོ་བོ་ཐར་བ་དོན་དུ་གཉེར་བའི་དོན་གཉེར་སྐྱེས་པ་དང་། ཐར་བ་སྒྲུབ་པའི་ལམ་ཕྱོགས་ལ་རིགས་པའི་སྒྲུབ་བྱེད་ཀྱི་ཐོག་ནས་བསམ་བློ་གཏོང་རྒྱུ་ཡོད་པ་ཆགས་སྐབས། མངོན་སུམ་གྱི་མྱོང་བ་ལ་གཏུགས་ནས་འགྲོ་རྒྱུ་ཡོད་པས་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཤིན་ཏུ་ལྐོག་གྱུར་གྱི་གནད་འགག་དེ་དག་ལ་གཞི་ནས་ཡིད་ཆེས་སླེབས་པ་ཞིག་རེད། གཙོ་བོའི་དོན་ལ་མི་བསླུ་ཕྱིར།། ཞེས་པ་གལ་ཆེན་པོ་རེད།

ང་རང་ཚོ་མང་པོ་ཞིག་གིས་སྐྱབས་སུ་མཆི་ཟེར་ནས་ཕ་མེས་ནས་མར་དད་པ་བྱས་ནས་སྡོད་པ་དང་། བཀའ་ཆོས་གནང་མཁན་གྱི་བླ་མ་མང་པོ་ཞིག་གིས་ཀྱང་དད་པ་གཙོ་བོར་བྱས་ནས་གསུངས་པ་ལྟ་བུ་འདུག དཔེར་ན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ལམ་རིམ་བདེ་ལམ་དང་། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ལམ་རིམ་མྱུར་ལམ་གཉིས་བཀའ་གདམས་གཞུང་པ་བའི་ཁྲིད་ལྟར་མ་རེད། བཀའ་གདམས་ལམ་རིམ་པའི་ཁྲིད་ལྟར་ཕལ་ཆེར་མ་རེད། བཀའ་གདམས་མན་ངག་པ་བསྡུས་བསྡུས་བྱས་ནས་ཁྲིད་རྒྱུ་ཞིག་རེད། རྗེ་རིན་པོ་ཆེའི་ལམ་རིམ་ཆེ་ཆུང་གཉིས་བཀའ་གདམས་ལམ་རིམ་པ་ཟེར་བ་དེ་རེད། གཞུང་ཆེན་མོ་དང་སྦྲེལ་ནས་གསུངས་པ་ཞིག་རེད། གཞུང་ཆེན་སྦྱངས་ཏེ་ལམ་རིམ་ལ་ཚུར་སྦྲེལ་ནས་ཉམས་ལེན་བྱེད་པ་དེ་བཀའ་གདམས་གཞུང་དྲུག་གི་ཐོག་ནས་བཤད་ཡོང་བས་བཀའ་གདམས་གཞུང་པ་བ་ཟེར་བ་དེ་ཆགས་ཀྱི་ཡོད། གཞུང་ཆེན་མོར་ལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་ཆོས་དད་ཡོད་མེད་ལ་མ་བལྟོས་པར་མི་རྣམས་ནང་པའི་གཞུང་ལས་བྱུང་བའི་སེམས་ཁམས་རིག་པར་འབྲེལ་བ་ཡོད་པ་དང་ཕན་ཐོགས་ཡོད་པས་སློབ་སྦྱོང་བྱེད་དགོས་པ་ཞིག་ཆགས་ཡོད་སྐོར་དང་། སངས་རྒྱས་བཅོམ་ལྡན་འདས་ལོ་ཉིས་སྟོང་ལྔ་བརྒྱའི་གོང་ལ་འཁྲུངས་པ་རེད་ཅེས་རྩ་ཆེན་པོར་བརྩི་བ་མ་ཡིན་པར་ཁོང་གིས་གསུངས་ཡོད་པ་ལ་བརྟག་དཔྱད་བྱ་རྒྱུ་དང་། ཀླུ་སྒྲུབ་ཡབ་སྲས་ཀྱིས་སྟོན་པའི་དགོངས་པ་བཀྲལ་ཡོང་སྐབས་རིག་པའི་སྒྲུབ་བྱེད་རང་གི་ཐོག་ནས་ཡོང་ཡོད་པ་དང་། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རིགས་པའི་ལམ་ནས་སྒྲུབ་བྱེད་བཀོད་ནས་ཡོང་གི་ཡོད་པ་ནང་པ་དང་ལྷག་པར་དུ་ནཱ་ལེནྡྲའི་ཆོས་བརྒྱུད་ཁོ་ན་ཡིན་སྐོར་སོགས་བཀའ་སློབ་སྩལ་བ་དང་།

གཞན་ཡང་། ང་ཚོ་རྒྱ་གར་ལ་སླེབས་ནས་གམ་བཅར་ཕན་བདེ་ལེགས་བཤད་གླིང་དང་། རྒྱུད་གྲྭ་སྟོད་སྨད་ཀྱི་བསྐྱེད་རིམ་པ་ཚོས་མཚད་ཉིད་ལ་བལྟ་དགོས་པ་རེད་ཅེས་ངོས་ཀྱིས་འབོད་སྐུལ་བྱས་པ་རེད། དེ་ནས་རིམ་བཞིན་སློབ་གྲྭ་ཁག་གི་ནང་དུ་རིགས་ལམ་བསླབ་དགོས་པ་རེད་ཅེས་འབོད་སྐུལ་བྱས་པ་ཡིན། ད་ལྟ་སློབ་གྲྭ་ཁག་གི་ནང་དུ་སློབ་ཕྲུག་ཚོས་རྟགས་གསལ་གཏོང་བའི་ལམ་སྲོལ་ཞིག་བཏོད་ཡོད། གང་ལྟར་ཤེས་ཡོན་གྱི་སྡེ་ཚན་ནང་དུ་བཞག་ནས་རིགས་ལམ་སློབ་པ་དང་། བློ་རིག་དང་རྟགས་རིག་གིས་སེམས་ཁམས་རིག་པའི་སྐོར་བཤད་ཀྱི་ཡོད་པ་རེད། སྐྱབས་སུ་མཆི་ཟེར་བའི་སྐད་ཆ་མ་རེད། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ། རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ། གཞན་འགྱུར་བཞི་དང་། དཔེར་ན། སེམས་བྱུང་ང་གཅིག་ལྟ་བུ། ཚད་མ་དང་ཚད་མིན། རྟོག་པ་དང་རྟོག་མེད་བཅས་ཀྱིས་སེམས་ཁམས་རིག་པ་བཤད་ཀྱི་ཡོད་པས་བློ་རིག་བསླབ་པ་དང་། དེ་དག་ལ་དཔྱད་པ་བྱེད་སྐབས་རིགས་ལམ་གྱི་ཐོག་ནས་དཔྱད་པ་ལ་རྟགས་རིག་བཅས་ཤེས་ཡོན་གྱི་སྡེ་ཚན་ནང་ལ་བཞག་ནས་སློབ་གྲྭ་ཁག་ལ་བསླབ་དགོས་ཀྱི་འདུག་ཅེས་འབོད་སྐུལ་བྱས་པ་རེད་ལ། སློབ་གྲྭ་ཁག་གིས་དོ་སྣང་བྱས་ནས་འགྲོ་བཞིན་ཡོད་པ་རེད། རིམ་བཞིན་ང་ཚོའི་བོད་ཀྱི་སྤྱི་ཚོགས་ཀྱི་མི་ཡོངས་ཀྱིས་བློ་རིག་དང་རྟགས་རིག་གི་ཐོག་ནས་སེམས་ཁམས་རིག་པ་སྦྱང་ནས་རིག་པས་དཔྱད་པ་བྱེད་པ་དང་། དེའི་ཐོག་ལ་སྣོན་པ་བྱས་ཏེ་གྲུབ་མཐའ་དང་། ད་ལྟ་ཚན་རིག་ཀུན་བཏུས་ཐོན་ཟིན་པ་རེད། དེ་ཚོའི་གྲས་ལ་ཡག་པོ་ལྟོས། དེ་ནས་ལྟ་གྲུབ་ཀུན་བཏུས་མགྱོགས་པོ་ཐོན་ཡོང་གི་རེད། དེ་ཚོར་དོ་སྣང་བྱས་ཏེ་ཤེས་ཡོན་གྱི་སྡེ་ཚན་ནང་ལ་བཞག་ནས་བལྟ་ཐུབ་ན་ཆོས་ཀྱི་སྐད་ཆ་མ་རེད། དགེ་ལུགས་པ་ཡིན་ཟེར་བ་ལྟ་བུ་དང་། རྙིང་མ་ཡིན་ཟེར་བ་ལྟ་བུ། བཀའ་བརྒྱུད་པ་ཡིན་ཟེར་བ་ལྟ་བུ་སོགས་བཤད་དགོས་པ་མ་རེད། འདི་དག་ཚང་མར་ཐུན་མོང་གི་གཞུང་རེད།

གང་ལྟར་བོད་ཀྱི་སྤྱི་ཚོགས་མང་ཚོགས་རང་ནས་ཤེས་ཡོན་ཡར་རྒྱས་ལ་འགྲོ་བ་ཞིག་ལ། ངོས་ཀྱིས་རྒྱ་གར་ལ་གནའ་རབས་ཀྱི་ཤེས་ཡོན་སླར་གསོ་བྱེད་དགོས་ཀྱི་འདུག་ཞུས་པ་བཞིན། ང་རང་ཚོའི་བོད་པའི་ནང་ལ་སྐད་ཡིག་གཞན་ལ་བརྟེན་མི་དགོས་པར་བོད་ཡིག་རྐྱང་གི་ཐོག་ནས་ཚད་མ་ལ་སོགས་པའི་གཞུང་མང་པོ་ཞིག་ཡོད་པ་ལ་བོད་སྐད་ཀྱི་ཐོག་ནས་འགྲེལ་བཤད་ཧ་ལས་པ་ཞིག་རྒྱག་ཐུབ་ཀྱི་འདུག ཨིན་སྐད་ཀྱི་ཐོག་ནས་རྒྱག་ཐུབ་པ་ཡོད་པ་མ་རེད། ལེགས་སྦྱར་ནི་ད་ལྟའི་ཆར་སྐད་ཡིག་བེད་མེད་རེད། དེ་ལྟ་བུའི་བསམ་བློ་བཏང་ཡོང་དུས་བོད་ཡིག་དང་བོད་སྐད་ཀྱིས་གཞི་ནས་ཡིད་དབང་འཕྲོག་པ་ཞིག་རེད། ནང་པ་སངས་རྒྱས་པའི་ཚད་མ་རིག་པ་དང་། ལྟ་གྲུབ་ཞིབ་ཚགས་པོས་འགྲེལ་བཤད་རྒྱག་དགོས་ན་བོད་ཡིག་མེད་ན་ཡོང་ཐབས་མེད། དེར་བརྟེན། བོད་ཡིག་ལ་མཐོང་ཞིག་སླེབས་ཡོང་གི་འདུག དེ་ང་ཚོ་བོད་མི་རིགས་ཀྱི་སྐད་ཡིག་རེད། མི་རིགས་ཀྱི་སེམས་ནང་ལ་སྤོབས་པ་སླེབས་པ་ཞིག་རེད། དངོས་གནས་སེམས་ཁམས་རིག་པ་དང་འབྲེལ་བའི་ཤེས་ཡོན་གྱི་སྡེ་ཚན་ནང་ལ་བོད་ཡིག་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་ཞིག་མངོན་ཡོང་གི་འདུག བོད་མི་རིགས་ཀྱི་སེམས་ཤུགས་སླེབས་པ་ལའང་ཕན་ཐོགས་ཡོད་པ་ཞིག་རེད། བོད་རྒྱ་ཆེའི་མི་མང་གིས་བོད་ཀྱི་སྙིང་སྟོབས་དེ། ད་ལྟའི་བར་བོད་ཀྱི་སངས་རྒྱས་པའི་ཆོས་དང་འབྲེལ་ནས་ཡོད་པ་དང་། ད་ཅི་གསུང་བཤད་ནང་དུ་ཡོད་པ་བཞིན་རེད། མི་མང་པོ་ཞིག་གིས་ལུས་སྲོག་ལོངས་སྤྱོད་ཕངས་མེད་བྱས་ནས་བོད་སྤྱི་བའི་དོན་དུ་དཀའ་ལས་རྒྱབ་པ་རེད། རང་ལུས་མེར་བསྲེགས་གཏོང་མཁན་ག་ཚོད་བྱུང་སོང་། ཧ་ལས་པའི་སེམས་ཤུགས། དེ་ལྟ་བུའི་སེམས་ཤུགས་དང་སྙིང་སྟོབས་ནི་ང་ཚོར་རིག་གཞུང་གཏིང་ཟབ་མོ་ཞིག་ཡོད་པ་དང་། བོད་པ་རང་གི་སྐད་ཡིག་ཟུར་དུ་ཡོད་པ་དེའི་ཐོག་ནས་སླེབས་ཡོང་གི་འདུག དེར་བརྟེན། བོད་མི་རིགས་ཀྱི་རང་དབང་གི་འཐབ་རྩོད་ཐོག་ཏུ་ཡིན་ནའང་ང་ཚོའི་རིག་གཞུང་བསྐྱར་གསོ་བྱེད་པ་དེ་ཧ་ཅང་འབྲེལ་བ་འདུག མ་འོངས་པར་རྒྱ་མི་རིགས་དུང་ཕྱུར་མང་པོར་ཕར་ཕན་ཐོགས་བྱེད་ཐུབ་པ་ཞིག་འདུག བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་རྗེས། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སློབ་དེབ་བློ་གསལ་མགུལ་རྒྱན་ལ་བསྔགས་བརྗོད་དང་འབྲེལ་དགོངས་ཚུལ་གསུང་བཤད་གནང་རྗེས་ཉིན་གུང་ལྗགས་སྨིན་གནང་བ་དང་། ཆུ་ཚོད་དང་པོ་མ་ཟིན་ཙམ་ལ་མགོན་པོ་གང་ཉིད་མཆོག་གི་མཛད་རིམ་ལེགས་པར་གྲུབ་ནས་བཞུགས་སྒར་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།