༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

སོག་པོའི་དད་ལྡན་ཆོས་ཞུ་བར་རྟེན་འབྲེལ་བསྟོད་པའི་གསུང་ཆོས། ༢༠༡༩ ཟླ་བ་ ༢ ཚེས་ ༢༨

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སོག་པོའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཞུགས་སྒར་རྡ་རམ་ས་ལའི་ཕོ་བྲང་མཇལ་འཕྲད་ཁང་དུ་ཆོས་ཞུ་བ་སོག་པོའི་བླ་མའི་དགེ་རྒན་གྱིས་གཙོས་བླ་སྤྲུལ་དགེ་འདུན་པ་དང་སྐྱ་སེར་༡༥༩ དང་། ཨོ་ལན་པཱ་ཐུར་(Ulaanbaatar) དུ་མི་གྲངས་ ༤༠༠༠ བརྒལ་བ་བཅས་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཤད་ལུང་བཀའ་དྲིན་སྩལ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་ལ་བཞུགས་སྒར་ཕོ་བྲང་གི་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་བཀོད་མཚམས་སོག་ཡུལ་ཨོ་ལན་པཱ་ཐུར་དུ་དྲ་བརྙན་བརྒྱུད་བཀྲ་ཤིས་བདེ་ལེགས་ཀྱི་འཚམ་འདྲི་ཞུས་པ་དང་། དེ་ནས་བླ་མའི་དགེ་རྒན་རིན་པོ་ཆེ་མཆོག་གིས་མཎྜལ་འདེགས་འབུལ་ཞུས་པ་དང་འབྲེལ་ཞལ་འདོན་ཁག་ཅིག་གསུང་འདོན་གནང་རྗེས། སོག་པོའི་སྐྱ་བོ་ཕོ་མོ་ཁག་ཅིག་གིས་སོག་སྐད་ཐོག་ཤེས་རབ་སྙིང་པོ་གསུངས་འདོན་གནང་རྗེས་བཀའ་སློབ་སྩལ་དོན།

དེ་རིང་འདིར་དངོས་སུ་ཆེན་པོ་ཧོར་གྱི་ཡུལ་གྱི་བླ་སྤྲུལ་རྣམ་པ་ཚོས་དབུ་འཛད་པའི་སེར་སྐྱ་གང་འཚམ་ཞིག་དང་། གློག་འཕྲིན་བརྒྱུད་ནས་སོག་པོ་རང་གི་རང་ཡུལ་དུ་ཆེད་མངགས་སེར་སྐྱ་མང་པོ་ཞིག་འདུས་ནས་དེ་རིང་ང་ཚོ་ཐུག་པའི་གོ་སྐབས་བྱུང་བ་རེད། ཁྱོད་རང་ཚོ་ཚང་མས་ཤེས་གསལ་རེད། སྔར་དུས་རབས་བདུན་པ་དང་བརྒྱད་པ། དགུ་པ་བཅས་ཀྱི་སྐབས་ལ་རྒྱ་ཡིག་གི་ཡིག་ཆའི་ནང་དུ་གསལ་བོ་ཞིག་འཁོད་ཡོད་པ་ལ། རྒྱ་ཧོར་བོད་གསུམ་ཞེས་རྒྱ་ནག་རྒྱལ་པོ་དང་ཧོར་ཇིང་གིར་རྒྱལ་པོ། དེ་ནས་བོད་ཀྱི་རྒྱལ་པོ་བཅས་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། ༸རྒྱལ་བ་རིན་པོ་ཆེ་སྒེར་གྱི་ངོས་ནས་བཤད་པ་ཡིན་ན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ནས་དམིགས་བསལ་གྱིས་འབྲེལ་བ་ཆེན་པོ་ཞིག་ཆགས་ནས་ཧོར་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་སྔ་དར་ཟེར་བ་ཞིག་གསུངས་ཀྱི་འདུག དར་ལམ་བརྒྱུད་ནས་རྒྱ་གར་དང་རྒྱ་ནག་ལ་འབྲེལ་བ་ཞིག་ཆགས་པ་ཡིན་པས་ཧོར་ཡུལ་བརྒྱུད་ནས་ཡོང་གི་ཡོད་པས་བསྟན་པ་སྔ་དར་ཟེར་བ་གཅིག་བཤད་ཀྱི་འདུག དེ་ནས་བར་དར་ལ་བརྩིས་ཆོག་གི་རེད། དེ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཇིང་གིར་རྒྱལ་པོ་དང་ཕར་ཚུར་དམིགས་བསལ་གྱིས་བླ་སློབ་ཀྱི་འབྲེལ་བ་ཆགས་པ་ལྟ་བུའི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་ཆེན་པོ་བྱུང་བ་ཡིན་པ་རེད། དེ་ནས་ཕྱི་དར་གྱི་ཚོད་ནི་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ཧོར་གྱི་ཡུལ་དུ་ཕེབས་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་ཧོར་གྱི་ཡུལ་དུ་རྒྱ་ཁྱབ་ལ་དར་རྒྱས་བྱུང་བ་དེ་ལྟར་རེད། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ལ་ཏཱ་ལའི་བླ་མ་ཟེར་བའི་མིང་འདི་ཡོད་པ་མ་རེད། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དངོས་གནས་མདོ་སྔགས་གང་གི་ཆ་ནས་ཡིན་ནའང་། མཁས་པའི་དབང་པོ་ཆགས་ནས་ཐམས་ཅད་མཁྱེན་པ་ཞེས་པའི་མིང་དེ་ཐོགས་པ་རེད། དེ་བཞིན་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་རེད། བསོད་ནམས་རྒྱ་མཚོ་ནས་ཏཱ་ལའི་བླ་མ་ཞེས་པ་ཁྱེད་རང་ཚོ་སོག་པོས་མིང་བཏགས་ནས་ཏཱ་ལའི་ཞེས་པ་ནི་བོད་སྐད་དུ་གོ་རྒྱུ་ཡོད་པ་མ་རེད། དེ་ཁྱེད་རང་ཚོས་ཏཱ་ལའི་སྦག་ཞི་ཞེས་པ་ལས་དེ་ལྟར་བྱུང་བ་རེད། དེར་བརྟེན། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ནས་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་སོག་པོ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཆགས་ཡོད་པ་རེད།

དེ་ནས་ཡོན་ཏན་རྒྱ་མཚོ་སོག་པོའི་དཔོན་པོ་ཞིག་གི་སྲས་ལ་འཁྲུངས་པ་རེད། དེ་དག་དགོས་པ་རྒྱུ་མཚན་ཆེན་པོ་ཡོད་བསྡད་པ་རེད་འདུག དེ་ལྟར་བོད་སོག་གཉིས་དམིགས་བསལ་གྱིས་འབྲེལ་བ་ཞིག་བྱུང་བ་དེའི་ཐོག་ནས་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་སྐབས་བོད་རང་གི་གནས་ཚུལ་དེ་ནང་ལོགས་ལ་མི་མཐུན་པའི་རྙོག་དྲ་ཧ་ཅང་ཚ་བོ་ཞིག་ཆགས། ཆོས་ལུགས་ཀྱི་ཐོག་ནས་ཀྱང་ཏོག་ཙམ་རྙོག་དྲ་ཡོང་བསྡད་པའི་དུས་ཚོད་ཅིག་ལ་གུ་ཤྲིར་ཁང་གིས་རྒྱབ་སྐྱོར་བྱས་ཏེ་༸གོང་ས་ལྔ་བ་ཆེན་པོ་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱུང་བ་རེད། སོག་པོ་དང་དམིགས་བསལ་གྱིས་འབྲེལ་བ་ཞིག་འདུག དེ་བཞིན་སྐུ་ཕྲེང་བཅུ་གསུམ་པར་ཆ་བཞག་ན་སོག་ཡུལ་ལ་ཕེབས་པ་དང་། སོག་སྐད་ཧ་ཅང་ཡག་པོ་མཁྱེན་གྱི་འདུག  ངོས་ཀྱི་མཚན་ཞབས་དངོས་གྲུབ་ཚོགས་གཉིས་ཕྱག་དཔེ་ཧ་ཅང་ཡག་པོ་ཡོད་པ་རེད། ངོས་ལ་དབུ་ཕར་གྱི་གཞུང་དང་ལྷག་པར་དབུ་མའི་གཞུང་གི་ཐོག་ལ་ངོས་ལ་དམིགས་བསལ་གྱིས་དོ་སྣང་སླེབས་པའི་ཤུགས་རྐྱེན་རྒན་དངོས་གྲུབ་ཚོགས་གཉིས་ལས་བྱུང་བ་རེད། དངོས་གྲུབ་ཚོགས་གཉིས་ནང་སོག་ཨ་སྦག་ཁུ་ཟེར་བ་ནས་རེད། ཁོང་ཕ་ཡུལ་ནས་ལྷ་སར་འབྱོར་བ་དང་། སྐུ་མདུན་སྐུ་གོང་མའི་སྐུ་མདུན་དུ་ཐོག་མར་རབ་བྱུང་སྒྲུབ་པའི་སྐབས་སུ་བོད་སྐད་ཡག་པོ་ཤེས་ཀྱི་མེད་པས་རབ་བྱུང་སྒྲུབ་པའི་སྐབས་སུ་ཤམ་ཐབ་ཡར་འཐེན་པ་དེ་བོད་སྐད་ཐོག་ནས་མ་གོ་བ་འདྲ། སྐབས་དེར་སྐུ་མདུན་སྐུ་གོང་མས་ཤམ་ཐབ་ཀྱི་ཡར་སྣེ་དེ་འཐེན་ཞེས་སོག་སྐད་སྐྱོན་སོང་ཟེར། དེ་དངོས་གྲུབ་ཚོགས་གཉིས་རང་གིས་ངོས་ལ་བཤད་ཀྱི་འདུག དེར་བརྟེན། སྐུ་མདུན་སྐུ་གོང་མས་སོག་སྐད་ཡག་པོ་མཁྱེན་གྱི་ཡོད་པ་ལྟ་བུ་འདུག སོག་ཡུལ་དུའང་གང་འཚམ་བཞུགས་པ་རེད། གང་ལྟར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་འདི་ལྟར་རེད། ཅེས་སོགས་བཀའ་སློབ་སྩལ་བ་དང་།

གཞན་ཡང་། ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་རྩད་གཅོད་སྐོར་དང་། དོལ་རྒྱལ་དམ་བསྒྲགས་བྱས་པའི་བརྒྱུད་རིམ་སོགས་ལམ་སྟོན་བཀའ་སློབ་ཟབ་རྒྱས་སྩལ་རྗེས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཤད་ལུང་དབུ་འཛུགས་ཀྱིས་ཆུ་ཚོད་ ༡༡།༠༠ ལ་ལེགས་པར་གྲུབ་རྗེས་བཀའ་སློབ་སྩལ་དོན། ངོས་ཀྱིས་རྟེན་འབྲེལ་བསྟོད་པའི་བཤད་ལུང་ཞུ་ས་ནི། ཡོངས་འཛིན་རྣམ་གཉིས་ཀྱིས་གསན་མི་འདུག ཁུ་ནུ་རིག་འཛིན་བསྟན་པའི་སྐུ་མདུན་ནས་ཞུས་པ་ཡིན། རྒན་རིག་འཛིན་བསྟན་པའི་ཁང་གསར་རྡོ་རྗེ་འཆང་གི་སྐུ་མདུན་ནས་གསན་འདུག དབུས་ལ་འདིའི་བཤད་རྒྱུན་དཀོན་པོ་ཞིག་རེད་འདུག རྟེན་འབྲེལ་བསྟོད་པ་ནི་ངོས་ཀྱིས་སྔོན་མ་ལྷ་སར་ཡོད་སྐབས་ཞོགས་པ་ཞིག་ལ་བློར་ཟིན་པ་ཡིན། དེ་ནས་བཟུང་རྟེན་འབྲེལ་བསྟོད་པ་མཚམས་དང་མཚམས་ལ་འདོན་བཞིན་ཡོད། ལྷག་པར་དུ་དགོང་མོ་ཉལ་ནས་གཉིད་མགྱོགས་པོ་མ་ཁུགས་ཚེ། གང་ཞིག་གཟིགས་ཤིང་གསུངས་པ་ཡི།། མཁྱེན་དང་སྟོན་པ་བླ་ན་མེད།། ཅེས་སོགས་ལ་བསམ་བློ་གཏོང་བཞིན་ཡོད། རྟེན་འབྲེལ་བསྟོད་པ་མ་རྫོགས་གོང་ལ་གཉིད་ཁུགས་འགྲོ་ཡི་འདུག ཅེས་དང་། དེ་རིང་འདི་ནས་ཚར་བ་བྱས། ཁྱོད་རང་ཚོ་འདིར་དངོས་སུ་ཡོད་པའི་ཆོས་ཞུ་བ་དག་དང་། དྲ་ལམ་ནས་ཉན་སྡོད་མཁན་ཚོ་རེད། གལ་ཆེ་ཤོས་ནི་ཐོས་བྱུང་གི་ཤེས་རབ་དང་བསམ་བྱུང་གི་ཤེས་རབ། སྒོམ་བྱུང་གི་ཤེས་རབ་ལ་བསམ་བློ་གཏོང་དགོས། ཐོས་བྱུང་གི་ཤེས་རབ་ཀྱིས་སེམས་ལ་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་གང་ཡིན་པ་ལ་གོ་བ་ཞིག་ཆགས། བསམ་བྱུང་གི་ཤེས་རབ་ཀྱིས་ཡང་ནས་ཡང་དུ་དཔྱད་ནས་ཡོང་དུས་སེམས་ལ་ངེས་པ་ཐོབ། ངེས་པ་ཐོབ་པའི་དོན་དེ་ལ་ཡང་ཡང་བསམ་བློ་བཏང་ནས་འདྲིས་ཤིང་གོམས་པར་བྱེད་ཡོང་དུས་སེམས་ཀྱི་རྣམ་རྟོག་ལ་ག་ལེར་འགྱུར་བ་འགྲོ་བ་ཞིག་དང་། དེ་དཔེ་ཆའི་ནང་ནས་བཤད་པ་གཅིག་པུ་མ་རེད། ངོས་ཀྱིས་ཕལ་ཆེར་ལོ་བདུན་བརྒྱད་ནས་རེད། ཆུང་ཆུང་སྐབས་སུ་དཔེ་ཆ་བལྟ་བ་དེ་ཁྲལ་རང་གི་འདུ་ཤེས་ལས་མེད། དེ་ནས་ག་ལེར་བྲོ་བ་ཞིག་ཁ་ནས་དེ་ཡང་སོག་པོ་དངོས་གྲུབ་ཚོགས་གཉིས་ཀྱི་བཀའ་དྲིན་རེད། སྟོང་ཉིད་ཀྱི་ལྟ་བ་ལ་དོ་སྣང་སླེབས་པ་ནི་དངོས་གྲུབ་ཚོགས་གཉིས་ཀྱི་བཀའ་དྲིན་ཡིན། དེ་ལྟར་ག་ལེར་བསམ་བློ་མང་ཙམ་གཏོང་བ་དང་། རིམ་བཞིན་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་། དེ་ལྟར་བསམ་བྱུང་གི་ངེས་ཤེས་ཐོབ་པ་ལ་ཡང་ཡང་བསམ་བློ་བཏང་ན་སེམས་ལ་ག་ལེར་འགྱུར་བ་ཐེབས་ཡོང་གི་འདུག ཞི་ལྷག་ཟུང་འབྲེལ་བྱས་ཏེ་སྒོམ་བྱུང་གི་ཤེས་རབ་ཡོད་པ་མ་རེད་དེ། ཡིན་ནའང་། ཐོས་པའི་དོན་སེམས་ལ་ངེས་པ་ཐོབ་པ་ལ་ཡང་ཡང་འདྲིས་ཤིང་གོམས་པར་བྱས་པའི་སྟོབས་ཀྱིས་སེམས་ལ་འགྱུར་བ་ཐེབས་པ་ཞིག་ཏན་ཏན་ཡོང་གི་འདུག མཁྱེན་སོང་ངམ། དེར་བརྟེན། ཆོས་གྲོགས་ཁྱོད་རང་ཚོས་བཀའ་ཆོས་ཐོབ་སོང་ཞེས་ཚར་གཅིག་གིས་མ་བཞག་པར་དཔེ་ཆ་འདིར་ཡང་ཡང་བལྟ་བ་དང་ཡང་ཡང་བསམ་བློ་གཏོང་དགོས། ཞེས་བཀའ་སློབ་སྩལ།

དེ་རྗེས་སང་ཉིན་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་པའི་བཀའ་ཕེབས་རྗེས་སོག་ཡུལ་ཨོ་ལན་པཱ་ཐུར་དུ་གཞོན་ནུ་ཕོ་མོ་བརྒྱ་དང་བཅུ་གསུམ་གྱིས་སོག་སྐད་ཀྱིས་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་གསོལ་འདེབས་ཀྱི་གཞས། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།། ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།། ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།། གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག། བསྟན་འགྲོ་སྤྱི་དང་བྱེ་བྲག་ཧོར་སོག་གི། ཆོས་སྲིད་རབ་རྒྱས་འགྲོ་རྣམས་བདེ་ཞིང་སྐྱིད།། ཁྱད་པར་ལྟ་སྤྱོད་གཙང་བའི་ཞྭ་སེར་གྱི།། རིང་ལུགས་རྒྱས་ཕྱིར་བརྟན་པར་བཞུགས་སུ་གསོལ།། ཞེས་པའི་གསུང་གཞས་སྙན་མོ་ཞིག་གཏོང་གནང་གིས་ཉིན་དང་པོའི་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་ཡོད་པ་དང་། ཐེངས་འདིའི་སོག་པོའི་དད་ལྡན་ཆོས་ཞུ་བར་སྩལ་བའི་བཀའ་ཆོས་འདི་བཞིན་སོག་པོའི་རྒྱལ་ཡོངས་བརྙན་འཕྲིན་དུའང་ཐད་གཏོང་ཞུས་ཡོད་པ་བཅས།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།