༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་གནང་བ། ༢༠༡༨ ཟླ་བ་ ༡ ཚེས་ ༡༤

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་དང་ཆེན་པོ་ཧོར་གྱི་ Organizing Committee Of Mongolian Sungchoe Organization ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་སྨིན་སྩལ་དབུ་འཛུགས་མཛད་ཡོད་པ་རེད།

དེ་ཡང་ཞོགས་པ་ཆུ་ཚོད་དགུ་བ་མ་ཟིན་ཙམ་ལ་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་ཕེབས་འཁོར་ལ་བཞུགས་ཏེ་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་བོད་ཀྱི་ཟློས་གར་ཚོགས་པས་བསྟོད་དབྱངས་དང་འབྲེལ་ཕེབས་བསུ་ཞུས་ཏེ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཝར་ནཱ་མཐོ་སློབ་ཀྱི་སློབ་ཕྲུག་ཁག་ཅིག་གིས་ལེགས་སྦྱར་སྐད་ཀྱི་ཐོག་ཤེས་རབ་སྙིང་པོ་གསུངས་འདོན་གནང་བ་དང་། དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་མི་ཁག་ཅིག་གིས་ལེགས་སྦྱར་ལྷ་ཡི་སྐད་དུ་སྐྱབས་འགྲོའི་འདོན་དབྱངས་དང་བཅས་མཆོད་དབྱངས་ཕུལ། མུ་མཐུད་རྒྱ་རིགས་སེར་སྐྱ་ཕོ་མོ་ཁག་ཅིག་གིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་བླ་མ་བཟོད་པ་རིན་པོ་ཆེ་མཆོག་བཅས་ནས་མཎྚལ་རྟེན་རྟེན་གསུམ་འདེགས་ཞུས། 

དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་སྩལ་དོན། ཉེ་སྔོན་རྒྱ་གར་གྱི་སློབ་ཕྲུག་དང་ཡུལ་བ་ཚོ་གཙོ་བོར་དམིགས་ནས་ཆོས་འབྲེལ་ཧིན་སྐད་དུ་བསྒྱུར་བཞིན་བྱས་པ་རེད། དེ་རིང་འདིར་རྐང་སོག་རིགས་མང་པོ་སླེབས་ཡོད་པ་རེད། དེ་བཞིན་དད་པའི་འདུས་པའི་སེར་སྐྱ་མང་ཚོགས་ཐུན་མོང་ལ་ཞུ་རྒྱུ་བྱས་པ་དེ་ལྟར་རེད། འདིར་དད་པའི་འདུས་པའི་དད་ཡུལ་དེ་སངས་རྒྱས་པའི་ཆོས་ཆགས་ཡོད། སངས་རྒྱས་པའི་ཆོས་ཉན་བཤད་ཇི་འདྲ་ཞིག་བྱས་པ་ཡིན་ནའང་། གཙོ་བོ་ཉན་བཤད་གནད་དུ་འཁེལ་བ་ཡོང་བ་ལ་ཀུན་སློང་རྣམ་པར་དག་པ་དགོས་ཀྱི་ཡོད་པ་རེད། འཆད་པ་པོ་བླ་མའི་ངོས་ནས་ཡིན་ནའང་འཇིག་རྟེན་ཆོས་བརྒྱད་ངང་རང་གི་སྙན་གྲགས་འདོད་པ་ལྟ་བུ་དང་། འབུལ་བ་འདོད་པ་ལྟ་བུ་བྱས་པ་ཡིན་ན་བཤད་རྒྱུ་ཆོས་བཤད་ཀྱི་ཡོད་ཀྱང་དོན་ལ་སྡིག་པ་བསགས་ཀྱི་ཡོད་པ་རེད། ལྷག་པར་དུ་ཆོས་བཙོང་མཁན་ཆགས་ན་དཔེ་མི་སྲིད་པའི་ཐབས་སྐྱོ་བོ་རེད། སྙིང་མའི་བླ་མ་ཞིག་ཡོད་པ་རེད། ཁོང་གིས་སྐུ་ཚེའི་རིང་ཤ་མི་ཟ་བ་དང་གཅིག བཞོན་པ་མི་ཞོན་པ་དང་གཉིས། ཆོས་མི་བཙོང་བ་དང་གསུམ་བྱས་ཏེ་དམ་བཅའ་བཞག་ཡོད་པ་རེད། ཁོང་གི་རྣམ་ཐར་དེ་བཀླགས་ནས་ངོས་རང་གི་སེམས་ལ་ཧ་ཅང་ཕན་སོང་། དེར་བརྟེན་བླ་མའི་ངོས་ནས་བསམ་པ་རྣམ་དག་གིས་བཤད་པ་དང་། ཁྱོད་རང་ཚོ་སློབ་མ་ཆོས་ཉན་མཁན་གྱི་ངོས་ནས་ཀྱང་དེ་བཞིན་རེད། 

དད་པ་མེད་པར་ཉམས་ཚོད་གཏོང་མཁན་ཡིན་ནའང་ཁོ་འགྲིག་པ་རེད། སྤྱིར་ཆོས་གང་ཡིན་ནའང་མངོན་ལྐོག་བྱེད་དགོས་པ་ཡོད་པ་མ་རེད། ལྷག་པར་དུ་སངས་རྒྱས་པའི་ལྟ་གྲུབ་དང་འབྲེལ་བའི་ཆོས་བཤད་སྐབས་མངོན་ལྐོག་བྱེད་དགོས་པ་ཁྱོན་ནས་ཡོད་པ་མ་རེད། ཆོས་ལ་སྐྱོན་དུ་བལྟ་མཁན་ཚོ་ངེས་པར་དུ་ཡོང་བ་ཡིན་ན་དགའ་བསུ་ཡོད། ཧ་ཅང་གལ་ཆེན་པོ་རེད། ལོ་སྟོང་ཕྲག་གཉིས་ལྷག་གི་རིང་ལ་སངས་རྒྱས་པའི་ཆོས་ལ་སྐྱོན་བརྗོད་བྱེད་མཁན་ནམ་དགག་པ་རྒྱག་མཁན་མང་པོ་བྱུང་ཡོད་པ་རེད། སྤྱིར་སངས་རྒྱས་པའི་ཆོས་དང་ཡང་སྒོས་ནཱ་ལེནྡྲའི་ཆོས་བརྒྱུད་དེ་དག་གི་མཉམ་དུ་དཔྱད་བསྡུར་བྱེད་བཞིན་ཕྱིན་པ་རེད། དེང་སང་ཆོས་ལ་དགག་པ་རྒྱག་མཁན་བྱུང་བ་ཡིན་ན་དགའ་བསུ་ཞུ་ཡ་རེད། ཁྱོད་ཀྱིས་ཆོས་ལ་དགག་པ་རྒྱག་གི་ཡོད་པ་རེད། ཁྱོད་ལོག་ལྟ་ཅན་རེད། ཁྱོད་བསོད་ནམས་དམན་པ་རེད་ཅེས་པ་ལྟ་བུ་གང་ཡང་ཡོད་པ་མ་རེད། མི་གཅིག་མཚུངས་རེད། ཁམས་དང་མོས་པ་སྣ་ཚོགས་ཡོང་གི་རེད། བཅོམ་ལྡན་འདས་རང་ཉིད་བཞུགས་པའི་སྐབས་སུ་མཚན་དང་དཔེ་བྱེད་ཀྱིས་བརྒྱན་ཡོད་པའི་མཆོག་གི་སྤྲུལ་སྐུའི་རྣམ་པ་བསྟན་པ་ལ་དགག་པ་རྒྱག་མཁན་ཡོད་པ་རེད། དེ་རིང་ཁ་སང་དེ་འདྲ་ཡོང་གི་རེད། དེར་བརྟེན་དེ་རིང་འདིར་ང་ཚོ་བོད་རིགས་གཙོ་བོར་གྱུར་བའི་སྐྱ་སེར་ཕོ་མོ་མང་ཆེ་བ་ཕ་མེས་ནས་ནང་པ་སངས་རྒྱས་པའི་ཆོས་པ་ཡིན་པ་རེད། 

འདིར་རྒྱ་རིགས་ཚོར་ཆ་བཞག་ནའང་ཕ་མེས་ནས་ནང་པ་ཆགས་བསྡད་ཡོད་པ་རེད། ད་ཅི་ཤེས་རབ་སྙིང་པོ་གསུངས་པ་དེ་ཁོ་རང་ཚོས་ཕོ་སྐད་མོ་སྐད་ལྟ་བུ་ཞིག་བརྒྱབ་ནས་འགྲིག་པོ་ཞིག་བྱུང་མ་སོང་མ་གཏོགས་ཤེས་རབ་སྙིང་པོ་ཧ་ཅང་ཡག་པོ་འདོན་གྱི་འདུག ཤེས་རབ་སྙིང་པོ་ང་ཚོ་ཚང་མར་རྒྱུས་ཡོད་པ་རེད། རྗེས་ལ་སྨོན་ལམ་ཤོ་ལོ་ཀ་གསུམ་ཡོད་པ་རེད། དུག་གསུམ་ཉོན་མོངས་མེད་པར་གྱུར་ཅིག། དུག་གསུམ་ཉོན་མོངས་མེད་པར་འགྲོ་བ་དེ་ལ་ཤེས་རབ་ཀྱི་སྣང་བ་འབར་བའི་སྒོ་ནས་དུག་གསུམ་གྱི་ཉོན་མོངས་སེལ་བ་མ་གཏོགས་དད་པ་གཅིག་པུའི་ཐོག་ནས་སེལ་ཐབས་མེད་པ་ཡིན་པས་ཤེས་རབ་སྣང་བ་འབར་བ་ཤོག་ཅེས་གསུངས། དེ་ཡག་པོ་འདུག ཚིག་གཉིས་པོ་དེས་ཐེག་པ་ཆེ་ཆུང་ཚང་མའི་རྨང་གཞི་བཟུང་བ་རེད། དེ་ལྟ་བུའི་ཆོས་ཚུལ་ཉམས་སུ་ལེན་པ་ལ་ཕྱི་ནང་གི་བར་ཆད་དབང་དུ་མི་འགྲོ་བ་ཤོག དེའི་རྗེས་ལ་སྨོན་ལམ་བཞི་བ་དེར་བྱང་ཆུབ་སེམས་ཀྱི་ལམ་བཤད་ཀྱི་ཡིན་ཟེར་བ་ཞིག་ཡོད་པ་རེད། 

སྨོན་ལམ་འདིས་ག་རེ་མཚོན་གྱི་ཡོད་པ་རེད་ཅེ་ན་ཕ་མེས་ནས་ཤེས་རབ་སྙིང་པོ་འདོན་མཁན་ཞིག་དང་། ཉོན་མོངས་ལ་སྐྱོན་དུ་བལྟས་ནས་དེའི་གཉེན་པོ་ཤེས་རབ་ཅེས་པ་ནི་ཀ་ཁ་ཤེས་པའི་ཤེས་རབ་ལྟ་བུ་ཞིག་མ་རེད། འདིར་ཤེས་རབ་ཅེས་པ་ནི་བདག་མེད་པའི་ལྟ་བ་དང་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་ལྟ་བའམ་ཤེས་རབ་དེ་ལ་ཟེར་གྱི་ཡོད་པ་རེད། ཤེས་རབ་སྙིང་པོ་འདོན་གྱི་ཡོད་པས་བདག་མེད་པའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་རེད་འདུག བྱང་ཆུབ་སྤྱོད་པ་འཇུག་པར་ཤོག ཅེས་བྱང་ཆུབ་སེམས་པའི་བསླབ་པ་བསླབ་པ་རེད། ཧ་ཅང་ཡག་པོ་འདུག ཕ་མེས་ནས་སངས་རྒྱས་པའི་ཆོས་ལ་ཞུགས་མཁན་ཞིག་ཆགས་ཡོད། རྒྱ་ནག་ཏུ་རིག་གནས་གསར་བརྗེའི་སྐབས་སུ་ཉམས་ཆགས་ཤུགས་ཆེན་པོ་ཕྱིན་ནའང་། སངས་རྒྱས་པའི་ཆོས་ཞེས་པ་ནི་མི་རབས་མང་པོ་ཕྱིན་པ་ཡིན་པས་སེམས་ཀྱི་ནང་དུ་ཆོས་དད་ལ་དབང་ཡོད་བཤད་ནས་འགྱུར་བ་འགྲོ་རྒྱུ་རྩ་བ་ཉིད་ནས་ཡོད་པ་མ་རེད། དེར་བརྟེན་རྒྱ་ནག་ཏུ་ནང་པ་བྱེད་མཁན་ཧ་ཅང་མང་པོ་འདུག 

དེ་ལྟ་བུའི་རྒྱ་ནག་གི་ནང་པ་དེ་ཚོས་བོད་ཀྱི་ཆོས་དངོས་ནས་འགྲེལ་བཤད་བརྒྱབ་ཡོད་པ་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་འདུག ཅེས་རྒྱ་རིགས་དང་འབྲེལ་བའི་བཀའ་སློབ་སྩལ་བ་དང་། དེ་ནས་སོག་རིགས་ཚོ་དང་འབྲེལ་ཡོད་བཀའ་སློབ་སྩལ་དོན། 

དེ་རིང་འདིར་སོག་རིགས་ཡོད་པ་རེད། ཁྱོད་རང་ཚོ་སོག་པོ་ལ་བསྟན་པ་སྔ་དར། བར་དར། ཕྱི་དར་ཞེས་གསུངས་རྒྱུ་འདུག སྔ་མོ་དར་ལམ་(Silk Road)བརྒྱུད་རྒྱ་གར་ནས་རྒྱ་ནག་དུ་ནང་པ་འབྲེལ་བ་ཡོང་བའི་སྐབས་སུ་ཕལ་ཆེར་སོག་པོའི་ཡུལ་བརྒྱུད་ནས་འགྲོ་གི་རེད། དེ་བསྟན་པ་སྔ་དར་དང་། བར་དར་ཟེར་བ་ནི་ཕལ་ཆེར་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་སུ་ཡིན་འདུག དེ་ནས་བསྟན་པ་ཕྱི་དར་ཟེར་བ་ནི་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་བྱུང་བ་རེད། ཏཱ་ལའི་བླ་མ་ཞེས་པར་ཁྱེད་རང་ཚོ་སོག་པོ་ཚོས་ཏཱ་ལའི་བྷག་ཤུ་ཟེར་གྱི་འདུག སོག་པོའི་མིང་ཚིག་ཆགས་ཡོད། གང་ལྟར་དེ་ལ་བསྟན་པ་ཕྱི་དར་དུ་བརྩི་བཞིན་ཡོད་པ་འདྲ། 

ཆེན་པོ་ཧོར་གྱི་ཡུལ་ཁམས་འདིར་བོད་ནས་སངས་རྒྱས་ཀྱི་བསྟན་པ་དར་ནས་ངོས་རང་སོག་ཡུལ་དུ་ཐེངས་དང་པོར་བསྐྱོད་སྐབས་ཕྱི་ལོ་ ༡༩༧༩ ལོར་རེད། སོག་པོའི་བླ་རྒན་ཚོས་བོད་སྐད་ཤེས་ཀྱི་མ་རེད། ང་ཚོས་ཕར་ཚུར་འབྲེལ་བ་བྱེད་དགོས་བྱུང་ན་ཁོ་ཚོས་ཚུར་དབུ་ཅན་བྲིས་ནས་ངོས་ལ་སྟོན་གྱི་འདུག ངོས་ནས་ཀྱང་ལན་དུ་དབུ་ཅན་བྲིས་ནས་སྟོན་གྱི་ཡོད། སྔར་ནས་འབྲེལ་བ་ཆེན་པོ་ཡོད་བསྡད་པ་རེད། 

ཐེངས་དང་པོར་ངོས་རང་སོག་ཡུལ་དུ་སླེབས་སྐབས་དམར་པོའི་རྒྱལ་ཁབ་རེད། ཆོས་ལ་རང་དབང་ཡོད་པ་མ་རེད། དམ་དྲག་ཅུང་ཡོད་པ་རེད། དགའ་ལྡན་དགོན་པའི་ལྕགས་རིའི་ནང་དུ་རང་དབང་ཡོད་པ་ལྟ་བུ་དང་། ལྕགས་རིའི་ཕྱི་རུ་རང་དབང་མེད་པ་ཞིག་རེད་འདུག དགའ་ལྡན་དགོན་པའི་ནང་དུ་བརྟན་བཞུགས་གསུངས་ནས་མཎྚལ་རྟེན་དོད་འབུལ་སྐབས་ཧ་ཅང་སྐད་རྒྱག་བཞིན་འདུག སྐད་ཧ་ཅང་ཤུགས་ཆེན་པོ་བརྒྱབ་ནས་གདོང་པའང་དམར་པོ་ཆགས་ནས་མཎྚལ་འདོན་པ་དང་། མིག་ཆུ་མང་པོ་གཏོང་གི་འདུག ངོས་རང་སེམས་ཧ་ཅང་སྐྱོ་སོང་། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་སྐབས་ནས་འབྲེལ་བ་བྱུང་ཡོད་པ་ཞིག་རེད། དེར་བརྟེན་བླ་མ་དང་སློབ་མའི་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་རེད། ༸རྒྱལ་བ་ཡོན་ཏན་རྒྱ་མཚོ་སོག་པོའི་མི་དཔོན་ཞིག་གི་སྲས་ལ་འཁྲུངས་པ་རེད། དེ་ལྟ་བའི་ཐོག་ནས་ཀྱང་འབྲེལ་བ་ཡོད་བསྡད་པ། དེ་བཞིན་༸གོང་ས་ལྔ་བའི་སྐབས་སུ་གུ་ཤྲིར་ཁཱང་དང་འབྲེལ་ནས་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། 

ཆེན་པོ་ཧོར་གྱི་ཡུལ་ཁག་ནས་མཁས་པ་བསམ་གྱིས་མི་ཁྱབ་པ་བྱུང་འདུག མཁས་པ་དེ་ཚོས་ལེགས་བཤད་བརྩམས་པ་ད་ལྟ་ཡིན་ནའང་ང་ཚོར་བལྟ་རྒྱུ་ཡོད་པ་རེད། སོག་པོའི་མཁས་པ་མང་པོ་བྱུང་བ་རེད། ཆེན་པོ་ཧོར་གྱི་ཡུལ་དེ་བར་སྐབས་ཉམས་ཆག་ཆེན་པོ་ཕྱིན་པ་རེད། དགོན་པ་སྟོང་ཕྲག་ཁ་ཤས་གཏོར་བཤིག་སོང་བ་དང་། དགེ་འདུན་པ་ཕལ་ཆེར་འབུམ་ཕྲག་རྐྱེན་འདས་སོང་བ་སོགས་དཀའ་ངལ་བྱུང་བ་རེད། ཡིན་ནའང་། བར་སྐབས་རང་དབང་བསྐྱར་གསོ་བྱུང་ཡོང་བས་ཆེན་པོ་ཧོར་གྱི་ཡུལ་དུ་སངས་རྒྱས་པའི་བསྟན་པ་དར་རྒྱས་ཤུགས་ཆེན་པོ་ཆགས་ནས་འདིར་གྲྭ་ས་ལ་ཆ་བཞག་ན་བོད་སོག་གཉིས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཡིན་པས་སོག་པོའི་སློབ་གཉེར་བ་བརྒྱ་ཕྲག་ཁ་ཤས་ཡོད་པ་རེད། ཁོ་ཚོས་སློབ་གཉེར་བརྒྱབ་ནས་བསྡད་ཡོད་པ་རེད། ང་ཚོ་བཙན་བྱོལ་ལ་གནས་ནས་ཁ་སྟབས་སྐྱོ་བོ་རེད་དེ་ལོ་རྒྱུས་ཀྱི་ཐོག་ནས་སོག་པོ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད། ངོས་རང་སྒེར་ལ་ཆ་བཞག་ན་མཚན་ཞབས་ཕྱག་དཔེ་ཡག་ཤོས་དེ་དངོས་གྲུབ་ཚོགས་གཉིས་རེད། ཁོང་སོག་པོ་རེད། ངོས་རང་སྒེར་གྱི་ངོས་ནས་དབུ་མའི་ལྟ་བའི་ཐོག་ལ་དམིགས་བསལ་གྱིས་དོ་སྣང་ཡོང་བ་དེ་ཁོང་གིས་རྐྱེན་བྱས་པ་རེད་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། དེར་བརྟེན་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། 

དེ་རིང་འདིར་རིན་པོ་ཆེས་དབུ་ཁྲིད་ནས་ཁྱོད་རང་ཚོ་སོག་རིགས་མང་པོ་ཞིག་འབྱོར་ཡོད་པ་རེད། རིན་པོ་ཆེའི་མིང་དེ་ཁྱོད་རང་ཚོས་ཤེས་ཀྱི་ཡོད་དམ། བླ་མའི་དགེ་རྒན་རེད། སྔ་མོ་རྗེ་བཙུན་དམ་པ་སྐུ་ཕྲེང་ཞིག་གི་དགེ་རྒན་མིན་ནམ། རེད་དམ། མིང་ལའང་བླ་མའི་དགེ་རྒན་ཞེས་ཟེར་གྱི་ཡོད་པ་རེད། རིན་པོ་ཆེ་གྲྭ་ས་ལ་བསྡད་ནས་ཕྱག་དཔེ་བལྟས་ནས་ཧ་ཅང་ཡག་པོ་འདུག དེ་རིང་འདིར་སོག་ཡུལ་ནས་ཡོང་ཡོད་པ་ཁ་ཤས་ང་ཚོ་ངོ་ཤེས་པ་རེད། ཧ་ཅང་ཡག་པོ་ཡིན། 

སོག་པོ་ཚོས་དཔེ་ཆ་ཏོག་ཙམ་བལྟ་དགོས་པ་རེད་ཅེས་ངོས་རང་ན་ནིང་དགའ་ལྡན་དགོན་པར་སླེབས་སྐབས་འབོད་སྐུལ་ཞུས་པ་ཡིན། ལོ་རྒྱུས་ཀྱི་ཐོག་ནས་བོད་སོག་ཅེས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པའི་ཆོས་གྲོགས་ཁྱོད་རང་ཚོར་དེ་རིང་འདིར་མང་པོ་ཞིག་སླེབས་ཡོད་པ་རེད། མ་གཞི་ངོས་ནས་གཤམ་ལ་འགྲེལ་བཤད་རྒྱག་ནས་ཤེས་རྒྱུ་རེད། སློབ་གཉེར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སངས་རྒྱས་པའི་ཆོས་ཤེས་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་སློབ་སྩལ་བ་དང་། 

གཞན་ཡང་ཧི་མ་ལ་ཡའི་རི་རྒྱུད་ནས་ཁྱོད་རང་ཚོ་མང་པོ་ཞིག་སླེབས་ཡོད་པ་རེད། གྲྭ་ས་ལའང་དཔེ་ཆར་བལྟས་ནས་ཧ་ཅང་ཡག་པོ་ཡིན། སྦག་་སཆོས་སྒར་ནས་གཞིས་ཆགས་ཁག་ལ་སྤོས་མ་ཐག་གྲྭ་རྒྱུན་ཉུང་ཉུང་དང་། བོད་ནས་ཡོང་མཁན་ཡང་དེ་དུས་མེད་པའི་སྐབས་སུ་ལ་དྭགས་གཙོ་བོར་གྱུར་བའི་ཧི་མ་ལ་ཡའི་རི་རྒྱུད་ནས་གྲྭ་རྒྱུན་ཡོང་བ་ཚོ་དངོས་གནས་བསྟན་པ་འཛིན་མཁན་ཧ་ཅང་ཕན་ཐོགས་པོ་དང་ཡག་པོ་བྱུང་། ཧི་མ་ལ་ཡའི་རི་རྒྱུད་ནས་ཡོང་བ་འདིར་ཡོད་ཀྱི་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕར་ཐུགས་རྗེ་ཆེ་ཞུས་པ་དང་མཉམ་དུ་ཁྱོད་རང་ཚོས་ཚུར་ཐུགས་རྗེ་ཆེ་ཟེར་དགོས་པ་ཞིག་ཡོད་པ་རེད། གང་ཡིན་ཟེར་ན་བོད་པ་བཙན་བྱོལ་བ་སླེབས་ནས་ཧི་མ་ལ་ཡའི་ས་ཁུལ་དེ་དག་ཡར་རྒྱས་ཕྱིན་ཡོད་པ་རེད། བོད་པ་བཙན་བྱོལ་བ་མེད་ན་ཁྱོད་རང་ཚོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་པ་ཚོས་སོ་སོའི་ཆོ་ག་ཞིག་བཏོན་ནས་སྡོད་ཀྱི་རེད། དེར་བརྟེན་རྗེ་བཙུན་མི་ལས་གསུངས་པ་ལྟར། དྲིན་ཡང་ཕར་ཆེ་ཚུར་ཆེ་ཡིན།། ཚུར་དྲིན་ཆེན་པོ་རེད་ལ་ཕར་ཡང་དྲིན་ཆེན་པོ་ཆགས་བསྡད་ཡོད་པ་རེད། མཁྱེན་སོང་ངམ། 

དེ་བཞིན་ཕྱི་རྒྱལ་མི་ཡང་མང་པོ་ཞིག་ཡོད་པ་རེད། དེ་སྔ་ནང་པའི་ཆོས་བྱེད་མཁན་ཆགས་ཡོད་པ་མ་རེད། ཡུ་རོབ་དང་ཨ་མི་རི་ཁ་བ་ཚོ་ཡི་ཤུ་མ་ཤི་ཀའི་ཆོས་ལུགས་གཞི་ལ་བཞག་ཡོད་པ་ཞིག་རེད། དེ་ནས་ཁ་ཆེ་ཡོད་པ་རེད། དེར་བརྟེན་ནང་པ་དང་འབྲེལ་བ་ཡོད་པ་མ་རེད། ཡིན་ནའང་། དུས་རབས་ ༢༠ ནང་དུ་འཛམ་གླིང་འདིར་འབྲེལ་བ་ཤུགས་ཆེ་རུ་ཕྱིན། ང་ཚོ་འདིར་བཙན་བྱོལ་ལ་སླེབས་ནས་ནུབ་ཕྱོགས་པའི་མི་མང་པོ་ཞིག་གིས་བོད་ཀྱི་རིག་གཞུང་སོགས་ལ་དོ་སྣང་བྱས་པ་དང་། བོད་པའི་འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་སོགས་ལ་ཤ་ཚ་དང་སེམས་ཁུར་ལེན་མཁན་མང་པོ་བྱུང་བ་རེད། དེ་ལྟ་བུའི་ཐོག་ནས་བོད་ཀྱི་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་མཁན་བར་སྐབས་མང་དུ་འགྲོ་བཞིན་འདུག ཁྱོད་རང་ཚོ་ཕ་མེས་ནས་ནང་པའི་ཆོས་བྱེད་མཁན་མ་རེད་ཀྱང་སོ་སོའི་རྣམ་དཔྱོད་བེད་སྤྱོད་བྱས་ཏེ་སངས་རྒྱས་པའིི་ཆོས་ཀྱི་འགྲོ་སྟངས་ལ་ཡིད་སྨོན་སྐྱེས་ཏེ་དོ་སྣང་བྱེད་བཞིན་པ་རེད། ལོ་རྒྱུས་ཀྱི་ཐོག་ནས་བཤད་པ་ཡིན་ན་ཁྱོད་རང་ཚོ་སངས་རྒྱས་པའི་ཆོས་པ་གསར་པ་ཆགས་ཡོད་པ་རེད། ང་ཚོ་ནི་ལོ་སྟོང་ཕྲག་ལྷག་གི་རིང་ལ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་དང་ཁྱོད་རང་ཚོ་མི་འདི་རང་ལ་སངས་རྒྱས་པའི་ཆོས་ལ་དོ་སྣང་སླེབས་པ་རེད། ཁྱོད་རང་ཚོ་ཚང་མར་དགའ་བསུ་ཞུ་བཞིན་ཡོད། 

ཆོས་བཤད་ཅེས་པ་ནི་ཁྲི་ཞིག་གི་སྟེང་དུ་བསྡད་ནས་འདྲ་ཆགས་པོ་བྱེད་རྒྱུ་ཞིག་མ་རེད། ཆོས་ཟེར་དུས་ཡི་ཤུའི་ཆོས་དང་། ཁ་ཆེའི་ཆོས། ཧིན་དྷིའི་ཆོས། མུ་སྟེགས་པའི་གྲུབ་མཐའ་མང་པོ་ཡོད་པ་རེད། སྤྱིར་བཏང་སྒྲ་ཟོར་ཡང་པ་བྱས་ཡིན་ན་འདི་ལྟར་བཤད་ཀྱི་རེད། མི་འདྲ་བའི་ཁྱད་པར་ནི་ལྟ་གྲུབ་ཀྱི་ནང་ནས་ཁྱད་པར་ཡོད་པ་རེད། ལྟ་གྲུབ་ཀྱི་ཐོག་ནས་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ཇི་ལྟར་ཡིན་པ་དེ་འགྲེལ་བཤད་རྒྱག་པ་དང་ཤེས་པར་བྱེད་རྒྱུ་ནི་གལ་ཆེན་པོ་འདུག ཅེས་སོགས་བཀའ་སློབ་སྩལ་རྗེས་བཀའ་སློབ་སྩལ་རྗེས། མགོན་པོ་གང་ཉིད་མཆོག་གིས་བཀའ་རྩོམ་མཛད་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་བཤད་ཁྲིད་མཛད་པ་དང་། དེ་རྗེས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་དབུ་འཛུགས་ཀྱིས་ཆུ་ཚོད་ ༡༡།༣༠ ཡོལ་ཙམ་ལ་གནང་སྒོ་ཡོངས་སུ་མཇུག་གྲུབ་པ་དང་།

སང་ཉིན་ལག་ལེན་སོ་བདུན་མའི་གསུང་ཆོས་དང་། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་བྱང་སའི་ཚུལ་ཁྲིམས་ཀྱི་ལེའུ་ནང་གསུངས་ཡོད་པའི་བྱང་ཆུབ་སེམས་པའི་སྡོམ་པ་འབོག་ཆོག་གནང་རྒྱུ། དེ་བཞིན་ཡོངས་རྫོགས་དགེ་བསྙེན་སྒྲུབ་རྒྱུ་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་གི་སྟ་གོན་བཅས་སྩལ་ཡིན་པ་བཀའ་ཕེབས་ཡོད་པ་བཅས།། 

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།