༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

གཞུང་ཞབས་ཟུར་པ་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ། ༢༠༡༩ ཟླ་བ་ ༧ ཚེས་ ༥

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༥ ཉིན་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་ཞབས་ཟུར་པ་ཐུན་མོང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བསྟན་འགྲོ་སྤྱི་དང་། བྱེ་བྲག་བོད་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཟམ་མོ་རྣམས་ལྷུན་གྱིས་འགྲུབ་པའི་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

དེ་ཡང་ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཆིབས་བསྒྱུར་གྱིས་ཕོ་བྲང་སྒོ་ཆེན་དུ་ཕེབས་སྐབས་ཟློས་གར་བ་རྣམས་ནས་རྒྱས་བཤད་འཁྲབ་བཞིན་པར་བཀའ་བློན་ཁྲི་ཟུར་བསྟན་འཛིན་རྣམ་རྒྱལ་མཆོག་དང་། བརྟན་བཞུགས་གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཟུར་པ་བློ་བཟང་སྦྱིན་པ་ལགས། རྣམ་གྲྭའི་དགེ་བསྐོས་གསུམ་ནས་སྤྱན་རྒྱ་སྤོས་འཛིན་དང་བཅས་གཙུག་ལག་ཁང་དུ་གདེན་འདྲེན་ཞུས་པ་དང་། བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་རྣམ་གྲྭ་མཁན་པོ་མཆོག་གིས་མཇལ་དར་རྐྱང་འབུལ་ཞུས། དེ་མཚུངས་ཞལ་འདོན་དབུ་བསྐུལ་བ་དང་གསོལ་འབྲས་རིམ་པར་ཕེབས་པ་དང་། སྔོན་འགྲོ་ཞལ་འདོན་གྱི་རིམ་པ་རྣམས་གསུང་མུར་བརྟན་བཞུགས་གྲ་སྒྲིག་ཚོགས་གཙོ་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་ཚོགས་མི་དང་འབྲེལ་མཐུད་པ་རྣམས་མཇལ་བཅར་ཞུས་རྗེས་བཀའ་སློབ་སྩལ་དོན།

དེ་རིང་འདིར་གཞུང་ཞབས་ཟུར་པ་ཐུན་མོང་ནས་བརྟན་བཞུགས་ཀྱི་ཆོ་ག་དང་འབྲེལ་བའི་བརྟན་བཞུགས་གསུངས་པ་ཞིག་རེད། ཁྱོད་ཚོ་ཚང་མ་དངོས་གནས་དད་པ་དམ་ཚིག་གཡོ་བ་མེད་པར་གདུང་ཤུགས་དྲག་པོའི་ཐོག་ནས་ངོས་རང་ཚེ་རིང་པོར་སྡོད་པར་རེ་འདུན་དང་སྨོན་ལམ་རྒྱག་བཞིན་ཡོད་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་སྤོས་སྣེ་བྱས་འདུག  ཐོག་མ་ང་ཚོ་མ་སི་རིར་ཡོད་པའི་སྐབས་སུ་བཀྲས་མཐོང་པ་ལགས་ཀྱིས་ཕྲུ་གུ་ཆུང་ཆུང་ཞིག་ཁྲིད་ཡོང་གི་ཡོད། ང་ཚོའི་མི་ཚེ་འདིར་ཕྱོགས་གཅིག་ནས་བསམ་བློ་བཏང་ན་བཙན་བྱོལ་བ་ཆགས་པ་རེད། ཡང་ཕྱོགས་གཅིག་ནས་བསམ་བློ་བཏང་ན་རང་དབང་ལུང་པར་སླེབས་ནས་དེ་སྔའི་ལམ་དང་ལུགས་སྲོལ་གུ་དོག་པོ་བྱས་ནས་འགྲོ་དགོས་པ་དེ་ཁྱོན་ནས་མེད། ངོས་རང་ལ་ཆ་བཞག་ནའང་ཕལ་ཆེར་རང་དབང་ཐོབ་པ་ལྟ་བུ་རེད། གཞན་དགུན་ཁ་རྩེ་ལ་བསྡད། དབྱར་ཁ་ནོར་བུ་གླིང་ཀར་བསྡད། ཁ་ཤས་ཀྱིས་ཏཱ་ལའི་བླ་མ་གསེར་གྱི་རླུང་ཙི་ནང་ལ་བཞུགས་ཡོད་པ་རེད་ཅེས་བཤད་སྲོལ་ཡོད་པ་རེད། སྔ་མོ་དེ་ལྟར་བསྡད་པ་རེད། དཔེ་ཆ་བལྟ་བ་སོགས་ནི་ཡོངས་འཛིན་དམ་པ་ཚོའི་བཀའ་དྲིན་ལ་བྱུང་བ་རེད་མ་གཏོགས་དེ་ལྟར་བསྡད་པ་རེད།

དེ་ནས་ང་ཚོ་བཙན་བྱོལ་བ་ཆགས་ནས་ཕྱོགས་གཅིག་ནས་སོ་སོའི་ལུང་པར་བྲལ་བ་རེད་དེ་ཕྱོགས་གཅིག་ནས་ང་ཚོ་ཚང་མར་བོད་གངས་ཅན་པའི་ད་ལྟའི་མི་རབས་འདིས་བསྟན་སྲིད་ཀྱི་དོན་དུ་དཀའ་ལས་བརྒྱབ་ཡོད་པ་རེད། ངོས་ཀྱིས་མགོ་ཁྲིད་དེ། དེ་རིང་འདིར་ཡོད་པའི་ཁྱོད་རང་ཚོ་གཞུང་ཞབས་རྙིང་པ་རྒས་གྲས་ཚང་མས་ཧུར་ཐག་འབད་ཐག་བྱས་པ་རེད། ང་ཚོ་བཙན་བྱོལ་ལ་སླེབས་ནས་ལོ་དྲུག་ཅུ་ལྷག་ཅིག་ཕྱིན་པའི་རྗེས་ཀྱི་ད་ལྟ་་འཛམ་བུའི་གླིང་འདིར་སོ་སོའི་ལུང་པར་རང་དབང་བྲལ་ཡོད་ཀྱང་། རྒྱ་གར་ནང་དུ་སྔ་མོ་ནས་འཕགས་བོད་ཀྱི་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་རེད། གང་ལྟར་ང་ཚོ་ཐོག་མར་སླེབས་པའི་སྐབས་སུ་ཆབ་སྲིད་ཀྱི་ཆ་ནས་བཙན་བྱོལ་བ་ཆགས་པ་རེད་དེ། ངོ་ཐོག་རང་ལ་རྒྱ་གར་འཕགས་པའི་ཡུལ། སྔོན་དུ་བཤད་པ་ལྟར་ཆུང་ཆུང་སྐབས་ནས་སློབ་གཉེར་བྱེད་སའི་གཞུང་དེ་ཚང་མ་རྒྱ་གར་ནས་ཡོང་བ་རེད། ངོས་ཀྱིས་ནམ་རྒྱུན་ཡོངས་གྲགས་འཆད་བཞིན་པའི་པཎ་གྲུབ་བཅུ་བདུན་གཙོ་བོར་གྱུར་བའི་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོའི་གཞུང་ལ་སློབ་སྦྱོང་བྱས་ནས་འཕགས་བོད་གཉིས་ཟེར་དུས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད།

དེ་ལྟར་ང་ཚོ་བཙན་བྱོལ་ལ་སླེབས། དེ་སྔ་ང་ཚོ་བོད་ལ་ཡོད་པའི་སྐབས་སུ་བོད་ཀྱི་སངས་རྒྱས་ཀྱི་ཆོས་ལ་ Lamaism ཞེས་བླ་མའི་ཆོས་ལུགས་རེད་ཅེས་སངས་རྒྱས་པའི་ཆོས་ལུགས་རྣམ་པར་དག་པ་ཞིག་ཡིན་མིན་ལ་ཐེ་ཚོམ་བྱེད་མཁན་ཡོད་པ་རེད། མུ་སྟེགས་པའི་གསང་སྔགས་དང་འབྲེལ་ཡོད་པར་མཐོང་སྡོད་ཀྱི་ཡོད་པ་རེད། རིམ་བཞིན་འཛམ་གླིང་འདིར་བོད་ཀྱི་སངས་རྒྱས་པའི་ཆོས་ནི་ཁུངས་ཐུབ་པ་ཞིག་དང་། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཡིན་པ་མཁས་དབང་མང་པོས་མཐོང་བསྡད་འདུག  དེར་བརྟེན། ང་ཚོ་བཙན་བྱོལ་བ་ཆགས་ནས་ཕྱོགས་གཅིག་ནས་ཧ་ཅང་ཐབས་སྐྱོ་བོ་རེད་དེ། ཕྱོགས་གཅིག་ནས་གོ་སྐབས་ཧ་ཅང་ཡག་པོ་ཞིག་བྱུང་། བོད་མི་རང་ཉིད་ལ་ཆ་བཞག་ནའང་དངོས་གནས་བོད་པའི་རྣམ་དཔྱོད་དང་སྙིང་སྟོབས་ཕལ་ཆེར་མི་འདྲ་བ་ཞིག་རེད།  སྔ་མོ་ལེགས་སྦྱར་གྱི་གཞུང་དུ་ཡོད་པའི་ཟབ་པ་དང་རྒྱ་ཆེ་བ་ཚད་མའི་རྣམ་གཞག་ཆ་ཚང་བ་ཞིག་བོད་ཡིག་དང་བོད་སྐད་ནང་དུ་ང་ཚོས་འགྲེལ་བཤད་རྒྱག་ཐུབ་ཀྱི་ཡོད། སྐད་ཡིག་གཞན་པའི་ནང་དུ་ཡོད་པ་མ་རེད། ལེགས་སྦྱར་སྐད་ནི་ད་ལྟའི་དུས་སུ་མཁས་དབང་རེ་ཟུང་གིས་བེད་སྤྱོད་བྱེད་པ་མ་གཏོགས་ཡོད་པ་མ་རེད། དེར་བརྟེན། ང་ཚོ་བཙན་བྱོལ་ལ་སླེབས་ནས་རྒྱ་གར་མཁས་པའི་གནའ་རབས་ཀྱི་རིག་གཞུང་དེ་དག་བསྐྱར་གསོ་བྱེད་པའི་དུས་ཚོད་ཅིག་ལ་སླེབས་ཡོད། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ཟེར་དུས་འཛམ་བུའི་གླིང་གི་ཤེས་ལྡན་གཟུ་བོར་གནས་པ་མང་པོ་ཞིག་གིས་རྒྱུ་མཚན་ལྡན་པ་དང་། དངོས་ཡོད་གནས་ཚུལ་དང་མཐུན་པ། རྨོངས་དད་བྱས་ནས་འགྲོ་སྡོད་མཁན་མིན་པ་ཞིག་ལ་མཐོང་བཞིན་ཡོད། དེར་བརྟེན། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བའི་སངས་རྒྱས་ཀྱི་བསྟན་པ་བོད་ལ་ཡོད་པ་འདི། བོད་ཙམ་མ་ཡིན་པར་ནང་པའི་ཡུལ་གྲུ་ཁག་དང་།  དེ་སྔ་ནང་པའི་ཆོས་ལ་འབྲེལ་བ་མེད་མཁན་བློ་གཟུ་བོར་གནས་པ་ཚོའི་ནང་དུའང་གཞི་ནས་དོ་སྣང་གསར་པ་སླེབས་པ་ཞིག་ཆགས་ཀྱི་འདུག ང་ཚོའི་མི་ཐོག་ནས་དངོས་གནས་བྱས་རྗེས་བཞག་ཡོད་པ་རེད།

དེ་རིང་འདིར་ལས་བྱེད་བགྲེས་སོང་སྤོ་ལགས་རྨོ་ལགས་ཚོ་འདིར་འདུས་པ་ཡིན་དུས། ངོས་ཀྱིས་འདི་ལྟར་དྲན་པ་རེད། སྡིངས་ཆའི་སྟེང་ལ་ལྷ་མོ་ཐོན་པའི་སྐབས་སུ་སྤོ་ལགས་རྩེད། རྨོ་ལགས་རྩེད་ཅེས་སྤོ་རྨོ་ཚོས་ཞབས་བྲོ་རྒྱག་གི་ཡོད་པ་བཞིན། དེ་རིང་འདིར་ངོས་རང་ཡང་སྤོ་ལགས་རེད། ཁྱོད་རང་ཚོ་རྨོ་ལགས་ཚོ་བྱས་ཏེ་ང་ཚོས་ཞབས་བྲོ་རྒྱག་དགོས་པ་རེད། ཅེས་བཞད་མོ་དང་འབྲེལ་སྐུ་རྩེད་གནང་བ་དང་། ཡང་། གང་ལྟར་ང་ཚོ་ནི་དུས་རབས་དཀའ་ངལ་ཅན་ཕལ་ཆེར་སྡུག་ས་ནས་བཤད་པ་ཡིན་ན། བོད་མི་རིགས་རིག་གཞུང་དང་བཅས་པ་ཤུལ་མེད་འགྲོ་བའི་མཚམས་དེ་ལྟ་བུ་ཞིག་ལ་མི་རབས་འདི་སྐྱེས་ཤིང་། ད་ལྟ་འཛམ་གླིང་འདིར་བོད་མི་རིགས་རིག་གཞུང་དང་བཅས་པ་ཁྱད་དུ་འཕགས་པ་ཞིག་ཡོད་པ་མངོན་ཡོད་པ་རེད། དེ་ང་ཚོའི་བྱས་རྗེས་རེད།

བོད་གངས་ཅན་གྱི་ལྗོངས་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་ཞེས་ང་ཚོས་བཤད་བཞིན་ཡོད་པ་རེད་ལ། དངོས་བྱུང་གི་ལོ་རྒྱུས་ནང་བལྟས་པ་ཡིན་ནའང་སྤྱན་རས་གཟིགས་དང་། དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཞིག་ཆགས་བསྡད་ཡོད། དེར་བརྟེན། གངས་ཅན་ཞིང་གི་བསྟན་པ་དང་འགྲོ་བའི་དོན་དུ་འཕགས་པ་སྤྱན་རས་གཟིགས་དམིགས་བསལ་གྱིས་ཐུགས་བསྐྱེད་དང་སྨོན་ལམ་ཡོད་པ་ཞིག་ཆགས་ཡོད། ངོས་ནས་ནམ་རྒྱུན་འུད་ཤོབ་ལྟ་བུར་ངོས་རང་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ཡིན་ཞེས་བཤད་བཞིན་ཡོད། སྤྱན་རས་གཟིགས་ལ་ཕྱག་སྟོང་སྤྱན་སྟོང་ཡོད་པ་རེད་དེ་དངོས་སུ་སྣང་རྒྱུ་མེད་དུས། མི་དང་མི་འབྲེལ་ནས་སྐད་ཆ་བཤད་པ་དང་གོ་བསྡུར་བྱེད་མཁན་ངོས་རང་ཆགས་ཡོད་པས་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ལྟ་བུ་ཡིན་བསམ་པ་དྲན་བཞིན་ཡོད། དེ་བཞིན་རིག་གནས་གསར་བརྗེ་མ་བྱུང་གོང་ལ་ལྷ་སའི་གཙུག་ལག་ཁང་གི་འཕགས་པ་བཅུ་གཅིག་ཞལ་ངོས་ཀྱི་རྨི་ལམ་དུ་དམིགས་བསལ་ཁྱད་མཚར་ཞིག་བྱུང་བ་རེད། དེ་ལྟ་བུའི་རྐྱེན་བྱས་ཏེ་སྙིང་སྟོབས་མ་ཞུམ་པར་བསྡད། རིག་གནས་གསར་བརྗེའི་རྗེས་སུ་ཐུགས་རྗེ་ཆེན་པོའི་སྐུ་བརྙན་དེ་གཏོར་བཤིག་བཏང་ཡོད་པ་དང་། དེའི་དབུ་དུམ་བུ་ཁ་ཤས་ཤིག་འདི་ལ་འབྱོར་བ་རེད། དེ་གཟུངས་གཞུག་ལ་ཕུལ་ནས་ཐུགས་རྗེ་ཆེན་པོའི་སྐུ་འདི་ངོས་ཀྱིས་བཞེངས་པ་རེད། དེ་དུས་ཡང་རྨི་ལམ་དེ་ལྟ་བུ་ཞིག་བྱུང་། དུས་དང་དུས་ལ་སྤྱན་རས་གཟིགས་ཀྱི་བྱིན་རླབས་མིན་འགྲོ་བསམ་པའི་ཚད་མ་ལྟ་བུ་ཡོང་སྡོད་ཀྱི་འདུག དེར་བརྟེན། ངོས་རང་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་རེད་ཟེར་ན་རབ་བཏགས་དང་ཡུས་བཤད་པ་མིན་བསམ་པ་དྲན་གྱི་འདུག མཁྱེན་སོང་ངམ། ངོས་རང་འདིར་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ལྟ་བུ་བྱས། ཁྱོད་རང་ཚོས་ལོ་བཅུ་གྲངས་མང་པོར་མཉམ་དུ་དཀའ་ལས་བརྒྱབ་པ་རེད། ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་གཟུང་རྒྱུ་ཡིན་པ་བརྒྱ་ཆའི་བརྒྱ་ཐམ་པ་ཐག་བཅད་ཆོད་པ་རེད། བློ་བདེ་བོ་བྱོས།

ཤེས་པ་ཕྲ་རགས་གང་ཡིན་ནའང་ཉེར་ལེན་གྱི་རྒྱུ་དགོས་པ་རེད་ཅེས་སྐྱེ་བ་སྔ་ཕྱི་ལུང་ནས་གསུངས་པ་རེད་ཟེར་བ་གཅིག་པུ་མ་ཡིན་པར་དངོས་ཡོད་གནས་ཚུལ་ལ་རིགས་པས་སྒྲུབ་ཡོང་དུས་དངོས་པོ་གང་དང་གང་ལའང་། རིགས་འདྲའི་ཉེར་ལེན་གྱི་རྒྱུ་མེད་ན་དངོས་པོ་དེ་ཆགས་ཐབས་མེད་པ་རིགས་པས་སྒྲུབ་ཐུབ་ཀྱི་འདུག དེར་བརྟེན། ད་ལྟའི་ང་རང་ཚོའི་ཤེས་པའི་རྒྱུན་དེ་རིག་པ་སྔ་མ་སྔ་མ་སྔོན་དུ་སོང་བའི་ཐོག་ནས་ཡོང་བ་དང་། མ་ཡི་མངལ་དུ་ཉིང་མཚམས་སྦྱར་མ་ཐག་པའི་གནས་སྐབས་ཀྱི་ཤེས་པ་དེ་རིགས་འདྲའི་རྒྱུ་སྔོན་ལ་སོང་ནས་བྱུང་བ་རེད་མ་གཏོགས་རྒྱུ་མེེད་རྐྱེན་མེད་ཀྱིས་བྱུང་བ་མིན་པ་རིགས་པས་སྒྲུབ་ཐུབ་ཀྱི་འདུག དེར་བརྟེན། ང་ཚོས་སྐྱེ་བ་སྔ་ཕྱི་བཤད་ཡོང་གི་ཡོད་པ་རེད། ཚེ་འདི་ལ་འཕགས་པ་སྤྱན་རས་གཟིགས་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་བྱུང་བ་ཡིན་པས། ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་གཟུང་རྒྱུ་ཞིག་དང་། འཕགས་པ་སྤྱན་རས་གཟིགས་ནི་སྙིང་རྗེའི་ལྷ་རེད། སྤྱན་རས་གཟིགས་ལ་གསོལ་བ་འདེབས་མཁན་དེ་སེམས་པ་བཟང་པོ་བྱས། ག་ལེར་ནུས་ན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་བསམ་བློ་ཡག་པོ་ཞིག་བཏང་ནས་རིམ་བཞིན་ཟབ་པ་དང་རྒྱ་ཆེ་བའི་རྟོགས་པའི་ཡོན་ཏན་གོང་ནས་གོང་དུ་འཕེལ་ནས། མཐར་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་མངོན་དུ་བྱེད་ཐུབ་པ་ཞིག་ངོས་ཀྱིས་ཕལ་ཆེར་འགན་ལེན་བྱས་ཏེ་བཤད་ཐུབ་ཀྱི་རེད། མཁྱེན་སོང་ངམ།

ང་ཚོ་ཚང་མ་དུས་ཚོད་ཁག་པོ་ཞིག་ལ་སླེབས་པ་རེད། ཧུར་ཐག་འབད་ཐག་བྱས་པ་རེད། ང་ཚོ་ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་ཀྱི་འབྲལ་མེད་གཉེན་བཞིན་རྗེས་སུ་བཟུང་བའི་ཐོག་ནས་རིམ་གྱིས་ས་ལམ་བགྲོད་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་ཐུབ་པ་ཞིག་ལ། རྗེ་བཙུན་མི་ལའི་གསུང་ཞིག་ཏུ། རི་ལ་སྒོམ་པའི་སྒོམ་ཆེན་དང༌།། འཚོ་བ་སྦྱོར་བའི་ཡོན་བདག་གཉིས།། སངས་མཉམ་པོར་རྒྱ་བའི་རྟེན་འབྲེལ་ཡོད།། རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན།། ཞེས་འཚང་མཉམ་པོར་རྒྱ་བའི་མདའ་ཡི་སྦྱིན་བདག་དང་ཕུགས་ཀྱི་རྣལ་འབྱོར་བ་ཚོར་ཟང་ཟིང་གི་ཐོག་ནས་འབྲེལ་བ་ཡོད་པ་དེ་ཡིས་ཚེ་རབས་ནས་ཚེ་རབས་འབྲེལ་བ་ཡོང་བའི་རྟེན་འབྲེལ་ཡོད་པ་རེད། རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན་གསུངས་པ་རེད། དེར་བརྟེན། ང་ཚོ་ཚང་མས་མི་ཚེ་འདིའི་རིང་བོད་བསྟན་སྲིད་ཀྱི་དོན་དུ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་སྒྲུབ་པའི་དགེ་བའི་རྩ་བ་གང་ཡོད་པ་དེ་སྤྱིར་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་། ཡང་སྒོས་འཛམ་གླིང་འདིར་དངོས་གནས་ཞི་བདེ་ཡག་པོ་ཞིག་ཡོང་བ་དང་། ཞི་བདེ་ནི་ཕྱི་ལོགས་ནས་མ་ཡིན་པར་སེམས་ནས་འགྲོ་དགོས། ད་ལྟའི་འཛམ་གླིང་འདི་ཆགས་སྡང་གི་གཞན་དབང་ལ་ཕྱིན་ནས་མི་སུ་ཡིན་ཀྱང་བདེ་སྐྱིད་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་ཡིན་ཀྱང་། ཆགས་སྡང་གི་དབང་གིས་མིའི་སྡུག་བསྔལ་མང་པོ་ཞིག་མི་རང་གིས་བཟོས་ནས་ཡོང་གི་ཡོད། དེ་ལྟ་བུའི་ཆགས་སྡང་གི་རླུང་འཚུབ་ལྡང་ནས་ཡོད་པའི་ས་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཀྱིས་རིམ་བཞིན་འཛམ་གླིང་འདིར་བྱམས་བརྩེའི་བློ་ཤུགས་ཆེ་རུ་ཕྱིན་ནས། སྐྱེ་བ་སྔ་ཕྱིའི་སྐད་ཆ་བཤད་མི་དགོས་པར་ཚེ་འདི་ལ་བྱམས་བརྩེ་ལྡན་པའི་འཛམ་བུའི་གླིང་ཞིག་ཡོང་ཐུབ་པ་དང་། དེའི་ཆ་རྐྱེན་སྒྲུབ་པར་ང་ཚོར་ནུས་པ་ཏན་ཏན་ཡོད་པ་རེད།

བོད་མི་བཙན་བྱོལ་བ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་མཁན་ཚོ་ངོ་ཤེས་མཁན་ཚོས་བོད་པ་ཚོ་ཡ་རབས། དྲང་བདེན། སེམས་པ་བཟང་པོ་ཡག་པོ་འདུག་ཅེས་མང་པོས་བཤད་ཀྱི་འདུག དེ་ལྟར་མིག་དཔེ་ཞིག་སྟོན་གྱི་ཡོད་པ་རེད། དེར་བརྟེན། ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པས་ཆེ་ཕྱོགས་ཆུང་ཕྱོགས་ནས་འཛམ་གླིང་འདིར་བྱམས་བརྩེ་གོང་འཕེལ་ཡོང་བར་ཤུགས་ག་ཚོད་ཐུབ་ཐུབ་ཅིག་རྒྱག་ཐུབ་ན་སོ་སོས་ཚོགས་བསགས་པ་དང་། བསྟན་པའི་ཞབས་འདེགས་སྒྲུབ་པ་ཞེས་པའང་དེ་ལྟ་བུའི་ཐོག་ནས་ཡོང་དགོས་པ་རེད། དེ་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་ཆེ་བའང་དེ་ལྟར་རེད། ངོས་ཀྱི་ངོས་ནས་ཆ་བཞག་ན་སེམས་ཅན་ཐམས་ཅད་ཅེས་ང་ཚོ་ཚང་མས་སྨོན་ལམ་བརྒྱག་བཞིན་ཡོད་པ་རེད། ཁ་ཡོད་ལག་ཡོད་ནི་འཛམ་གླིང་འདིར་མི་དུང་ཕྱུར་བདུན་ཅུ་ཞིག་ཡོད་པ་འདི་དག་རེད། འདི་དག་སྐད་ཡིག་མི་འདྲ་བ་ཡིན་ནའང་སྐད་ཆ་བཤད་རྒྱུ་ཡོད་པ་དང་མིའི་བསམ་བློ་ཡོད་པས་ང་ཚོས་འབྲེལ་བ་བྱེད་ཐུབ་པས་མི་དུང་ཕྱུར་བདུན་ཅུའི་ནང་གི་མི་གཅིག་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་ས་ཆ་གང་དུ་ཕྱིན་པ་ཡིན་ནའང་སེམས་པ་བཟང་པོ་དགོས་པ་དང་བྱམས་བརྩེ་ལྡན་པ་བྱེད་དགོས་པ་རྟག་པར་བཤད་ཀྱི་ཡོད། དེ་སྐྱེ་བ་ཕྱི་མའི་སྐད་ཆ་དང་དག་ཞིང་གི་སྐད་ཆ་མ་རེད། ཉིན་རེར་སེམས་སྐྱིད་པོ་ཡོང་བ་དང་མི་ཚང་དེ་སྐྱིད་པོ་ཡོང་བ། སྤྱི་ཚོགས་སྐྱིད་པོ་ཡོང་བ། མཐར་ཐུག་སྤྱི་ཚོགས་བསྡོམས་པའི་འཛམ་གླིང་འདི་ཞི་བདེ་ཡོང་བ་ཞིག་ལ་གཙོ་བོ་སེམས་རྒྱུད་ཞི་བདེའི་རང་བཞིན་ཅན། བྱམས་བརྩེ་ལྡན་པ་ཞིག་བྱེད་རྒྱུ་ངོས་ཀྱིས་རྒྱུན་དུ་བཤད་བཞིན་ཡོད།

ཁྱོད་རང་ཚོ་༸རྒྱལ་བ་རིན་པོ་ཆེའི་ཨབ་ཕྲུག་ལྟ་བུ་ཆགས་ཡོད་པ་རེད། གོང་དུ་བཤད་པ་ལྟར་༸རྒྱལ་བ་རིན་པོ་ཆེས་སྤོ་ལགས་རྩེད་ཅེས་འཕག་འཚག་རྒྱག་བཞིན་ཡོད་པ་རེད། ཁྱོད་རང་ཚོས་ཀྱང་དེའི་འཁྲིས་ལ་ག་ཚོད་ཐུབ་ཐུབ་ཀྱིས་འཕག་འཚག་བརྒྱབ་ནས་ཤུགས་རྒྱབ་ཤོག མཁྱེན་སོང་ངམ། གང་ལྟར་སྔ་རྗེས་མ་གཏོགས་ང་ཚོ་ཚང་མ་ཤི་འགྲོ་བ་རེད། ཤི་ཁར་འགྱོད་པ་མེད་པ་ཞིག ང་ཚོ་བཙན་བྱོལ་བྱས་ནས་བསྡད་པའི་རིང་ལ་༸རྒྱལ་བ་རིན་པོ་ཆེའི་མགོ་ཁྲིད་པའི་འོག་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་དགོངས་པ་དང་མཐུན་པར་བྱམས་བརྩེ་གོང་སྤེལ་གཏོང་བ་ཞིག་ལ་ཧུར་ཐག་བྱས་པ་ཡིན། དེའི་ཆ་རྐྱེན་གཙོ་བོ་གཅིག་དེ་བོད་མི་རིགས་རིག་གཞུང་དང་བཅས་པ་མུ་མཐུད་ནས་གནས་ཐུབ་པ་ཞིག་གནད་འགག་ཆགས་ཀྱི་ཡོད་པས་གང་ཡོང་ཅི་ཡང་གིས་ཧུར་ཐག་བྱས་པ་ཡིན། དེའི་དགེ་བའི་མཐུ་ལ་བརྟེན་ནས་ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་གཟུང་བ་ཞིག་ལ་སྨོན་ལམ་ཡག་པོ་རྒྱོབ། མཁྱེན་སོང་ངམ། ཞེས་བཀའ་སློབ་སྩལ།

དེ་རྗེས་བསུན་བཟློག་གི་ཆོ་ག་ལ་རོལ་མོའི་བྱིན་འབེབས་སྐབས་མཁའ་འགྲོ་མ་རྣམས་གར་སྟབས་བཅས་ནང་དུ་བཏང་སྟེ་སོ་སོའི་མདོག་མཐུན་ཁྲི་དར་སྣེ་བཟུང་སྟེ་བཞུགས་ཁྲིའི་མདུན་དུ་འཁོད་པ་དང་། ཞལ་འདོན་ཚིག་བསྟུན་གྱིས་དབུ་བཞུགས་མཆོག་ནས་དར་སྣེ་གཅོད་བྲེགས་མཛད་པ་དང་། རིམ་བཞིན་མཁའ་འགྲོ་མ་རྣམས་སྐུ་གླུད་ཀྱི་མདུན་དུ་འཁོད། ཡོན་བདག་ནས་སྐུ་གླུད་ལ་སྒྲོན་དར་དང་མཁའ་འགྲོ་འཁོར་བཅས་ལ་ཡོན་དང་། དར། དཀར་སྤྲོ། ཚོགས་བཅས་ཕུལ་ཏེ་ཕྱིར་གཤེགས། བརྟན་བཞུགས་དངོས་གཞིར་སློབ་དཔོན་ལྷར་བསྐྱེད་སོགས་རིམ་བཞིན་གསུངས་ཏེ་རིག་འཛིན་བརྒྱུད་སྐུལ་གྱི་གསུང་ཚིག་ཐ་མ་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་ཞེས་པའི་མཚམས་སུ་དབུ་བཞུགས་སྐུ་བཞེངས་ཀྱིས་ཚེ་མདའ་སློབ་དཔོན་ལ་ཕུལ་བ་དང་། མཎྜལ་རྒྱས་པའི་མཇུག་ཏུ་དབུ་བཞུགས་མཁན་རིན་པོ་ཆེ་མཆོག་དང་། བཀའ་ཁྲི་ཟུར་པ་བསྟན་འཛིན་རྣམ་རྒྱལ་མཆོག ཁྲིམས་ཞིབ་པ་ཆེ་བ་ཟུར་པ་རྣམ་རྒྱལ་ཚེ་རིང་དང་ངག་དབང་འཕེལ་རྒྱས་མཆོག་བཅས་ནས་ཚོམ་བུ་ཟུར་བཏེགས་འབུལ་བཞེས་དང་མུ་མཐུད་བཞེངས་མུར། ཚིག་བསྟུན་གྱིས་སྐུ་རྟེན། གསུང་རྟེན། ཐུགས་རྟེན། བུམ་པ། ཚེ་ཆང་། ཚེ་རིལ། ཚེ་མདའ། ལས་བཞི་འབྲང་རྒྱས་དབང་། དྲག་པོ། ཞི་བ། རྒྱས་པ་བཅས་དང་། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་བཅས་ཕུལ་ཏེ་དབུ་བཞུགས་མཇལ་ཁ་ཞུས་པ་དང་། མུ་མཐུད་ཁྲིམས་ཞིབ་པ་ཟུར་པ་རྣམ་པ་དང་བཀའ་ཟུར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་ཟུར་པ་རྣམ་པ་སོགས་ནས་མཇལ་ཁ་ཞུས་པ་སོགས་གྲུབ་རྗེས་གཞུང་ཞབས་ཟུར་པའི་བརྟན་བཞུགས་གྲ་སྒྲིག་ཚོགས་ཆུང་ནས་ཆེད་བཟོ་གནང་བའི་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དང་བསྟོད་དབྱངས་ཀྱི་གཞས་ཤིག་བོད་ཀྱི་ཟློས་གར་ཚོགས་པའི་གདངས་བརྩམས་ཏེ་གཟིགས་འབུལ་ཞུས་པ་དང་། དེ་ནས་མུ་མཐུད་ཞབས་བརྟན་གསོལ་འདེབས་གསུང་འདོན་གནང་རྗེས་བཀའ་སློབ་སྩལ་དོན།

སྔོན་ལ་གཏང་རག་མ་བྱས་གོང་ལ་ངོས་ཀྱིས་ཚིག་གཅིག་བཤད་འདོད་བྱུང་སོང་། ད་གིན་གོང་དུ་འགྲེལ་བཤད་ཞུས་པ་ནང་བཞིན་རེད། བོད་བསྟན་སྲིད་ཀྱི་དོན་དུ་ཞབས་འདེགས་སོ་སོའི་སྒོ་གསུམ་གྱི་ནུས་པ་ཅི་ཡོད་ཀྱི་ཐོག་ནས་སྒྲུབ་མཁན་དེ་དག་འཕགས་པའི་རྗེས་སུ་གཟུང་རྒྱུ་དང་། ཚེ་འདིའི་དབང་དུ་བྱས་པ་ཡིན་ནའང་། ཁྱེད་རང་ཚོ་འདིར་བརྟན་བཞུགས་ཕུལ་མཁན་ཚོ་ཡང་ཚེ་རིང་དུ་གནས་པ་ཞིག་དང་། མི་ཚེ་དོན་ལྡན་པ་ཞིག་ཡོང་བ་ལ་གཙོ་བོ་སོ་སོའི་ཉམས་ལེན་བྱེད་པ་ལ་རག་ལས་པ་རེད། ངོས་ལ་ཆ་བཞག་ན་བརྟན་བཞུགས་ཀྱི་གསོལ་འདེབས་དང་ཚིགས་བཅད་ཀྱི་ནང་དུ་ཡོད་པ་བཞིན་ཚེ་ཁྲིད་བརྒྱུད་པའི་བླ་མ་དག་གསལ་བཏབ་ནས་འདུན་པ་གཏོང་བ་དང་། སེམས་ཤུགས་བསྐྱེད་པ་རྟག་ཏུ་བྱེད་བཞིན་ཡོད་པ་དེ་རིང་འདིར་ཡང་བྱས་པ་ཡིན། འཁྲུལ་ཞིག་རིན་པོ་ཆེས་ངོས་ཀྱི་རྩ་བའི་བླ་མའི་གྲས་རེད། རིན་པོ་ཆེས་ཐང་སྟོང་རྒྱལ་པོའི་སྐུ་ཚེ་ནང་བཞིན་བཞུགས་དགོས་པ་རེད་ཅེས་གསུངས་ཀྱི་ཡོད། ཐང་སྟོང་རྒྱལ་པོ་དགུང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔར་བཞུགས་པ་རེད། དེ་ཧ་ཅང་ཁག་པོ་རེད། དེ་ནས་ངོས་ཀྱིས་ངོ་ཤེས་པའི་བྱ་བྲལ་བ་ཡག་པོ་དེ་འདྲ་ཡོད། ཁོང་ཚོ་ཁ་ཤས་ཀྱིས་པཎ་ཆེན་བློ་བཟང་ཆོས་རྒྱན་དགུང་ལོ་བརྒྱ་དང་བརྒྱད་ལ་བཞུགས་པ་རེད། དེ་འདྲའི་རེ་འདུན་ཞུ་གི་ཡོད། བརྒྱ་དང་བརྒྱད་གང་འདྲ་ཡོད་མེད་མི་ཤེས་ཏེ་གང་ལྟར་ལོ་དགུ་བཅུ་གོ་གྲངས་ཤིག་དང་། བརྒྱ་སྐོར་ཞིག་ཕལ་ཆེར་སྡོད་ཀྱི་རེད་བསམ་གྱི་འདུག དེ་ངོས་ཀྱིས་འདི་རུ་རྟག་དཔྱད་བྱེད་ཀྱི་ཡོད་པས་ཕལ་ཆེར་ལོ་དགུ་བཅུ་གོ་གྲངས་བརྒྱ་ཡས་མས་ཤིག་སྡོད་ཐུབ་པའི་བཟོ་ལྟ་འདུག

ངོས་ཀྱི་ངོས་ནས་ཚེ་རབས་ནས་ཚེ་རབས་བསྟན་པ་དང་འགྲོ་བ་ལ་ཕན་པ་ཞིག་གི་སྨོན་ལམ་རྒྱག་བཞིན་ཡོད་པ་རེད། ཇི་སྲིད་ནམ་མཁའ་གནས་པ་དང༌།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་སྨོན་ལམ་འདི་རྒྱག་གི་ཡོད་པ་རེད། ད་ལྟ་ཁ་ཡོད་ལག་ཡོད་ཀྱིས་སྨོན་ལམ་གཅིག་པུ་མ་ཡིན་པར་དངོས་ཡོད་གནས་ཚུལ་ལ་བོད་འབངས་གཙོ་བོར་གྱུར་པའི་སེམས་ཅན་མང་པོར་ཕན་གྱི་འདུག་པས་ཅི་ཙམ་ཚེ་གནས་པ་བྱུང་ན་དེའི་ཚོད་ཀྱིས་བོད་མི་གཙོ་བོར་གྱུར་པའི་མི་གང་ལ་གང་འཚམ་ཞིག་ལ་ཕན་ཐོགས་ཡོང་བ་ཞིག་དང་། དེ་དང་ཆབས་ཅིག་བསྟན་པ་རྒྱས་པ་དང་བསྟན་པའི་ཞབས་འདེགས་སྒྲུབ་པ་ཞིག་ལ། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་ཐུགས་སྨོན་གནང་བ་བཞིན། ཁ་ཡོད་ལག་ཡོད་ཀྱིས་བསྟན་པ་དང་འགྲོ་བའི་དོན་བྱེད་རྒྱུ་ཡོད་པ་འདི་ཕན་པ་དང་འདུན་པ་ཤུགས་ཆེན་པོ་གཏོང་བ་ལ་ལྷོད་གཡེང་ཕྱིན་ནས་ཚེ་རབས་གཞན་དང་གཞན་བཤད་ཀྱིན་བསྡད་ན་སྟོང་པ་རེད་འདུག ད་ལྟ་འདི་ཁ་ཡོད་ལག་ཡོད་རེད། དེར་བརྟེན། ལོ་བརྒྱ་སྐོར་ཞིག་སྡོད་ཐུབ་པར་སྨོན་ལམ་རྒྱག་གི་ཡོད་ལ་ཕལ་ཆེར་སྡོད་ཐུབ་ཀྱི་རེད་བསམ་པ་དྲན་གྱི་འདུག འདི་ནི་ཁྱོད་རང་ཚོས་གསོལ་འདེབས་གནང་བའི་ལན་ཡིན། ད་གཏང་རག་ཕུལ་ཤོག་ཅེས་བཀའ་སློབ་སྩལ།

ཁྲིམས་ཞིབ་པ་ཆེ་བ་ཟུར་བ་བློ་བཟང་དར་རྒྱས་མཆོག་ནས་གཏང་རག་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཕྱི་ལོ་ ༡༩༥༩ གོང་གི་གཞུང་ཞབས་རྣམས་དང་། གཞུང་ཞབས་བགྲེས་སོང་ཁག་གཅིག་གིས་མཇལ་ཁ་ཞུས་མུར་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་། རིས་མེད་བསྟན་རྒྱས་སྨོན་ལམ། བསྟན་འབར་མ་གསུང་སྐབས་ཀ་ཁྲི་སྒྲོག མཆོག་གསུམ་ཤིས་བརྗོད་དང་། བདེན་ཚིག་སྨོན་ལམ་བཅས་གསུངས་ཏེ་བརྟན་བཞུགས་དངོས་གཞི་གྲུབ་པ་དང་། ཆོས་གྲྭ་འདུས་ཚོགས་ནས་མཇུག་ཆོག་གནང་། ཟློས་གར་པ་རྣམས་ནས་༸རྒྱལ་བའི་བསྟོད་པའི་གླུ་དབྱངས་ཕུལ་ཏེ་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་སྟེ་སྤོས་སྣེ་དང་བཅས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་བཅས།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།