༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

བཙན་བྱོལ་དུ་ལོ་ངོ་ ༦༠ འཁོར་བའི་མཛད་སྒོར་དབུ་བཞུགས་མཛད་པ། ༢༠༡༨ ཟླ་བ་ ༣ ཚེས་ ༣༡

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་༸ཞབས་སོར་ཐོག་མར་འཁོད་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་དང་བསྟུན་ནས་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོར་དབུ་བཞུགས་མཛད་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག ཆེད་དུ་མགྲོན་འབོད་བྱས་པའི་རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་སྐུ་ཞབས་མ་ཧེ་ཤི་ཤརྨ་མཆོག་དང་། བྷི་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་རཱམ་མ་Ram Madhav དབ་མཆོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཤནཏཱ་ཀུ་མཱར་ Shanta Kumar མཆོག རྒྱ་གར་གྲོས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རིན་ཆེན་མཁའ་འགྲོ་ཁིར་མེ་མཆོག ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ས་ཐོག་ཏུ་བཙན་བྱོལ་ལ་ཐོག་མར་༸ཞབས་སོར་འཁོད་མཚམས་ཕེབས་བསུའི་སྣེ་ལེན་ཞུ་མཁན་ཨ་སམ་དམག་དཔུང་རུ་ཁག་གི་དམག་མི་ཟུར་པ་སྐུ་ཞབས་ན་རེན་ཅནྡྲ་དཱས་ Naren Chandra Das ལགས། རྒྱ་གར་གྲོས་ཚོགས་འཐུས་མི་སཏྱཱ་བྲཏ་ཅ་ཏཱུར་ཝེད་Satyavrat Chaturvedi མཆོག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་ལས་ཟུར་གྱིས་གཙོས་རྡ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་སེར་སྐྱ་མི་མང་ ༤༠༠༠ བརྒལ་བ། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ཀྱི་དབུས་རྒྱ་གར་གཞུང་མང་གཉིས་ལ་ཐུག་རྗེ་ཆེ་ཞུའི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཏེ་ སྐུ་མགྲོན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སོགས་ཀྱིས་གཏམ་བཤད་རིམ་པར་གནང་རྗེས།  ༸གོང་ས་མཆོག་གིས་རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞུ་བར་རྒྱ་གར་དབུས་ཤེས་ཡོན་བློན་ཆེན་མཆོག་ལ་རྒྱུ་དངུལ་ལས་གྲུབ་པའི་ཆོས་འཁོར་གསོལ་སྩལ་དང་། དེ་བཞིན་སྲིད་སྐྱོང་མཆོག་གིས་སྐུ་མགྲོན་གཞན་དག་ལ་ཕྱག་རྟགས་ཕུལ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། 

ངོས་ཀྱིས་ནམ་རྒྱུན་ཆོས་གྲོགས་ཕོ་མོ་ལྷན་རྒྱས་ཞེས་ཞུ་བཞིན་ཡོད། དབུ་ཁྲིད་མི་རེ་ངོ་རེའི་མཚན་ཞུ་མི་དགོས་པ་བྱས། གང་ལྟར་ངོས་ཀྱི་གཞི་རྩའི་ལྟ་བ་ནི་ང་རང་ཚོས་ནམ་རྒྱུན་ནས་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད། སེམས་ཅན་ཐམས་ཅད་ཟེར་བ་དེ་ཁ་ཙམ་དང་ཚིག་ཙམ་མ་ཡིན་པར་སེམས་ཀྱི་གཏིང་ནས་ཡོད་ཚེ། ང་ཚོ་ཚང་མ་མི་གཅིག་གྱུར་རེད། དེར་བརྟེན་ངོས་ཀྱིས་ནམ་རྒྱུན་ཆོས་གྲོགས་ལྷན་རྒྱས་ལ་ཞུ་རྒྱུར་ཟེར་གྱི་ཡོད། དེ་རིང་མཛད་སྒོར་འདིར་གཤམ་འོག་གི་པར་ལ་བལྟས་ནས་སྔར་གྱི་གནས་ཚུལ་དྲན་སོང་། དེ་དུས་སེམས་ལ་རྔམ་སྐྲག་ཡོད་པ་རེད། ལྷ་སར་དྲག་གནོན་ཆེན་པོ་བྱས་པའི་གནས་ཚུལ་ཡོད་པས་སེམས་ཞུམ་པ་དང་། སྐྱོ་བ་བྱུང་ནས་མ་འོངས་པར་ག་འདྲ་བྱ་ཡོང་བསམ་སྟེ་བློ་གཡེང་བྱེད་ནས་ཡོང་བ་རེད། རྗེས་ཀྱི་པར་དེ་རྒྱ་གར་ས་གནས་ལ་འབྱོར་ནས་གནས་སྐབས་ཀྱི་ཉེན་ཁ་ལ་གྲོལ་བ་དང་། རྒྱ་གར་གཞུང་གི་གཟིགས་སྐྱོང་གི་ཚོད་ཏོག་ཙམ་ཐུག་པས་སེམས་ལ་སྤོབས་པ་ཅུང་རྙེད་པའི་སྐབས་རེད། དེར་བརྟེན་པར་འདི་གཉིས་མཐོང་ཡོང་སྐབས་དགའ་སྐྱོ་ཟུང་འབྲེལ་རེད། སེམས་ལ་སྐྱོ་སྣང་ཡོད་པ་དང་དགའ་སྣང་ཡང་སླེབས་པ་ཞིག་རེད། སེམས་ལ་དགའ་སྣང་སླེབས་པའི་དུས་ཚོད་དེར་མ་འོངས་པར་ག་འདྲ་བྱས་ཡོང་བསམ་པ་ཞིག་མ་གཏོགས་ལོ་བཞི་བཅུ་ལྔ་བཅུའི་རྗེས་ལ་ག་འདྲ་ཡོད་མེད་བློ་ལ་ཡོད་པ་མ་རེད། ད་ཆ་ང་ཚོ་ལོ་དྲུག་ཅུ་སྐོར་གྱི་དུས་ཚོད་ཕྱིན་པའི་དྲན་གསོ་བྱེད་སྐབས་སེམས་ནང་ཚོད་ཐུག་པ་ཞིག་ཆགས་འདུག 

གོང་དུ་གསུངས་སོང་བ་ལྟར་ངོས་ནས་ནམ་རྒྱུན་བཤད་ཀྱི་ཡོད། འཕགས་བོད་གཉིས་དགེ་རྒན་དང་དགེ་ཕྲུག་ནང་བཞིན་རེད། ང་ཚོ་བོད་པའི་ཁ་རྒྱུན་དུའང་འཕགས་པའི་ཡུལ་ཞེས་ཟེར་གྱི་ཡོད། འཕགས་པའི་ཡུལ་ཞེས་པ་ང་ཚོས་རྒྱ་གར་གཅིག་བུ་ལ་མ་གཏོགས་ལུང་པ་གཞན་སུ་ལའང་ཟེར་གྱི་མེད། ང་ཚོའི་རང་བཞིན་གྱི་སེམས་ནང་དུ་རྒྱ་གར་འཕགས་པའི་ཡུལ་ཞེས་སེམས་གཏིང་ནས་དད་མོས་དང་གུས་བཀུར་བྱེད་པའི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། 

བོད་གངས་ཅན་གྱི་ལྗོངས་ལ་རྒྱ་གར་མཁས་པའི་རིག་གཞུང་སྤྱི་དང་། ལྷག་པར་དུ་དཔལ་ནཱ་ལེནྡྲའི་རིག་གཞུང་དག་མཁན་ཆེན་ཞི་བ་འཚོ་ཆོས་རྒྱལ་གྱིས་གདན་ཞུ་གནང་བ་དང་། དེའི་རྗེས་ཀཱ་ལ་ཤི་ལའང་ཡོད། ཁོང་གཉིས་ཀྱིས་ང་ཚོར་ངོ་སྤྲོད་གནང་བ་དང་། བོད་ཀྱི་མེས་པོ་ཚོས་དངོས་གནས་རྣམ་དཔྱོད་ལྡན་པའི་ཐོག་ནས་བརྩོན་པའི་སྟོབས་བསྐྱེད་ནས་དེང་སང་ཡོངས་གྲགས་ལ་བཀའ་འགྱུར་པོ་ཏི་བརྒྱ་དང་། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཤིག་ཡོད་པ་དེ་དག་རྒྱ་གར་མཁས་པའི་གཞུང་ནས་རིམ་པར་བསྒྱུར་བ་རེད། དེའི་ནང་དུ་རིག་པའི་གནས་ལྔ་སྟེ་རིག་གནས་ཆེ་བ་ལྔ་དང་། རིག་གནས་ཆུང་བ་ལྔ་ཞེས་ནམ་རྒྱུན་བཤད་ཀྱི་ཡོད་པ་རེད། གལ་ཆེ་ཤོས་ཚད་མ་རིག་པའི་སྐོར་ཧ་ཅང་རླབས་ཆེན་པོ་རེད། མི་ལ་ལྷན་སྐྱེས་ཀྱི་རྣམ་དཔྱོད་ཅིག་ཡོད་པ་རེད། མིའི་རྣམ་དཔྱོད་དེ་གོང་ནས་གོང་དུ་འཕེལ་བ་ལ་དད་པ་གཅིག་པུས་འཕེལ་ཐབས་མེད། མིའི་རྣམ་དཔྱོད་གོང་དུ་འཕེལ་བ་ལ་ལམ་སེང་རེད་ཅེས་ཡིད་ཆེས་མ་བྱས་པར་བརྟག་དཔྱད་བྱས་ཏེ་འགྲོ་རྒྱུ་ནི་ཚད་མ་རིག་པའི་འགྲོ་སྟངས་རང་རེད། བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་། དགེ་སློང་དག་དང་མཁས་རྣམས་ཀྱིས།། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་འདུག དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་ཀྱང་བཅོམ་ལྡན་འདས་རང་གི་བཀའ་ལ་བརྟག་དཔྱད་བྱས་ཏེ་བཀའ་འདི་སྒྲ་ཇི་བཞིན་པར་ཁས་བླངས་ན་རིགས་པས་གནོད་ཀྱི་འདུག་པས་སྒྲ་ཇི་བཞིན་པ་ཁས་བླངས་ཏུ་མི་རུང་བ་རེད་ཅེས་དགག་པ་སྐྱོན་གྱི་ཡོད་པ་རེད། དེ་ལྟ་བུ་འཛམ་གླིང་འདིར་ཆོས་ལུགས་གཞན་སུ་གཅིག་ལའང་ཡོད་པ་མ་རེད། ཅེས་སོགས་བཀའ་བསྟན་ལས་བྱུང་བའི་ཚད་མ་རིག་པའི་གཞུང་ངོ་སྤྲོད་དང་། དེའི་བརྗོད་བྱ་མི་ཀུན་ལ་ཁྱབ་པ་ཞིག་ཡིན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོགས་འགྲེལ་བརྗོད་གནང་བ་དང་། 

གཞན་ཡང་། ནང་དོན་རིག་པའི་ནང་དུ་སེམས་ཁམས་རིག་པའི་སྐོར་ཧ་ཅང་ཞིབ་ཚགས་པོ་ཡོད་པ་དང་། དེ་དེང་སང་འཛམ་གླིང་འདིར་ཆོས་དད་ཡོད་མེད་དང་། སངས་རྒྱས་པའི་ཆོས་པ་ཡིན་མིན་ལ་མ་བལྟས་པར་མི་ཀུན་ལ་ཕན་ཐོགས་ཡོད་པ་ཞིག་རེད། དེང་གི་འཛམ་གླིང་འདིར་དཀའ་ངལ་མང་དག་ཅིག་མིས་བཟོས་པའི་དཀའ་ངལ་རེད། མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་རང་བཞིན་ཅན་རེད་ཅེས་ཚན་རིག་པས་ཀྱང་བཤད་ཀྱི་འདུག མིའི་ལྷན་སྐྱེས་ཀྱི་རང་བཞིན་བྱམས་བརྩེ་ཅན་ཡིན་པ་ཞིག་ལ་རྙོག་དྲ་མང་པོ་ཞིག་མིས་བཟོས་པ་ཇི་ལྟར་བྱུང་བ་རེད། གང་ལྟར་སེམས་ཀྱི་ཆགས་སྡང་དང་རེ་དོགས་སོགས་རྣམ་རྟོག་གི་རུ་འཛིང་ནས་རྙོག་དྲ་མང་པོ་ཞིག་མི་རང་གིས་བཟོས་པའི་རྙོག་དྲ་རེད། དེ་ལྟ་བུའི་དཀའ་ངལ་སེལ་བར་སེམས་ཁམས་རིག་པའི་འགྲོ་སྟངས་ཡག་པོ་ཤེས་པ་བྱས་ཏེ་སེམས་དཀྲུགས་མཁན་ཇི་ལྟར་ཡོང་གི་ཡོད་པ་རེད། དེའི་རྒྱུ་དང་རྐྱེན་གང་གི་ཐོག་ནས་ཡོང་གི་ཡོད་པ། དེའི་ལྡོག་ཟླ་བྱམས་པ་ལ་སོགས་པའི་རྒྱུ་དང་རྐྱེན་གང་དག་ཡིན་པ་ཤེས་རྒྱུ་ནི། ཆོས་ཕྱོགས་ཀྱི་ཐར་བ་དང་ཐམས་ཅད་མཁྱེན་པའི་སྐད་ཆ་གང་ཡང་མ་ཡིན་པར་མི་ཚེ་འདིའི་ཉིན་རེའི་སེམས་སྐྱིད་པོ་ཡོང་བ་དང་། དེའི་ཐོག་ནས་ལུས་བདེ་བ། མི་ཚེ་རིང་བ། རང་ཉིད་གང་དུ་ཡོད་སའི་མི་ཚང་མ་གྲོགས་པ་ཆགས་པ་སོགས་གཙོ་བོ་སེམས་ལ་ཐུག་ཡོད། དེར་བརྟེན་ནཱ་ལེནྡྲའི་མཁས་པའི་གཞུང་ནས་སེམས་ཁམས་རིག་པའི་སྐོར་གསུངས་ཡོད་པ་ནི་དེང་གི་འཛམ་གླིང་འདིར་དགོས་མཁོ་ཡོད་པ་དང་ཕན་ཐོགས་ཡོད་པ་ཞིག་རེད། དེ་ནི་ནང་པའི་ཆོས་སྤེལ་བའི་སྐད་ཆ་གང་ཡང་མ་རེད། 

སྔར་རྒྱ་གར་གྱི་རིག་གཞུང་མང་པོའི་ནང་དུ་སེམས་ཁམས་རིག་པའི་སྐོར་དར་སོ་ཆེན་པོ་ཡོད་ཀྱང་། བར་སྐབས་ཉམས་པ་རེད། མ་ཉམས་པར་བདག་པོ་བརྒྱབ་ཡོད་མཁན་བོད་པ་གཅིག་པུ་རེད། གཞུང་ནང་པའི་གཞུང་ནས་ཐོན་པ་ཡིན་ཀྱང་། བརྗོད་བྱའི་ཆ་ནས་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་(Secular Ethics)གི་ཐོག་ཏུ་འགྲོ་ཐུབ་པ་ཞིག་རེད། དེ་ལྟ་བུ་ལ་བསམ་བློ་གཏོང་དུས་ང་ཚོ་བཙན་བྱོལ་བ་ཆགས་ཏེ་རང་དབང་ལུང་པར་སླེབས་ནས་གཙོ་ཆེན་རྒྱ་གར་གཞུང་མང་གཉིས་ནས་ཁ་ཞེ་གཉིས་མེད་ཀྱིས་ལོ་ནས་ལོ་བསྟུད་ནས་མཐུན་འགྱུར་དང་རྒྱབ་སྐྱོར་གནང་པའི་འབྲས་བུ་ལ་ང་ཚོས་ལོ་སྟོང་ཕྲག་རིང་རྒྱ་གར་མཁས་པའི་བཞེད་གཞུང་བདག་པོ་བརྒྱབ་ནས་ཡོད་པ་དེ་འཛམ་གླིང་སྤྱི་ལ་གང་འཚམ་ཕན་ཐོགས་བྱེད་ཐུབ་པ་ཞིག་སླེབས་འདུག ཅེས་སོགས་ཚད་མ་རིག་པ་དང་དཔལ་ནཱ་ལེནྡྲའི་གཞུང་ལ་སྦྱོང་མཁན་དང་། དེ་བཞིན་ཚན་རིག་པ་སོགས་ཀྱིས་བརྟག་དཔྱད་བྱས་ནས་རྒྱུ་མཚན་མཐོང་ན་མ་གཏོགས་ཁས་ལེན་བྱེད་ཀྱི་མེད་པའི་སྐོར་སོགས་བཀའ་སྩལ་བ་དང་། 

ཡང་། ང་རང་ཚོ་བཙན་བྱོལ་བ་ཆགས་ནས་བཙན་བྱོལ་བ་ཚོའི་འཚོ་ཐབས་དང་མདུན་ལམ་རྐྱང་རྐྱང་དང་། ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་སྲུང་སྐྱོབ་བྱེད་པ་ཙམ་མ་ཡིན་པར་ང་རང་ཚོར་ཡོད་པའི་ཤེས་ཡོན་འདིའི་སྟེང་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་པ་ལ་གང་ལ་གང་འཚམ་ཚོད་དཔག་བྱེད་ཐུབ་པ་ཆགས་སོང་། འདི་ནི་ང་ཚོ་བཙན་བྱོལ་བ་ཆགས་ནས་ཕལ་ཆེར་རྐྱེན་ངན་གྲོགས་ལ་ཤར་བ་རེད། བཙན་བྱོལ་བ་ཆགས་མེད་པར་ལྷ་སར་མུ་མཐུད་བསྡད་ཡོད་ཚེ་སྔ་མོའི་ཀླད་པ་ལྗང་ཁུའི་ལུགས་སྲོལ་བྱས་ནས་ཕལ་ཆེར་བསྡད་ཡོད་པ་རེད། མཁྱེན་སོང་ངམ། ང་ཚོ་བཙན་བྱོལ་བ་ཆགས་ནས་སྔ་མོའི་ཀླད་པ་ལྗང་ཁུ་བྱེད་འདོད་ཡོད་ཀྱང་བྱེད་ས་མེད། དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་གི་ཐོག་ནས་འགྲོ་དགོས་པ་རེད། དེར་བརྟེན་ང་ཚོ་བོད་པའི་དཔེ་ལ་རྐྱེན་ངན་གྲོགས་ལ་ཤར་ཟེར་བ་དེ་རེད། ཆོས་ཕྱོགས་ནས་བཤད་ན་རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་ཟེར་བ་དེ་ཆགས་ཀྱི་ཡོད་པ་རེད། དེ་ནི་ང་ཚོ་བོད་མི་རིགས་ཀྱི་སྔོན་གྱི་མེས་པོ་ཚོའི་བྱས་རྗེས་རེད་ལ་ད་ལྟའི་ང་ཚོའི་བོད་མི་རིགས་ཀྱི་སྙིང་སྟོབས་དང་ལྷག་བསམ་ཞུམ་པ་མེད་པར་བསྡད་པས་རེད། 

གཙོ་ཆེར་གཞིས་བཞུགས་རྒྱ་ཆེ་མི་མང་གིས་དཀའ་སྡུག་ཆེན་པོ་མྱང་ཡོད་ཀྱང་བོད་མི་རིགས་ཀྱི་ལར་ཞེན་དང་། སོ་སོའི་སྐད་ཡིག་དང་རིག་གཞུང་སོགས་ལ་དོ་ཁུར་ཆེན་པོ་བྱས་ཡོད།  དེ་ཡང་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་ཞེས་སྔ་མོ་ནས་གསུངས་ཀྱི་ཡོད་པ་རེད། དེ་ཙམ་མ་ཡིན་པའི་མདོ་སྨད་རྟ་ཡི་ཆོལ་ཁ། མདོ་སྟོད་མིའི་ཆོལ་ཁ། ཞེས་ཆོལ་ཁ་གསུམ་གར་སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན། མངའ་བདག་ཁྲི་རལ་བ་སོགས་ཀྱི་སྐབས་ལ་བོད་ཡོངས་རྫོགས་བསམ་བློའི་ནང་དུ་གཅིག་གྱུར་བྱས་ནས་བསྡད་ཡོད་པ་རེད། དེ་འདྲའི་བསམ་བློའི་ནང་གཅིག་གྱུར་གྱི་འདུ་ཤེས་དེ་རིང་ཁ་སང་ཧ་ཅང་ཤུགས་ཆེན་པོ་ཡོད་པ་དེའང་རྐྱེན་ངན་གྲོགས་སུ་ཤར་བ་ཞིག་རེད། དེ་ཚོ་ང་ཚོས་སྤོབས་པ་བྱ་འོས་པ་ཞིག་རེད། རྒྱ་གར་གཙོ་བོར་གྱུར་བའི་བཙན་བྱོལ་ནང་གི་བོད་མི་ཚོས་ཀྱང་རང་དོན་རང་གཅེས་ཐོག་ནས་སོ་སོ་རང་ཉིད་བོད་མི་ཞིག་ཡིན་བསམ་པའི་འདུ་ཤེས་དེ་བཟུང་ནས་བོད་མི་རིགས་ཀྱི་དོན་དང་། བོད་མི་རིགས་སྐད་ཡིག་སོགས་ལ་དོ་སྣང་བྱ་རྒྱུ་ཡག་ཐག་ཆོད་འདུག

རྒྱ་གར་ནང་ལ་མཚོན་ན་བཙན་བྱོལ་མི་འབོར་མང་ཤོས་ཆགས་ཡོད། ད་བར་ལོ་ངོ་དྲུག་ཅུའི་མཚམས་བར་ཡག་ཐག་ཆོད་རེད། ད་དུང་ཡིན་ནའང་ཚང་མས་ལྷོད་གཡེང་དང་ཉི་མ་གང་འཁྱོལ་བཟོ་འདྲ་མིན་པར་གཟབ་དགོས། ལེགས་པའི་ཆར་བསྟོད་བསྔགས་གཞན་གྱིས་བྱ་རྒྱུ་རེད། ང་ཚོས་རང་གི་ལས་འགན་ལ་འཐུས་ཤོར་གང་ནས་འགྲོ་བཞིན་ཡོད་པ་དང་སྐྱོན་གང་ནས་ཡོང་བཞིན་ཡོད་པ་དེ་དག་ལ་ང་ཚོ་རང་ཉིད་ཀྱིས་འགན་འཁྱེར་ནས་སྐྱོན་བསྲང་བྱ་རྒྱུ་དེ་ང་ཚོའི་འགན་རེད། ཚང་མས་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད་པ་རེད་ལ་ད་དུང་ཡང་ཧུར་ཐག་འབད་ཐག་བྱེད་རོགས་ཞུ་རྒྱུ་ཡིན། དེ་རིང་འདིར་གསུང་བཤད་གནང་མཁན་ཚོས་ཁ་ནས་འདྲ་ཆགས་ཆགས་ཙམ་མིན་པར་སེམས་གཏིང་ནས་ཧ་ཅང་ཡག་པོ་གསུངས་བར་ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་རྗེས་གཞས་སྣ་གཟིགས་འབུལ་སོགས་མཛད་རིམ་མུ་མཐུད་དེ་ཆུ་ཚོད་ ༡༢ ཡོལ་མཚམས་མཛད་སྒོ་ལེགས་པར་གྲུབ་རྗེས་གསར་འགོད་པ་དག་གི་དྲི་བར་བཀའ་ལན་སྩལ་རྗེས་བཞུགས་སྒར་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་བཅས།། 

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།