༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ཀོ་རི་ཡའི་དད་ལྡན་ཆོས་ཞུ་བར་གསུང་ཆོས་དབུ་འཛུགས་མཛད་པ། ༢༠༡༩ ཟླ་བ་ ༡༡ ཚེས་ ༦

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༤ ནས་ ༦ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རུ་ཡའི་དད་ལྡན་ཆོས་ཞུ་བ་ ༧༠༠ ལྷག་གཙོ་བོར་གྱུར་པའི་རྒྱ་ནག་དང་རྒྱ་གར་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ ༦༣ ནས་ཕེབས་པའི་ཆོས་ཞུ་བ་སེར་སྐྱ་ཕོ་མོ་ཁྱོན་མི་གྲངས་ ༧༠༠༠ བརྒལ་བར་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་ཉིན་གྲངས་གསུམ་རིང་གི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཀོ་རི་ཡའི་འབྲེལ་ཡོད་ལས་སྣེ་དང་མཁན་པོ་སོགས་ཀྱིས་ཕེབས་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་པ་ལིའི་སྐད་ཀྱི་ཐོག་དཀོན་མཆོག་རྗེས་དྲན་གྱི་མདོ་གསུངས་འདོན་གནང་བ་དང་། དེ་རྗེས་ཀོ་རི་ཡའི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་མགོན་པོ་གང་ཉིད་མཆོག་གིས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།། མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད།། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།། དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།། ཞེས་སོགས་གསུང་འདོན་དང་འབྲེལ་བཀའ་སློབ་སྩལ་དོན།

ཁྱོད་རང་ཚོ་གཙོ་བོ་ཀོ་རི་ཡའི་དད་ལྡན་ཚོར་འཆར་ཅན་བཀའ་ཆོས་བྱེད་བཞིན་པ་ལྟར་དེ་རིང་འདིར་བཀའ་ཆོས་བྱེད་པ་རེད། ཁ་སང་ཆོས་འབྲེལ་ལས་སླ་བོ་ཞིག་བྱུང་ན་ཟེར། ངོས་ཀྱིས་ཤེས་རབ་སྙིང་པོ་མཁྲེགས་པོ་རེད་དེ་གང་ལྟར་ང་ཚོ་ཚང་མས་འདོན་བཞིན་ཡོད་པས་དེའི་དོན་རོབ་ཙམ་འགྲེལ་བཤད་རྒྱབ་ན་དྲན་པ་རེད། དེ་རིང་མ་གཞི་སྤྱི་བཤད་ཀྱི་ཐོག་ལ་གང་འཚམ་འགོར་གྱི་རེད།  སང་ཉིན་དང་གནངས་ཉིན་ཁྱོན་ཉིན་གསུམ་ཡོད་པ་རེད། སྔོན་ལ་དེ་རིང་སྤྱི་བཤད་ཏོག་ཙམ་བྱེད། གཅིག་བྱས་ནས་དེ་རིང་ནས་ཤེས་རབ་སྙིང་པོ་རོབ་ཙམ་བཤད་ཐུབ་མི་ཡོང་ངམ། སང་ཉིན་ལམ་གཙོ་ཞིག་བཤད་ན་་་ཡང་དག་པའི་ལྟ་བ་གསུམ་ཞེས་པ་བསྡུས་བསྡུས་བྱས་ནས་ཡོད་པས་འཇུག་པོ་མེད་དམ་བསམ་བྱུང་། དེར་བརྟེན། སང་ཉིན་རོབ་ཙམ་བཤད། ལམ་གཙོའི་དཔེ་ཆ་ཁྱོད་ཚོ་ཀོ་རི་ཡའི་སྐད་ནང་དུ་འདུག

དེ་རིང་སྤྱི་བཤད་ཕྲན་བུ་ཞུས་པ་ཡིན་ན། སྔོན་ལ་དྲི་བ་གཅིག་ནི་ད་ལྟ་དུས་རབས་ ༢༡ ནང་སླེབས་ཡོད། དངོས་པོ་ཡར་རྒྱས་ཆེན་པོ་ཕྱིན་ཡོད། འདི་ལྟ་བུའི་དུས་ཚོད་ལ་ཆོས་ཀྱིས་མི་ལ་ཕན་ཐོགས་གང་ཡོད་དང་། ཆོས་ནི་སྨོན་ལམ་རྒྱག་རྒྱུ་ཙམ་ཞིག་ཡིན་ན་དེ་ཙམ་རེད། དེར་བརྟེན། ཆོས་ནི་ད་ལྟའི་དུས་ཚོད་འདིར་འབྲེལ་བ་ཅི་ཞིག་འདུག ང་ཚོར་དྲི་བ་དང་པོ་ཕལ་ཆེར་འདི་སླེབས་ཀྱི་རེད།

འཛམ་གླིང་འདིར་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་པ་དང་། དེ་དག་ཚང་མའི་བསླབ་བྱ་གཙོ་བོ་ནི་བྱམས་བརྩེ་དགོས་པ་དེ་རེད་ཅེས་པའི་བསླབ་བྱ་རེད། བྱམས་པ་དང་བརྩེ་བ་ཞེས་པའི་བསླབ་བྱ་འདི་མིའི་ལྷན་སྐྱེས་རང་བཞིན་རེད་ལ་དགོས་མཁོ་ཡོད་པ་ཧ་ཅང་གསལ་པོ་རེད། དེ་ལྟ་བུའི་བྱམས་བརྩེ་སྤེལ་བར་ལྟ་གྲུབ་འདྲ་མིན་ཡོང་བཞིན་ཡོད། རིགས་གཅིག་གིས་འཇིན་རྟེན་བཀོད་པ་པོ་དཀོན་མཆོག་ཟེར་བ་ཞིག་བཤད་ནས་སྣོད་བཅུད་ཚང་མ་དཀོན་མཆོག་གིས་བཀོད་པ་རེད། དེར་བརྟེན། དཀོན་མཆོག་གིས་བསླབ་བྱ་གཙོ་བོ་ནི། བྱམས་བརྩེ་གསུང་གི་ཡོད་སྟབས་གལ་ཆེན་པོ་རེད། ཅེས་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་རྒྱུ་མཚན་འདི་ལྟར་གསུངས་བཞིན་ཡོད། རིགས་གཅིག་གིས་འཇིག་རྟེན་བཀོད་པ་པོ་འདོད་པ་དེ་ཡང་ཧ་ཅང་ཡག་པོ་ཡོད་པ་རེད། འཛམ་གླིང་འདི་ཚང་མ་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གིས་བཀོད་པ་རེད། དཀོན་མཆོག་ནི་བརྩེ་བའི་བདག་ཉིད་རེད། ང་ཚོ་ཚང་མ་བརྩེ་བའི་བདག་ཉིད་དཀོན་མཆོག་གི་སྲས་ཆགས་ཀྱི་ཡོད། དེར་བརྟེན། འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་དྲུག་ཅུ་བདུན་ཅུ་ཙམ་ཡོད་པ་ཚང་མ་དཀོན་མཆོག་གཅིག་གི་སྲས་ཆགས་སྟབས་སྤུན་མཆེད་ནང་བཞིན་རེད། ང་ཚོས་བརྩེ་བ་བྱེད་དགོས། ང་ཚོའི་ཡབ་ལྟ་བུ་དཀོན་མཆོག་ཆགས་ཡོད། ང་ཚོ་ཚང་མ་དཀོན་མཆོག་གཅིག་གི་སྲས་ཡིན་པ་ཞིག་གིས་ནང་ཁུལ་འཁྲུག་པ་བརྒྱབ་ནས་ཕན་ཚུན་གསོད་རེས་བྱས་ཚེ་ཤིན་ཏུ་མ་འོས་པ་རེད། དཔེར་ན།  ཁྱིམ་ཚང་གཅིག་གི་ཕ་མ་གཅིག་པའི་བུ་གུས་གསོད་རེས་བྱས་ན་ཧ་ཅང་ཐབས་སྡུག་ལ་བརྩི་གི་རེད།  དེར་བརྟེན། དེ་ལྟ་བུའི་ཐོག་ན་ཕན་ཐོགས་ཡག་པོ་འདུག

འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་ནི་རྒྱ་གར་ནང་ཕལ་ཆེར་ལོ་སུམ་སྟོང་ཙམ་གྱི་གོང་ནས་ཆོས་བརྒྱུད་མང་པོ་ཞིག་བྱུང་ཡོད། དང་པོ་ཕལ་ཆེར་གྲངས་ཅན་པ་རེད། མུ་སྟེགས་པའི་གཞུང་ནས་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གི་སྐད་ཆ་མེད་པར། དཔེར་ན། སྤྱི་གཙོ་བོ་ཟེར་བ་རེད། དེས་ཚང་མ་ཡོང་ས་ནི་རྟག་པ་དང་ཁ་ཤས་ཀྱིས་དབང་ཕྱུག་ཟེར་གྱི་ཡོད་པ་རེད། དེ་དག་རྟག་པ་རང་བྱུང་གི་སྐྱེས་བུ་ཟེར་བ་ཞིག་བཤད་ནས་མི་འདྲ་བ་ཡོད་པ་རེད། དེའི་རྗེས་སུ་རྗེས་གཅེར་བུ་པ་རེད། གཅེར་བུ་པས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད། དེ་རྗེས་སུ་སངས་རྒྱས་པའི་ཆོས་བྱུང་བ་རེད། སངས་རྒྱས་པས་ཀྱང་འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད། བཅོམ་ལྡན་འདས་ཀྱིས། བདག་ཉིད་བདག་གི་མགོན་ཡིན།། ཞེས་སོ་སོའི་མགོན་དེ་སོ་སོ་རེད། དེ་ལྟར་ཡིན་པའི་རྒྱུ་མཚན་ནི། སོ་སོས་ཡག་པོ་བྱས་ན། སོ་སོར་ཡག་པོ་ཡོང་གི་རེད། སོ་སོས་མི་ལ་གནོད་པ་དང་འཚེ་བ་སོགས་སྡུག་པོ་བྱས་པ་ཡིན་ན་སོ་སོར་སྡུག་བསྔལ་ཡོང་གི་རེད། དེར་བརྟེན། སོ་སོའི་བདེ་སྡུག་གི་རྒྱུ་རྐྱེན་ལྟ་བུ་གཙོ་བོ་ནི་སོ་སོ་རང་ལ་ཐུག་ཡོད། ཅེས་བདག་ཉིད་བདག་གི་མགོན་ཞེས་གསུངས་པ་རེད།

འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གཅེར་བུ་པ་དང་། གྲངས་ཅན་ལྷ་མེད་པའང་ཕལ་ཆེར་གཅིག་པ་མིན་ནམ། གང་ལྟར་གཞན་ལ་འཚེ་བ་བྱས་ན་རང་ལ་སྡུག་བསྔལ་ཡོང་གི་རེད། གཞན་ལ་ཕན་བཏགས་ན་རང་ལ་བདེ་བ་ཡོང་གི་རེད།  བདེ་སྡུག་ནི་རྒྱུ་འབྲས་ཀྱི་འགྲོ་སྟངས་བྱས་ནས་རྒྱུ་འབྲས་བུའི་ཐོག་ནས་འགྲེལ་བཤད་རྒྱག་ཡོང་སྐབས། རྒྱུ་གཞན་ལ་ཕན་བཏགས་ནས་ཕན་པའི་རང་བཞིན་བྱས་པ་ཡིན་ན་དེའི་འབྲས་བུར་རང་ལ་བདེ་སྐྱིད་ཡོང་གི་རེད། རྒྱུ་གཞན་ལ་གནོད་པའི་ལས་བྱས་པ་ཡིན་ན། རང་ལ་སྡུག་བསྔལ་ཡོང་གི་རེད། ཅེས་ལས་འབྲས་ཀྱི་སྐད་ཆ་བཤད་ཀྱི་འདུག

རྒྱ་གར་གི་ཆོས་བརྒྱུད་ཀྱིས་སྐྱེ་བ་སྔ་ཕྱི་བཤད་ཀྱི་ཡོད། སྐྱེ་བ་སྔ་ཕྱི་ཡོང་བའི་རྒྱུ་མཚན་ནི་ཕུང་པོ་ལས་དོན་གཞན་པའི་བདག་ཡོད་པ་རེད། ཅེས་ཕུང་པོ་ནི་མི་ཚེ་གཅིག་གི་སྐྱེ་འཆི་བྱས་ནས་འགྲོ་བཞིན་ཡོད། ཕུང་པོ་ལས་དོན་གཞན་པའི་བདག་ནི་ཐོག་མ་དང་མཐའ་མ་ཡོད་མ་རེད། དེར་བརྟེན། ཕུང་པོ་ལས་དོན་གཞན་པའི་བདག་གིས་སྐྱེ་བ་གསར་པ་གསར་པ་བླངས་པ་ཡིན་སྟབས། སྤྱིར་སྐྱེ་བ་ལ་རྟག་གཅིག་རང་དབང་བའི་བདག་ཟེར་བ་ནི་ཕུང་པོ་ལས་དོན་གཞན་པའི་བདག་དང་། དེ་ནི་ཕུང་པོ་སྐྱེ་འཆི་བྱས་པ་ནང་བཞིན་བྱེད་ཀྱི་མེད་པར་བརྟེན་རྟག་པ། དེ་ནས་ཕུང་པོ་ནི་དུ་མའི་རང་བཞིན་རེད། བདག་ཟེར་རྒྱུ་འདི་གཅིག་པོ། གློ་བུར་གྱི་རྒྱུ་རྐྱེན་གྱིས་བྱས་པ་མིན་སྟབས། རྟག་གཅིག་རང་དབང་བ་ཟེར་རྒྱུ་ཞིག་བཤད་ཀྱི་འདུག དེའི་ཐོག་ནས་སྐྱེ་བ་སྔ་ཕྱི་བཤད་ཀྱི་ཡོད། དེ་ལ་བདེ་སྡུག་ཇི་ལྟར་ཡོང་བ་ཟེར་རྒྱུ་ནི་སོ་སོའི་ལས་བཟང་པོ་བསགས་ན་བདེ་བ་ཡོང་བ་དང་། ལས་ངན་པ་བསགས་ན་སྡུག་བསྔལ་ཡོང་བ་ཞིག་རྒྱ་གར་གི་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་ཀྱིས་འདི་ལྟར་བཤད་ཡོང་གི་ཡོད། སངས་རྒྱས་པའི་གཞུང་དེའང་དེའི་གྲས་ཤིག་ཆགས་ཡོད།

མདོ་དོན་སྙིང་པོ་དྲི་བ་དང་པོ་འདི་ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། འབུ་སྲིན་ཞིག་ཡིན་ནའང་ཉེན་ཁ་ལྟ་བུ་ཞིག་སླེབས་པ་ཡིན་ན། དེ་ལས་གཡོལ་ཐབས་སྣ་ཚོགས་བྱེད་ཀྱི་རེད། སྐབས་རེ་ཤི་རྫུན་བཏབ་པ་ལྟ་བུ་བྱེད་ཀྱི་འདུག དེ་ནི་སྡུག་བསྔལ་མི་འདོད་པས་བྱས་པ་ཡིན་སྟབས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ནི་རྒྱུན་མཚན་སྒྲུབ་བྱེད་བཀོད་མི་དགོས་པར་ཚང་མར་རང་གི་ངང་གིས་ཡོང་བཞིན་འདུག

སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ནི། སེམས་ལ་བཟོ་བཅོས་རྒྱག་རྒྱུ་ཞིག་དང་། དེ་ཡང་བདེ་སྡུག་ཟེར་བ་ལ་ལུས་ཀྱི་བདེ་སྡུག་ཅིག་ཡོད་པ་རེད། སེམས་མེད་བེམ་པོ་བྱས་ནས་བསྡད་ཚེ་བདེ་སྡུག་གི་ཚོར་བ་ཡོང་རྒྱུ་མི་འདུག གང་ལྟར་བདེ་སྡུག་གི་ཚོར་བ་ཚང་མ་ཤེས་པའི་སྟེང་ནས་ཡོང་བཞིན་ཡོད།  མངོན་པ་ཀུན་བཏུས་ནང་། སེམས་དང་སེམས་བྱུང་གཉིས་ཕྱེ་ནས་སེམས་ལ་རྣམ་ཤེས་ཚོགས་དྲུག སེམས་བྱུང་ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ། གཞན་འགྱུར་བཞི་བཅས་ཀུན་བཏུས་ནང་གསུངས་འདུག མངོན་པ་མཛོད་ལས་ཀྱང་གསུང་གི་ཡོད་ཀྱང་ཀུན་བཏུས་འདི་རླབས་ཆེ་བ་ལྟ་བུ་འདུག  མངོན་པ་གོང་འོག་གཉིས་བཤད་པའི་མངོན་པ་གོང་མ་དེ་རེད། དེར་བརྟེན། ཚོར་བ། འདུ་ཤེས། འདུ་བྱེད། སེམས་པ། ཡིད་ལ་བྱེད་པ། རེགས་པ་ཟེར་དའདི་དག། སོ་སོ་ཀུན་གྱི་འཁོར་དུ་ནི།། འགྲོ་ཕྱིར་ཀུན་འགྲོ་ཞེས་བྱ་བའོ།། ཞེས་ཀུན་འགྲོ་ལྔ་ཟེར་རྒྱུ་འདིའི་ཐོག་ནས་བདེ་སྡུག་གི་ཚོར་བ་འདི་སླེབ་ཡོང་གི་འདུག བདེ་སྡུག་གི་ཚོར་བ་འདི་ལྟར་བཤད་ཡོང་གི་འདུག

གང་ལྟར་བདེ་སྡུག་བཤད་དུས་ཤེས་པའི་སྟེང་འགྲོ་བཞིན་ཡོད། དེང་སྐབས་དངོས་པོ་ཁོ་ནའི་ཐོག་ནས་བསམ་བློ་གཏོང་མཁན་ཤེས་པ་ཟེར་རྒྱུ་འདི་ལ་དོ་སྣང་གང་ཡང་མེད་པའི་བཟོ་འདྲ་བོ་འདི་མ་འདང་པའི་གནས་ཚུལ་རེད།  དེར་བརྟེན་སྤྱིར་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་ཀྱིས་སྨོན་ལམ་རྒྱག་རྒྱུ་ལྟ་བུ་གཅིག་པོ་མ་གཏོགས་ནང་གི་ཤེས་པའི་སྟེང་ནས་བདེ་སྡུག་ཡོང་རྒྱུ་ཟེར་བ་དེ་ཚོའི་གྲས་ལ་འགྲེལ་བཤད་གང་ཡང་མི་འདུག སངས་རྒྱས་པའི་གཞུང་ནང་སེམས་རྟོགས་པ་རྟོགས་མེད་དབྱེ་བ་འབྱེད་རྒྱུ་དང་། ཚད་མ་དང་ཚད་མིན་གྱི་དབྱེ་བ་འབྱེད་རྒྱུ། སེམས་དང་སེམས་བྱུང་གི་དབྱེ་བ་འབྱེད་རྒྱུའི་གྲས་གནད་འགག་ཆེན་པོ་རེད་འདུག དཔེ་ཆའི་ནང་ནས་ཡོང་གི་ཡོད་ཀྱང་ང་ཚོའི་མི་ཚེའི་ནང་འབྲེལ་བ་ཡོད་པ་ཞིག་རེད། ངོས་ཀྱིས་ནམ་རྒྱུན་འདི་ལྟར་རྗོད་ཀྱི་ཡོད། ཆོས་ཕྱོགས་ཀྱི་གཞུང་ནས་ཐོན་པའི་གྲས་ཆོས་ཀྱི་སྡེ་ཚན་ནང་མ་བཞག་པར་ཤེས་ཡོན་གྱི་སྡེ་ཚན་ནང་འཇོག་དགོས།

གང་ལྟར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རང་གི་ངང་གིས་ཡོད་པ་ཡིན་སྟབས། བདེ་བ་དང་སྡུག་བསྔལ་དེ་རྒྱུ་དང་རྐྱེན་ཅི་ལྟ་བུའི་ཐོག་ནས་ཡོང་གི་ཡོད་པ་རྩད་གཅོད་བྱེད་དགོས། སྡུག་བསྔལ་མི་འདོད་པ་ཡིན་ན་དེའི་རྒྱུ་རྩད་བཅད་ནས་འགོག་ཐབས་བྱེད་རྒྱུ་འདུག་གམ་མི་འདུག་ལ་བསམ་བློ་གཏོང་དགོས་པ་དང་།   བདེ་བ་འདོད་པ་ཡིན་སྟབས། བདེ་བའི་རྒྱུ་ཅི་ལྟ་བུ་ཡིན་པ་དང་། དེའི་རྒྱུ་གོང་ནས་གོང་དུ་སྤེལ་དགོས་འདུག་བསམ་པའི་ཀུན་སློང་སྐྱེ་རྒྱུ་རེད།  དཔེར་ན། ཤིང་ཏོག་ལྟ་བུར་མཚོན་ན། འབྲས་བུ་ཤིང་ཏོག་འདི་ང་ཚོས་འདོད་ཀྱི་ཡོད་པར་བརྟེན་དེའི་རྒྱུ་ས་བོན་དང་། ས་བོན་དེ་ཉེར་ལེན་གྱི་རྒྱུ་ཡིན་པ་དང་། ས་བོན་དེ་བཏབ་ནས་རླན་དང་དྲོད་སོགས་མང་པོ་ཞིག་གིས་རྐྱེན་བྱས་ནས་གང་ལྟར་ཉེར་ལེན་གྱི་རྒྱུ་ཡོད་པ་ཙམ་གྱི་མི་ཆོག་པར་རྐྱེན་མང་པོ་ཞིག་འཛོམས་པའི་འོག་ནས་སྡོང་པོ་ཡར་འཚར་ལོངས་བྱས་ནས་མཐར་འབྲས་བུ་ལོངས་སྤྱོད་ཐུབ་པ་ཡོང་གི་ཡོད། དེ་ལྟར་ཤེས་པའི་སྟེང་ནས་ཡོང་བཞིན་པའི་བདེ་སྡུག་དེ་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད་པ་ཞིག་ཡིན་སྟབས། སྤྱིར་ཆོས་ལུགས་ཚང་མས་དད་པ་གལ་ཆེན་པོ་གསུང་གི་ཡོད་ཀྱང་། སངས་རྒྱས་པའི་གཞུང་གིས་དད་པ་ཁོ་ན་མིན་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་པ་བྱས་ནས་རྒྱུ་དང་རྐྱེན་གྱི་གྲས་དཔྱད་པ་བྱས་ནས་འགྲོ་རྒྱུ་ཞིག་ཡོང་གི་འདུག ཅེས་སོགས་བཀའ་སློབ་སྩལ་རྗེས་ཤེས་རབ་སྙིང་པོའི་བཀའ་ཆོས་དབུ་འཛུགས་མཛད་ཡོད།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།