༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ལས་ཕྱི་གཟུགས་ཅན་སྐོར་གྱི་དབྱིན་འགྱུར་དཔེ་དེབ་དབུ་འབྱེད་མཛད་པ། ༢༠༡༨ ཟླ་བ་ ༡ ཚེས་ ༧

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནཱ་ལེནྡྲ་ཤིག་ཤའམ་རྒྱ་གར་གྱི་ནང་ཆོས་དོན་གཉེར་བ་རྣམས་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་ལྔ་བཅུ་བརྒལ་བར་ཆོས་ཀྱི་འཁོར་ལོའི་མདོ་དང་སཱ་ལུའི་ལྗང་པའི་མདོའི་བཀའ་ཁྲིད་གནང་སྒོ་ཡོངས་སུ་མཇུག་ལེགས་པར་གྲུབ་རྗེས་མགོན་པོ་གང་ཉིད་མཆོག་དང་བི་ཧར་(Bihar)མངའ་སྡེའི་བློན་ཆེན་སྐུ་ཞབས་ནི་ཏི་ཀུ་མར་(Chief Minister shri Nitish Kumar )མཆོག་རྣམ་གཉིས་ཀྱིས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་པོད་ཕྲེང་ལས་ཕྱི་གཟུགས་ཅན་སྐོར་གྱི་ཨིན་འགྱུར་པོད་ཕྲེང་དང་པོ་དབུ་འབྱེད་གནང་ཡོད་པ་རེད། 

དེ་ཡང་ཆུ་ཚོད་ ༡༡།༣༠ ཡོལ་ཙམ་ལ་བི་ཧར་མངའ་སྡེའི་བློན་ཆེན་སྐུ་ཞབས་ནི་ཏི་ཀུ་མར་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བར་ཕེབས་ཏེ་ཐོག་མར་༸གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དང་། ༸གོང་ས་མཆོག་གིས་བློན་ཆེན་མཆོག་ལ་ཁ་བཏགས་ཕུལ་ཏེ་བཞུགས་ཁྲིར་འཁོད་མཚམས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་མཛད་སྒོ་གཙོ་སྐྱོང་གིས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་པོད་ཕྲེང་ལས་ཕྱི་གཟུགས་ཅན་སྐོར་དཔེ་དེབ་དབྱིན་བསྒྱུར་གནང་མཁན་སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ངོ་སྤྲོད་དང་འབྲེལ་གསུང་བཤད་གནང་བར་གདན་ཞུ་ཞུས་པ་དང་། སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་གསུང་བཤད་གནང་དོན། 

ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བི་ཧར་མངའ་སྡེའི་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མར་མཆོག དགའ་ལྡན་ཁྲི་རིན་པོ་ཆེ་དང་། ས་སྐྱ་ཁྲི་འཛིན་རིན་པོ་ཆེ། གཞན་ཡང་འདིར་ཕེབས་པའི་སེར་སྐྱ་ཕོ་མོ་ལྷན་རྒྱས་ལ།

ད་རིང་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བི་ཧར་མངའ་སྡེའི་བློན་ཆེན་གཉིས་ནས་གནས་མཆོག་རྡོ་རྗེ་གདན་དུ། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་པོད་ཕྲེང་ཨིན་འགྱུར་དབུ་འབྱེད་གནང་བའི་སྐབས་འདིར། གུས་པར་པོད་ཕྲེང་གལ་ཆེ་འདིའི་ངོ་སྤྲོད་ཚིག་ཁ་ཤས་ཤིག་ཞུ་རྒྱུའི་གོ་སྐབས་ཐོབ་པ་ནི་སྐལ་བ་ཤིན་ཏུ་བཟང་པོར་ངོས་འཛིན་ཞུ་གི་ཡོད། པོད་ཕྲེང་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིད་ཀྱི་དགོངས་བཞེད་དང་བཀའ་སློབ་ལམ་སྟོན་འོག མཁས་པ་དགེ་བཤེས་ཁག་གཅིག་གིས་ལོ་མང་པོར་ངལ་བ་བསྟེན་ཏེ་ཆེད་དུ་བསྒྲིགས་པ་ཞིག་ཆགས་ཡོད། ཀུན་བཏུས་ཀྱི་པོད་ཕྲེང་འདི་ལ་གླེགས་བམ་བཞི་ཡོད་ཅིང་། ཚན་རིག་གི་སྐོར་ལ་ཕྱི་གཟུགས་ཅན་གྱི་སྐོར་དང་། ནང་སེམས་ཀྱི་རྣམ་གཞག་གི་སྐོར་བཅས་སོ་སོར་པོད་རེ་བྱས་ནས་པོད་གཉིས་དང་། དེ་ནས་ལྟ་གྲུབ་རིག་པའི་སྐོར་ལ་པོད་གཉིས་བཅས་ཡོད།  ད་རིང་སྐབས་སུ་བབས་པ་ནི། ཚན་རིག་ཀུན་བཏུས་ཀྱི་པོད་དང་པོའི་་ཨིན་འགྱུར་དབུ་འབྱེད་གནང་རྒྱུ་དེ་རེད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱི་དགོངས་བཞེད་བླ་ན་མེད་པར། འཕགས་ཡུལ་གྱི་ནང་པའི་གཞུང་རྣམས་ཀྱི་བརྗོད་བྱ་ལ། གཞི་དངོས་པོའི་རྣམ་གཞག་གམ་ཚན་རིག་དང་། ལྟ་གྲུབ། ཆོས་ཀྱི་ལག་ལེན་བཅས་གསུམ་དུ་དབྱེར་རུང་བ་དང་། དེའི་ཐོག་ནས་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་གཉིས་ཟུར་དུ་ཁོལ་བཏོན་བྱས་ཏེ། གླེགས་བམ་ལོགས་སུ་བསྒྲིགས་ཐུབ་པ་བྱུང་བ་དེ་ནི། ནང་པ་སངས་རྒྱས་པའི་བསྟན་པ་འཇིག་རྟེན་འདིར་དར་ནས་མི་ལོ་ཉི་སྟོང་ལྔ་བརྒྱ་ལྷག་སོང་བའི་ལོ་རྒྱུས་རིང་པོ་དེའི་ནང་གསར་གཏོད་ཀྱི་མཛད་རྗེས་ཤིན་ཏུ་ཆེན་པོ་ཞིག་ཏུ་གྱུར་ཡོད། དེའི་རྐྱེན་གྱིས། གཅིག་ནས་དེང་འཛམ་གླིང་ས་གནས་མང་པོར། རང་ཉིད་ནང་པ་ཡིན་མིན་དང་། ནང་ཆོས་ལ་དད་པ་ཡོད་མིན་ལ་མ་ལྟོས་པར། ཤེས་བྱའི་འདུ་ཤེས་ཀྱི་སྟེང་ནས་སྔོན་གྱི་ནང་པའི་སློབ་དཔོན་ཆེན་པོ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་དང་། ཐོགས་མེད་སྐུ་མཆེད། ཕྱོགས་གླང་ཡབ་སྲས་ལྟ་བུའི་བཞེད་པ་རྣམས། དེང་རབས་ཀྱི་ཚན་རིག་དང་ལྟ་གྲུབ་རིག་པའི་ལམ་ནས་རྟོག་ཞིབ་བྱ་རྒྱུ་ཡོད་པ་དང་། དེ་དག་གི་གཞུང་གི་ཆ་ཤས་ཁག་ཅིག་དངོས་སུ་ཀློག་ཐུབ་པ། དེ་བཞིན་དུ་མཁས་པ་དེ་རྣམས་ཀྱིས་བཀོད་པའི་རིགས་པ་ཕྲ་མོའི་གནད་རྣམས་ཀྱི་རོ་བཅུད་སོ་སོས་མྱོང་རྒྱུ་ཡོད་པ་བཅས་ཀྱི་གོ་སྐབས་ཕུལ་ཐུབ་པ་བྱུང་ཡོད།

གཉིས་ནས། འཕགས་ཡུལ་གྱི་སློབ་དཔོན་མཁས་པའི་དབང་པོ་དེ་རྣམས་ཀྱིས། ཚན་རིག་གི་གནད་དཔེར་ན། ཆེ་ས་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་ཚུལ་ནས་ཆུང་བ་གཟུགས་ཅན་གྱི་ཆོས་ཀྱི་རྩོམ་གཞིའི་རྡུལ་ཕྲན་གྱི་བར་དང་། དེ་བཞིན་དུ་ཐོག་མར་མངལ་དུ་ཉིང་མཚམས་སྦྱོར་ཚུལ་ནས་མཐར་འཆི་བའི་རིམ་པའི་སྐབས་ཀྱི་རྣམ་ཤེས་དང་རླུང་ཕྲ་རགས་ཐིམ་ཚུལ་གྱི་བར་དང་། གཞན་ཡང་དུས་ཀྱི་ངོ་བོ་དང་། དུས་ཀྱི་ཐུང་མཐའ། འཇལ་བྱེད་ཚད་ཀྱི་རྣམ་གཞག ཁྱད་པར་དུ་ནང་སེམས་ཁམས་རིག་པའི་སྐོར་ལ་བློ་ཡུལ་ལ་འཇུག་ཚུལ་དང་། ཆགས་སྡང་སོགས་མྱོང་ཚོར་གྱི་ངོ་བོ་དང་བྱེད་ལས། དེ་དག་ལ་བཏང་འཛིན་བྱ་ཚུལ་སོགས་ལ། ནང་པའི་གཞུང་དུ་བཤད་པ་གཏིང་ཟབ་ཅིང་ཤིན་ཏུ་ཞིབ་ཚགས་པོ་ཡོད་པ་རྣམས།  ཀུན་བཏུས་ཀྱི་པོད་ཕྲེང་འདིའི་བརྒྱུད་ནས་རྒྱལ་སྤྱིའི་མཁས་པ་སྤྱི་དང་ལྷག་པར་ཚན་རིག་པ་རྣམས་ལས་བློ་བསྐྱེད་ལེན་པའི་ཡིག་མཛོད་ཤིན་ཏུ་གལ་ཆེན་ཞིག་བསྐྲུན་ཐུབ་པ་བྱུང་ཡོད།

གསུམ་ནས། ཀུན་བཏུས་ཀྱི་པོད་ཕྲེང་འདིའི་ནང་ནང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་སྐོར་ལ་ཕྱོགས་བསྒྲིགས་ཞུས་པ་མཐའ་དག རང་རེའི་བཀའ་བསྟན་སྤྱི་དང་ལྷག་པར་བསྟན་འགྱུར་ནས་བཏུས་པ་འབའ་ཞིག་ཡིན་པར་བརྟེན། ཀུན་བཏུས་ཀྱི་པོད་ཕྲེང་བསྒྲིགས་པ་དེས་རང་ཅག་བོད་མི་རིགས་དང་བོད་ཀྱི་རིག་གཞུང་གཉིས་ཀྱི་ཐོག་ནས་རྒྱ་གར་དང་འཛམ་གླིང་ཡོངས་ལ་སྐྱེས་བཟང་པོ་ཞིག་ཕུལ་ཐུབ་པ་བྱུང་ཡོད་པའང་ངོས་འཛིན་ཞུ་གི་ཡོད། 

ད་རིང་འདིར་གནས་མཆོག་རྡོ་རྗེ་གདན་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་པོད་དང་པོའི་ཨིན་འགྱུར་དབུ་འབྱེད་མཛད་པའི་སྐབས་འདིར། བི་ཧར་མངའ་སྡེའི་བློན་ཆེན་མཆོག་ཆེད་བཅར་གནང་བ་དེར། མཚོན་དོན་ཆེན་པོ་ཞིག་ཡོད་པ་མཐོང་གི་འདུག དེ་ནི་ལོ་རྒྱུས་ཀྱི་ཐོག་ནས་བླ་སློབ་ཏུ་གྱུར་པའི་རྒྱ་གར་དང་བོད་གཉིས་ཟུང་འབྲེལ་གྱི་ཐོག་ནས། ཐུན་མོང་བའི་གཅེས་ནོར་དུ་གྱུར་པའི་འཕགས་ཡུལ་གྱི་ནང་པའི་རིག་པའི་གཞུང་ལུགས་རྣམས། རྒྱལ་སྤྱིའི་སྡིངས་ཆའི་སྟེང་གསལ་སྟོན་མཛད་དེ། འཛམ་གླིང་སྤྱིའི་ཤེས་བྱའི་མཛོད་དེ་ཕྱུག་ཏུ་གཏོང་བ་ཞིག་མཐོང་གི་འདུག པོད་ཕྲེང་འདི་སྐད་ཡིག་གཞན་དུ་བསྒྱུར་བ་ལ་ཆ་བཞག་ན། པོད་དང་པོ་གཉིས་ཀྱི་རྒྱ་སྐད་ཐོན་ཟིན་ལ། ཧིན་དྷི་ལོ་འདིའི་ནང་ཐོན་རྒྱུ་དང་། དེ་བཞིན་དུ་འཛམ་གླིང་གི་སྐད་ཡིག་ཆེ་ཁག་གཞན་གྱི་ནང་དུའང་བསྒྱུར་བཞིན་པས། པོད་ཕྲེང་འདི་འཛམ་གླིང་ནང་ཁྱབ་སྤེལ་ཤིན་ཏུ་ཆེན་པོ་ཞིག་འོང་བ་ཞུ་མི་དགོས། 

གུས་པ་རང་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སློབ་མའི་གྲལ་མཐར་གཏོགས་པ་ཞིག་ཡིན་པའི་ཆ་ནས། ད་ལམ་ཀུན་བཏུས་ཀྱི་པོད་ཕྲེང་འདི་ཕྱོགས་སྒྲིགས་དང་ཨིན་འགྱུར་གཉིས་ཀའི་ཐོག་ཞབས་ཞུའི་གོ་སྐབས་ཐོབ་པ་དེ་ནི། སོ་སོའི་མི་ཚེའི་ནང་གི་བསོད་ནམས་བསོག་པའི་གཞི་ཆེ་ཤོས་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད། མཐའ་དོན། ཀུན་བཏུས་པོད་ཕྲེང་འདིའི་ཕྱོགས་སྒྲིགས་ཀྱི་ལས་དོན་ཐོག་ལོ་མང་རིང་འབད་བརྩོན་ཆེན་པོ་མཛད་པའི་བླ་མ་དགེ་བཤེས་རྣམས་རེ་རེ་མཚན་འདོན་ཞུ་ན། རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྣམ་གྲྭ་མཁན་པོ་སེར་བྱེས་ཁྲོམ་ཐོག་རིན་པོ་ཆེ། རྩོམ་སྒྲིག་འགན་འཛིན་ཚོགས་མི། སེར་སྨད་དགེ་བཤེས་ཡང་སྟེང་རིན་པོ་ཆེ་དང་། འབྲས་བློ་གླིང་དགེ་བཤེས་ཐུབ་བསྟན་དཔལ་བཟང་དང་། རྣམ་གྲྭ་དགེ་སློང་ཐུབ་བསྟན་ཡར་འཕེལ། རྩོམ་སྒྲིག་པ་དངོས། དགའ་ཤར་མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་སངས་རྒྱས་དང་། འབྲས་བློ་གླིང་དགེ་བཤེས་ངག་དབང་སངས་རྒྱས། དགའ་བྱང་དགེ་བཤེས་དཔྱི་ས་དྲུང་ཆེན་སྤྲུལ་སྐུ་དང་། འབྲས་སྒོ་མང་དགེ་བཤེས་བློ་བཟང་མཁས་མཆོག་བཅས་ཡིན། གུས་ནས་ཚང་མའི་ཚབ་ཞུས་ཏེ། ལས་དོན་འདིའི་ཐོག་ནས་བསོད་ནམས་ཅི་བསགས་པ་རྣམས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་ཏུ་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་གྲུབ་པའི་ཆེད་དང་། གཞན་དོན་དང་རྫོགས་བྱང་དུ་སྔོ་ཆོག་པ་ཞུ།

བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི།། གོ་འཕང་ཐོབ་ནས་སྐྱོན་གྱི་དགྲ་བཏུལ་ཏེ།།
རྒ་དང་ན་དང་འཆི་བའི་རླབས་འཁྲུགས་པའི།། སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།   ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་བ་དང་། 

དེ་རྗེས་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྣམ་གྲྭ་མཁན་པོ་སེར་བྱེས་ཁྲོམ་ཐོག་རིན་པོ་ཆེ། རྩོམ་སྒྲིག་འགན་འཛིན་ཚོགས་མི། སེར་སྨད་དགེ་བཤེས་ཡང་སྟེང་རིན་པོ་ཆེ། རྩོམ་སྒྲིག་པ་དངོས། དགའ་ཤར་མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་སངས་རྒྱས་ལགས་དང་། འབྲས་བློ་གླིང་དགེ་བཤེས་ངག་དབང་སངས་རྒྱས་ལགས། དགའ་བྱང་དགེ་བཤེས་དཔྱི་ས་དྲུང་ཆེན་སྤྲུལ་སྐུ། འབྲས་སྒོ་མང་དགེ་བཤེས་བློ་བཟང་མཁས་མཆོག་ལགས། རྒྱ་ཡིག་ཏུ་བསྒྱུར་མཁན་གསུང་བསྒྱུར་འཇམ་དབྱངས་རིན་ཆེན་ལགས་བཅས་ལ་མཇལ་ཁ་གནང་བ་དང་། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བི་ཧར་མངའ་སྡེའི་བློན་ཆེན་མཆོག་རྣམ་གཉིས་ཀྱིས་དཔེ་དེབ་དབུ་འབྱེད་མཛད་རྗེས་མངའ་སྡེ་བློན་ཆེན་མཆོག་གིས་གསུང་བཤད་བ་དང་། དེ་ཉིད་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བསྒྱུར་གནང་།

དེ་ཡང་བི་ཧར་མངའ་སྡེའི་བློན་ཆེན་མཆོག་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་ནས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་དབུས་པའི་བླ་ཆེན་རྣམ་པ་ཚོ་དང་། དགེ་བའི་བཤེས་གཉེན་རྣམ་པ། སྐྱབས་ཡུལ་དགེ་འདུན་གྱི་སྡེ། རྒྱལ་ཁབ་མང་པོ་ནས་ཕེབས་པའི་ཆོས་ཞུ་བ་རྣམ་པ་ཚང་མར་ཞུ་རྒྱུ། དེ་རིང་ང་རང་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དང་བསྟུན་ནས་གལ་གནད་ཆེ་བའི་ཕྱག་དེབ་གསར་བ་ཞིག་དབུ་འབྱེད་གནང་བའི་དུས་ཚོད་འདིར་བཅར་ཐུབ་པ་ནི་སྐལ་བ་བཟང་པོ་དང་བསོད་ནམས་ཆེན་པོ་ཡིན་བསམ་གྱི་ཡོད། རྡོ་རྗེ་གདན་ནི་སངས་རྒྱས་མངོན་པར་རྫོགས་པའི་སངས་རྒྱས་པའི་གནས་ཁྱད་པར་ཅན་ཞིག་ཡིན་པ་ཙམ་དུ་མ་ཟད། བི་ཧར་མངའ་སྡེ་ཁྱོན་ཡོངས་སུ་སྤྱིར་བཏང་ནང་པ་དང་། ལྷག་པར་དུ་ཕྱི་ནང་རིས་སུ་མ་ཆད་པའི་རྒྱ་གར་གྱི་སྲོལ་རྒྱུན་གྱི་ཤེས་ཡོན་གྱི་ལྟེ་གནས་ཆེན་པོ་ཞིག་ཆགས་ཡོད་པ་དེ་ཚང་མས་མཁྱེན་གསལ་རེད། ད་ལྟ་ཕན་ཆད་ང་ཚོས་ཤེས་གསལ་དུ་ནཱ་ལེནྡྲ། བྲི་ཀྲ་མ་ཤི་ལ། ཨོ་དནྡཱ་པུ་རི་འདི་གསུམ་ཡོངས་གྲགས་རེད། ཉེ་བའི་ཆར་ས་སྔོག་འདོན་བྱེད་པའི་སྐབས་སུ་ནཱ་ལེནྡྲ་དང་ཉེ་བའི་ས་གནས་ཤིག་ཏུ་སྔོན་གྱི་ནང་པའི་གནས་གཞི་ཞིག་རྙེད་ཡོང་གི་འདུག དེར་བརྟེན་སྟོན་པ་མྱ་ངན་ལས་འདས་པའི་རྗེས་ལ་བི་ཧར་མངའ་སྡེ་འདི་ནི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་གི་བསྟི་གནས་རྒྱ་ཆེན་པོ་ཞིག་ཡིན་པ་བཤད་མ་དགོས་པ་ཞིག་རེད། 

འདི་ལྟ་བུའི་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་བརྩེ་ཆེན་པོས་གྷ་ཡ་ལ་ཡང་ཡང་༸ཞབས་སོར་འཁོད་པ་དང་། རྒྱུན་རིང་པོར་བཞུགས་གདན་འཇགས་རྒྱུར་ང་ཚོའི་མངའ་སྡེ་སྤྱི་ཡོངས་ཀྱི་བསོད་ནམས་ཀྱི་ཆ་ཤས་ཤིག་དང་། ལྷག་པར་དུ་ད་རེས་འདིར་ནང་པའི་གཞུང་ལུགས་རྒྱ་ཆེན་པོ་ནས་ཚན་རིག་དང་ཕྱི་དངོས་པའི་གནས་ལུགས་ཀྱི་རིམ་པ་ཟུར་འདོན་གནང་ནས་དེབ་བཞིའི་ནང་ཕྱོགས་བསྡུས་གནང་བ་ནི་དམིགས་བསལ་གྱིས་ལོ་རྒྱུས་ཀྱི་ནང་ལ་འཁོད་པར་འོས་པའི་བྱུང་བ་ཆེན་པོ་ཞིག་རེད། ནང་པའི་གཞུང་ལུགས་ཧ་ཅང་རྒྱ་ཆེན་པོ་ཡིན་པས་སྐྱེ་བོ་བློ་གྲོས་དམན་པ་དང་། ལྷག་པར་དུ་དུས་ཚོད་མེད་མཁན་ཚོས་ཚང་མར་མཇལ་ཐུབ་རྒྱུ་ཁག་པོ་དེ་ཚང་མས་མཇལ་ཐུབ་པ་ཞིག་དང་། དེ་ལས་ཀྱང་སྐད་ཡིག་མང་པོའི་ནང་དུ་བསྒྱུར་གནང་བ་ནི་ད་ལྟ་ཕན་ཆད་མི་མང་པོས་སྙོབ་མ་ཐུབ་པའི་གནས་ཚུལ་དེ་སྙོབ་ཐུབ་པ་བཟོས་པ་དེ་ནི་༸སྐྱབས་མགོན་ཆེན་པོ་ཆེའི་བླ་ན་མེད་པའི་མཛད་འཕྲིན་ཞིག་རེད། དེ་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། 

ལྷག་པར་དུ་ནང་པའི་གཞུང་ལུགས་དང་ནང་པའི་གཞུང་ནས་བཤད་པའི་ལྟ་གྲུབ་ཀྱི་རྣམ་གཞག་དེ་ཚོ་དེང་རབས་ཀྱི་ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱས་ནས་དེང་རབས་ཀྱི་ཚན་རིག་པ་ཚོས་ཀྱང་དོ་སྣང་ཆེན་པོ་དང་བློ་བསྐྱེད་ཆེན་པོ་ལེན་ཐུབ་པ་དེ་ནི་དངོས་ཡོད་གནས་ཚུལ་གྱི་རྒྱ་ཁྱོན་གསར་པ་ཞིག་རེད། རྒྱ་ཁྱོན་གསར་པ་འདིས་འབྱུང་འགྱུར་འགྲོ་བ་མིའི་རིགས་སྤྱི་ཡོངས་ལ་དངོས་དོན་གྱི་ཁེ་ཕན་ཆེན་པོ་ཞིག་སྤྲོད་ཐུབ་རྒྱུའི་རེ་བ་ཙམ་མ་ཡིན་པར་ཡིད་ཆེས་བྱེད་ཐུབ་པ་ཞིག་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་༸གོང་ས་མཆོག་གིས་སྤྱིར་རྒྱལ་སྤྱིའི་ན་གཞོན་ཚོ་དང་། རྒྱ་གར་གྱི་ན་གཞོན་ཚོར་རང་གི་གནའ་བོའི་རིག་གཞུང་དང་ཤེས་རིག་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་གནང་བ་དེ་ནི་རླབས་ཆེན་གྱི་མཛད་འཕྲིན་ཞིག་རེད། དེ་ཚོའི་ཐོག་ལ་གང་ཐུབ་ཀྱིས་རྒྱབ་སྐྱོར་ཞུ་རྒྱུའི་འབད་བརྩོད་ཞུ་བཞིན་ཡོད། 

ལོ་སྔོན་མ་དུས་འཁོར་དབང་ཆེན་གྱི་རྗེས་ལ་མངའ་སྡེའི་ནང་མྱོས་རྫས་ཆང་རག་བཀག་སྡོམ་བྱས་པའི་རྗེས་ལ་མི་མང་གིས་མིའི་ཕྲེང་བ་ཅན་བཟོས་པ་རེད། དེའི་ནང་ལ་མི་ཕྲེང་བ་ཅན་ཕལ་ཆེར་ཁྲག་ཁྲིག་བཞི་ཙམ་གྱི་ཆ་ཤས་ལེན་ཐུབ་པ་བྱུང་ཡོད། ད་ལོ་ཡང་དེ་ནང་བཞིན་མི་ཡི་ཕྲེང་བ་རིང་པོ་ཞིག་བཟོ་རྒྱུ་རེད། དེ་ལ་བརྟེན་ནས་སྨོན་པར་འོས་པའི་བྱ་བ་ལ་མང་ཚོགས་ཀྱིས་རྒྱབ་སྐྱོར་དང་སེམས་ཤུགས་ག་ཚོད་ཡོད་པ་མཚོན་ཐུབ་པ་ཞིག་རེད། དེ་ལ་༸གོང་ས་མཆོག་གིས་ཐུགས་སྨོན་དང་ལམ་ལྷོངས་ཡོང་བའི་བྱིན་རླབས་གནང་རོགས་གནང་། ཡང་ནས་ཡང་དུ་མངའ་སྡེ་འདི་དང་ལྷག་པར་དུ་རྡོ་རྗེ་གདན་ལ་༸ཞབས་སོར་འཁོད་པ་དང་། ཆོས་ཀྱི་འཁོར་ལོ་རྒྱུན་མ་ཆད་པར་བསྐོར་བའི་གསོལ་འདེབས་ཞུ་བཞིན་ཡོད། ཅེས་གསུངས་པ་དང་། 

དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།  ལོ་མང་པོའི་རིང་གི་ངོ་ཤེས་དང་ཤ་ཚ་དང་རྣམ་དཔྱོད་ཡོད་པའི་མངའ་སྡེའི་བློན་ཆེན་ཁྱེད་རང་དང་། དེ་བཞིན་དེ་རིང་ཆེད་མངགས་འདུས་པ་དེ་འདྲའང་ཕལ་ཆེར་ཡོད་པ་རེད། ཁ་སང་ཁ་ཉིན་འདིར་འཛོམས་ཡོད་པའི་སེར་སྐྱ་མི་མང་སྤྱི་བྱིངས་ཚང་མར་ཞུ་རྒྱུར། དེ་རིང་འདིར་དམིགས་བསལ་ཞིག་ཆགས་བསྡད་ཡོད་པ་རེད། ཚན་རིག་ཀུན་བཏུས་ཀྱི་དེབ་ཅིག་ཐོན་པ་དང་དེ་ཡང་ཨིན་ཡིག་ནང་བསྒྱུར་བ་དབུ་འབྱེད་དུ་མངའ་སྡེའི་བློན་ཆེན་ཆེད་མངགས་འདིར་གདན་འདྲེན་ཞུས་ཏེ་ཕེབས་ཐུབ་པ་བྱུང་ཡོད། མངའ་སྡེའི་བློན་ཆེན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

ཁོང་འདི་ལྟ་བུ་ལ་དམིགས་བསལ་གྱི་དོ་སྣང་ཡོད་པ་ཞིག་རེད། པཱར་ན་ལ་ནང་པའི་ལྟེ་གནས་ཤིག་བཙུགས་ཏེ་ངོས་རང་སྔོན་མ་ཕྱིན་པ་རེད། ང་ཚོའི་ཆོས་ཕྱོགས་ཀྱི་ཐོག་ནས་བཤད་པ་ཡིན་ན་ལོ་སྟོང་ཕྲག་སྔོན་ནམ་གཅིག་བྱས་ན་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་ནས་ལས་ཀྱི་འབྲེལ་བ་ཡོང་བསྡད་པ་དེ་འདྲ་ཡོང་མི་སྲིད་པ་མ་རེད། བི་ཧར་མངའ་སྡེའི་བློན་ཆེན་ཆགས་པའི་ལས་ཀྱང་གཅིག་བྱས་ན་དེ་དུས་ནས་བསགས་ཡོད་པ་རེད།  མངའ་སྡེའི་བློན་ཆེན་མཛད་བྲེལ་ཆེན་པོ་ཞིག་གི་ནང་ནས་དེ་རིང་ཆེད་མངགས་ཕེབས་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

ང་ཚོ་རྒྱ་གར་ལ་བཙན་བྱོལ་བ་བྱས་ཏེ་སླེབས་མ་ཐག་སོ་སོའི་ལུང་པའི་ནང་གི་དཀའ་ངལ་དང་། འདིར་འཐོམ་མ་སངས་པར་ལོ་མང་པོར་བསྡད་པ་རེད། ག་ལེར་འཛམ་གླིང་ནང་དུ་ངོ་ཤེས་པ་མང་པོ་ཆགས་པ་དང་། ལྷག་པར་དུ་མཁས་པའི་དབང་པོ་དང་ཚན་རིག་པ་མང་པོར་ཐུག་སྐབས་ང་ཚོ་ཆུང་ཆུང་སྐབས་ནས་སློབ་སྦྱོང་བྱས་པའི་སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་གྲས་དེ་འཛམ་གླིང་འདིར་དུས་རབས་ ༢༠ དང་ ༢༡ པའི་ནང་འབྲེལ་བ་ཡོད་པ་མངོན་གསལ་དོད་པོ་ཆགས་ཡོང་གི་འདུག དེར་བརྟེན་ང་རང་ཚོས་ནམ་རྒྱུན་བཀའ་འགྱུར་བསྟན་འགྱུར་ཞེས་དུས་དང་དུས་ལ་ཆོས་ཀློག་པ་ལྟ་བུ་དང་། སྤྱིར་བཏང་གསུང་རྟེན་དུ་དད་པ་བྱེད་ས་དང་སྨོན་ལམ་བྱེད་ཡུལ་དུ་བཞག་པ་རེད། གཞུང་རྒྱ་ཆེན་པོར་སློབ་གཉེར་བྱེད་མཁན་ཁྲོད་བལྟ་མཁན་ཡོད་པ་རེད་མ་གཏོགས་གཞན་སྤྱིར་བཏང་ཉུང་ཉུང་རེད། བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཅིག་ཡོད་པ་དེའི་ནང་དུ་ཡོད་པའི་སེམས་ཁམས་རིག་པ་དང་། ཚད་མ་རིག་པ་ནི་སྤྱིར་བཏང་གི་ཤེས་ཡོན་ནང་དུ་བཞག་ཆོག་པ་ཞིག་རེད་འདུག 

ལྷག་པར་དུ་དེང་སང་གི་དུས་ཚོད་ལ་རྣམ་རྟོག་གི་གཞན་དབང་དུ་གྱུར་བའི་དབང་གིས་མིས་བཟོས་པའི་དཀའ་ངལ་མང་པོ་ཞིག་ང་ཚོའི་མཐོང་ཆོས་ལ་ཡོད་བསྡད་པ་དེ་རེད། དེ་ལྟ་བུའི་སེམས་རྣམ་རྟོག་གི་གཞན་དབང་ལ་ཕྱིན་ནས། མདོར་ན་ཆགས་སྡང་གི་གཞན་དབང་ལ་ཕྱིན་པའི་རྐྱེན་གྱིས་དཀའ་ངལ་མང་པོ་ཞིག་ཡོད་པ་དེ་སེལ་ཐབས་ནི་གོ་མཚོན་བེད་སྤྱོད་བཏང་ནས་སེལ་ཐུབ་ཀྱི་མ་རེད། རྒྱུ་དངོས་པོའི་ཐོག་ནས་སེལ་ཐུབ་ཀྱི་མ་རེད། སེམས་ཁམས་རིག་པའི་ཐོག་ནས་སེམས་སུ་རེ་དོགས་ཀྱི་རྣམ་རྟོག་མང་པོ་ཞིག་རྩ་བ་ཆགས་སྡང་ལ་བརྟེན་ཡོད་པ་དེའི་འགྲོ་སྟངས་ཇི་ལྟར་ཡིན་པ་ཤེས་དགོས། གང་ལྟར་ཆགས་སྡང་གི་གཞན་དབང་ལ་ཕྱིན་པ་ཡིན་ན་རང་གཞན་གཉིས་ཕུང་མ་གཏོགས་མེད། དེ་ནི་ཚེ་ཕྱི་མའི་སྐད་ཆ་དང་ཐར་བ་དང་ཐམས་ཅད་མཁྱེན་པའི་སྐོར་ལ་བཤད་ཀྱི་ཡོད་པ་མ་རེད། ཉིན་རེའི་མི་ཚེའི་ནང་དུ་ཕན་དང་གནོད་པ་གང་ཡོད་པ་མང་ཙམ་ཤེས་ཐུབ།

བཀའ་འགྱུར་དང་བསྟན་འགྱུར་ལས་གསུངས་ཡོད་པའི་སེམས་ཁམས་རིག་པའི་སྐོར་དང་། སེམས་ཁམས་རིག་པའི་སྐོར་ནས་དཔྱད་པ་བྱེད་ཡོང་སྐབས་ལུང་ལས་གསུངས་འདུག་ཅེས་ལུང་ཙམ་ལ་བརྟེན་པ་མ་ཡིན་པར་རིག་པས་དཔྱད་པ་བྱས་ཏེ་གཏན་ལ་ཕབ་པ་ཞིག་ཡོད་པས། བཀའ་འགྱུར་དང་བསྟན་འགྱུར་ནི་ནང་པའི་དཔེ་ཆ་རེད་ཅེས་བཞག་པ་ཡིན་ན་མ་འགྲིག་པ་ཞིག་མཐོང་སོང་། བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱའི་བརྗོད་བྱའི་ཆ་ནས་དབྱེ་བ་ཕྱེ་བ་ཡིན་ན་ཚན་རིག་གི་སྡེ་ཚན་གཅིག་དང་ལྟ་གྲུབ་ཀྱི་སྡེ་ཚན་གཅིག ཆོས་ཀྱི་སྡེ་ཚན་གཅིག་བཅས་གསུམ་ཡོད་པ་རེད། ཆོས་ཕྱོགས་ཀྱི་སྐོར་དེ་ནང་པ་ཚོ་མ་གཏོགས་གཞན་ལ་འབྲེལ་བ་ཡོད་པ་མ་རེད། ལྟ་གྲུབ་ཀྱི་སྐོར་ནས་Quantum Physics ལྟ་བུ་ལ་ཆ་བཞག་ན་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་ལྟ་གྲུབ་འདིའི་སྐོར་ལ་དེ་དུས་ནས་ཐུགས་སྣང་དང་རིགས་པས་དཔྱད་པ་བྱས་ཏེ་གཏན་འབབ་མང་པོ་གནང་འདུག 

དེ་བཞིན་སེམས་ཁམས་རིག་པ་ལ། སྒོ་ལྔའི་ཤེས་པ་དང་ཡིད་བློའི་འགྲོ་སྟངས་ཞིབ་ཚགས་པོ་ཡོད་པས་སྤྱིར་བཏང་གི་ཤེས་ཡོན་ནང་དུ་བཞག་ནས་སློབ་སྦྱོང་བྱེད་རྒྱུ་ཡོད་པ་དང་། དེ་བྱེད་ཐུབ་པ་ཞིག་རེད་ལ་བྱེད་དགོས་པའང་རེད་འདུག དེ་ལྟར་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཅིག་ཡོད་པའི་ནང་ནས་སེམས་ཁམས་རིག་པའི་སྐོར་གཙོ་བོར་གྱུར་བའི་ཚན་རིག་གི་སྐོར་ཟུར་དུ་གཅིག་དང་། དེ་ནས་ལྟ་གྲུབ་ཀྱི་སྐོར་ཞིབ་ཚགས་ཤིག་བྱུང་བ་ཡིན་ན་ལྟ་གྲུབ་སྐོར་ལ་ཉམས་ཞིབ་བྱེད་མཁན་ཚོར་ཕན་གྱི་རེད། ཕལ་ཆེར་འདས་པའི་ལོ་བཅུ་བཅོ་ལྔའི་སྔོན་འདི་ལྟ་བུ་ཞིག་བྱེད་ཐུབ་ན་ཡག་པོ་མེད་དམ་བསམ་ནས་ཐོག་མར་རྒྱ་གར་ལྷོ་ཕྱོགས་ནས་མཁས་དབང་མང་པོ་ཡོད་ས་ཞིག་ལ་ངོས་ཀྱི་བསམ་ཚུལ་འདི་ག་འདྲ་འདུག་ཅེས་དྲིས་པ་ཡིན། ཚང་མས་ཡག་པོ་འདུག་ཅེས་གསུངས་ཀྱི་འདུག དེ་ནས་ཆེད་མངགས་དགེ་བཤེས་རྣམ་པ་ཁ་ཤས་སྐོང་ནས་འདིའི་སྐོར་ལ་ཉམས་ཞིབ་བྱས་ཏེ་དེབ་འདི་ཐོན་པ་རེད། དེ་རིང་གོ་སྐབས་འདིར་དགེ་བཤེས་རྣམ་པ་ཁྱེད་རང་ཚོས་ཧུར་ཐག་འབད་ཐག་གིས་ཉམས་ཞིབ་བྱས་ཏེ་གཞུང་ཚན་འདི་འདྲ་ཞིག་བཏོན་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

དེ་དང་ཆབས་ཅིག་སྐད་ཡིག་གཞན་པ་ཨིན་ཇིའི་ནང་བསྒྱུར་བ་དང་རྒྱ་ཡིག་ནང་དུ་བསྒྱུར་ཡོད་པ་རེད། ཧིན་དྷིའི་ནང་བསྒྱུར་རྒྱུ་འགོ་བཙུགས་ཡོད་ཀྱང་ད་དུང་ཚར་ཡོད་པ་མ་རེད། དེ་བཞིན་སོག་སྐད་ནང་དུ་བསྒྱུར་རྒྱུ་དང་། ཨུ་རུ་སུའི་སྐད་ནང་བསྒྱུར་རྒྱུ་སོགས་དེ་དང་དེ་འདྲ་བའི་སྐད་ཡིག་མང་པོའི་ནང་དུ་བསྒྱུར་རྒྱུར་དོ་སྣང་བྱས་ཏེ་འགོ་བཙུགས་ཡོད་པ་རེད། སེམས་ཁམས་རིག་པའི་སྐོར་དང་ཚད་མ་རིག་པའི་སྐོར་ནི་ཤེས་ཡོན་གྱི་སྡེ་ཚན་ནང་དུ་བཞག་ནས་མི་སྤྱི་ལ་ཁྱབ་ཐུབ་པ་ཞིག་དགོས། དེ་དགོས་མཁོ་ཡོད་པ་ནི་སྔོན་དུ་བཤད་པ་ལྟར་ཡིན། 

འཛམ་གླིང་ནི་སྲིད་པ་རྣམ་རྟོག་གི་གྲོང་ཁྱེར་རེད་ཀྱང་རེད་ལ་ཧ་ཅང་འཁྲུག་པོ་འདུག ཤེས་ཡོན་གྱི་ཐོག་ནས་སློབ་སྦྱོང་སྤྲད་ནས་བསམ་བློའི་རྣམ་རྟོག་དེ་དག་རྒྱུ་གང་འདྲ་ལ་བརྟེན་ནས་ཡོང་གི་ཡོད་པ་དང་། རྐྱེན་གང་འདྲ་ལ་བརྟེན་ནས་ཡོང་གི་ཡོད་པ། དེའི་བྱེད་ལས་སོགས་ལ་དམིགས་བསལ་གྱིས་སློབ་སྦྱོང་བྱས་ཏེ། འཕྲོད་བསྟེན་གྱི་དོན་དུ་ལུས་པོའི་འཕྲོད་བསྟེན་དང་ཆབས་ཅིག་སེམས་ཀྱི་འཕྲོད་བསྟེན་དང་འབྲེལ་ནས་སློབ་སྦྱོང་བྱེད་ཐུབ་པ་ཡོང་བ་ཞིག་རེད། མི་མང་པོ་དང་མཉམ་དུ་སྐད་ཆ་ཡོང་བའི་སྐབས་དང་། ཚན་རིག་པའི་ནང་ནས་མང་པོ་ཞིག་གིས་དེར་མོས་མཐུན་དང་རྒྱབ་སྐྱོར་ཡོང་གི་འདུག དེར་བརྟེན་དེ་རིང་དེབ་འདི་ཐོན་ཐུབ་པ་རེད་ལ་རིམ་བཞིན་འདིའི་འགྲོ་དོན་རྒྱ་ཆེན་པོ་ཡོང་ཐུབ་པ་ཞིག་དགོས། དེ་ཡང་ནང་ཆོས་སྤེལ་བའི་སྐད་ཆ་གང་ཡང་མ་རེད། ནང་ཆོས་ཀྱི་ནང་ནས་མི་སྤྱི་ལ་ཞབས་འདེགས་སྒྲུབ་ཐུབ་པ་གང་འདུག མི་སྤྱི་ལ་ཞབས་འདེགས་སྒྲུབ་ཐུབ་པ་དེ་འོས་པ་རེད། དེ་ཆོས་ལུགས་སྤེལ་བའི་སྐད་ཆ་མ་རེད། འཇིག་རྟེན་བཀོད་པ་པོ་ཡོད་མེད་ཟེར་བའི་སྐད་ཆ་གང་ཡང་ཡོད་པ་མ་རེད། སེམས་ཁམས་རིག་པའི་སྐོར་དང་ཚད་མ་རིག་པའི་སྐོར་བཤད་བསྡད་ཡོད་པ་རེད། མུ་མཐུད་དེ་ཉམས་ཞིབ་དང་ཞིབ་འཇུག་བྱས་ཏེ་འདི་ལྟ་བུའི་ལེགས་སྐྱེས་ཕུལ་རྒྱུ་རིམ་བཞིན་ཡོང་གི་རེད། 

ད་ལྟ་ང་ཚོས་བཤད་བཞིན་པའི་རིག་གཞུང་གི་རྩ་བ་རྒྱ་གར་གྱི་རིག་གཞུང་ཆགས་བསྡད་ཡོད། བཅོམ་ལྡན་འདས་ལ་ཆ་བཞག་ནའང་སྐལ་བ་མང་པོའི་རིང་ལ་གོམས་པ་ཡོད་ཀྱང་། ཞེ་ས་མ་ཞུས་ན་རྒྱ་གར་ལ་དེ་དུས་ཡོད་པའི་སེམས་ཁམས་རིག་པའི་སྐོར་ལས་ཞི་གནས་དང་ལྷག་མཐོང་གི་རིག་གནས་སམ་ཤེས་ཡོན་གཞི་མར་བཞག་སྟེ། ཉམས་ཞིབ་གནང་ནས་ཐུན་མོང་གི་སྣང་ངོར་སངས་རྒྱས་བཅོམ་ལྡན་འདས་བྱུང་བ་རེད། ཁོང་གི་རྗེས་འབྲང་ཀླུ་སྒྲུབ་ཡབ་སྲས་དང་ཕྱོགས་གླང་ཆོས་གྲགས་ལ་སོགས་དངོས་གནས་ལྟ་གྲུབ་སྨྲ་བ་དང་མཁས་པའི་དབང་པོ་བསམ་གྱིས་མི་ཁྱབ་པ་བྱུང་འདུག 

ང་ཚོ་བོད་ལ་ཆ་བཞག་ནའང་མཁན་སློབ་ཆོས་གསུམ་གྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ནཱ་ལེནྡྲའི་རིག་གཞུང་ལ་ཐོས་བསམ་སྒོམ་གསུམ་ཟུང་དུ་འབྲེལ་བའི་ཐོག་ནས་ཧ་ལས་པའི་བདག་པོ་བརྒྱབ་ཡོད། བོད་ལ་ནཱ་ལེནྡྲའི་མཁས་པའི་དབང་པོའི་གཞུང་དེ་དག་རྩ་བ་བློ་ལ་བཟུང་སྟེ་འགྲེལ་བ་ཚིག་རེ་རེ་བཞིན་དཔྱད་པ་བྱེད་པ་དང་། དེ་ཡང་གཙོ་བོ་རྒྱ་འགྲེལ་ལ་བརྟེན་ནས་དཔྱད་པ་བྱེད། གཏན་ལ་ཕབ་སྐབས་དགག་གཞག་སྤོང་གསུམ་གྱི་ཐོག་ནས་གཏན་ལ་ཕབ་པའི་སྟེང་ནས་བདག་པོ་བརྒྱབ་ཡོད། དེ་དག་གི་ཐོག་མའི་འབྱུང་ཁུངས་རྒྱ་གར་རེད། བར་སྐབས་རྒྱ་གར་དུ་ཉམས་ཆག་ཆེན་པོ་བྱུང་བ་རེད། ད་ལྟ་གཞི་ནས་སླར་གསོའི་གོ་སྐབས་ཤིག་གི་སྟེང་དུ་སླེབས་ཡོང་གི་ཡོད་པ་རེད། དེ་ནི་ང་ཚོའི་འོས་འགན་རེད། 

རྒྱ་གར་གྱི་རིག་གཞུང་འདི་ལ་ང་ཚོས་སློབ་སྦྱོང་བྱས་ཚེ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་རེད། དེ་ལྟ་བུའི་ཕན་ཐོགས་ཡོད་པའི་རིག་གཞུང་འདི་རྩ་བའི་བདག་པོ་རྒྱ་གར་རེད། ང་ཚོས་རྒྱ་གར་གྱི་ཆོས་བརྒྱུད་ཚང་མར་ཞབས་འདེགས་ཞུ་ཐབས་མེད་ཀྱང་ནཱ་ལེནྡྲའི་ཆོས་བརྒྱུད་དེ་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་ཀཱ་མ་ལ་ཤི་ལིའི་རྗེས་འབྲང་གི་ཐོག་ནས་ང་ཚོས་སློབ་སྦྱོང་བྱས་ཏེ་ཉམས་ལེན་དང་མྱོང་བ་ཐོན་ནས་འགྲེལ་བཤད་རྒྱག་ཐུབ་པ་ཞིག་ཡིན་པས།  ང་ཚོས་རྒྱ་གར་ནང་ལ་ལེགས་སྐྱེས་ཕུལ་ཐུབ་པ་ཞིག་རེད། རྒྱ་གར་ལུང་པའི་ནང་དུ་ག་ལེར་བསྐྱར་གསོ་བྱེད་ཐུབ་པ་ཞིག་ཏན་ཏན་རེ་བ་ཡོད་པ་ལྟ་བུ་འདུག བར་སྐབས་ངོས་ཀྱིས་རྒྱ་གར་བ་མང་པོ་ལ་དེ་བཤད་བསྡད་ཀྱི་ཡོད། དོ་སྣང་ཆེན་པོ་བྱེད་ཀྱི་འདུག རྒྱ་གར་ནང་གི་གཙུག་ལག་སློབ་གྲྭ་མང་པོས་དོ་སྣང་བྱེད་ཀྱི་འདུག དོ་སྣང་བྱེད་མཁན་ཡོད་པའི་སྐབས་སུ་སློབ་སྦྱོང་སྤྲོད་རྒྱུ་དང་སློབ་སྦྱོང་བྱེད་མཁན་ལ་སློབ་དེབ་དགོས་ཀྱི་ཡོད་པ་རེད། དེ་རིང་དེབ་འདི་ཏན་ཏན་ཕན་ཐོགས་ཡོང་གི་རེད་དྲན་གྱི་འདུག 
 
ཡང་ཕྱོགས་གཅིག་ནས་ང་ཚོ་བོད་པ་རེད། བོད་པའི་ངོས་ནས་བཤད་པ་ཡིན་ན་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཅིག་ཡོད་པ་དེ་ཚང་མ་བོད་ཡིག་ནང་དུ་ཡོད་པ་རེད། དེང་སང་དཔལ་ནཱ་ལེནྡྲའི་སེམས་ཁམས་རིག་པ་དང་ལྟ་གྲུབ་ཞིབ་ཅིང་ཕྲ་བ་སྤུས་དག་པོ་ཞིག་གི་ཐོག་ནས་འགྲེལ་བཤད་རྒྱག་པ་ལ་བོད་སྐད་ཡག་ཤོས་རེད། དེ་ང་ཚོ་བོད་པའི་གཟི་བརྗིད་ཅིག་ཀྱང་རེད། སྔར་ང་ཚོའི་མེས་པོ་ཚོས་དཀའ་ལས་ཆེན་པོ་སྐྱོན་པ་རེད་ལ། དཀའ་ལས་སྐྱོན་ནས་རྒྱ་གར་འཕགས་པའི་ཡུལ་དུ་སྐབས་དེ་དུས་ཤེས་ཚད་ཇི་འདྲ་ཞིག་ཡོད་པ་དེ་ལ་བོད་ཀྱི་མེས་པོ་ཚོས་ཀྱང་ཕལ་ཆེར་མཉམ་པ་ཞིག་དང་མཚུངས་པ་ཞིག་མཛད་འདུག རྒྱ་གར་གྱི་གཞུང་དེ་དག་གི་འགྲེལ་བ་དང་ཡང་འགྲེལ་བོད་ཀྱི་མཁས་པའི་བརྩམས་པ་པོ་ཏི་ཁྲི་ཕྲག་ཁ་ཤས་འདུག ནང་པའི་ལུང་པ་གཞན་དུ་ཕལ་ཆེར་དེ་འདྲ་མི་འདུག དེས་མི་རིགས་ཀྱི་རྣམ་དཔྱོད་དང་མི་རབས་ནས་མི་རབས་བྱས་ཏེ་བརྩོན་འགྲུས་ག་ཚོད་ཡོད་པ་མཚོན་ཐུབ་པ་ཞིག་འདུག བོད་མི་རིགས་ཀྱི་མཚན་མཐོང་དང་གཟི་བརྗིད་མཚོན་ཐུབ་པ་ཞིག་འདུག ད་ལྟའི་བར་དུ་ང་ཚོས་འདི་ལྟར་བྱས་པ་རེད། 

གལ་ཆེ་ཤོས་དངོས་ཡོད་གནས་ཚུལ་གྱི་ཐོག་ལ་ལོ་ནས་ལོ་བསྟུད་དཀའ་ལས་སྐྱོན་མཁན་ཁྱོད་རང་ཚོས་དཀའ་ལས་སྐྱོན་པས་བྱས་རྗེས་ཁྱོད་རང་ཚོའི་རེད། ངོས་རང་ལ་མིང་སྐམ་པོ་ཞིག་ཡོད་པ་ཡིན་པས་བྱས་རྗེས་ཀྱི་ངོ་སོ་དེ་ངོས་ཀྱིས་འཁྱེར་ནས་འགྲོ་བཞིན་ཡོད། ཁྱོད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

ང་རང་ཚོ་བོད་པར་ཆ་བཞག་ནའང་རིག་གཞུང་གཏིང་ཟབ་ཅིག་ཡོད་པ་འདི་དད་པ་གཅིག་པུའི་བཟུང་ནས་སྡོད་རྒྱུ་མ་ཡིན་པར་སློབ་སྦྱོང་བྱེད་དགོས། ང་ཚོའི་བོད་རིགས་ཀྱི་སྤོ་ལགས་དང་རྨོ་ལགས་ཚོས་ཀྱང་ག་ཚོད་ཐུབ་ཐུབ་ཀྱིས་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་ད་ལྟ་དཔེར་བརྗོད་ཅིག་དྲན་སོང་། ང་ཚོ་རྒྱ་གར་ལ་ཐོག་མ་འབྱོར་དུས་ངོས་ཀྱི་ཨ་མ་ལགས་ཀྱིས་བོད་ཡིག་གི་ཀློག་ཡག་པོ་མཁྱེན་གྱི་མེད། མ་སུ་རུ་ནས་བཟུང་ཨ་མ་ལགས་ཀྱིས་བོད་ཡིག་ཀློག་རྒྱུར་ཨུ་ཚུགས་སྐྱོན་ནས་རྗེས་ལ་མདོ་དེ་འདྲ་ཀློག་ཐུབ་པ་གནང་བ་རེད། ཨུ་ཚུགས་སྐྱོན་ནས་དེ་འདྲ་བྱུང་བ་རེད། དེ་མིན་ང་ཚོ་ཟི་ལིང་པས་བོད་སྐད་ཡག་པོ་ཤེས་ཀྱི་མ་རེད། ཟི་ལིང་པས་སྐད་རྒྱ་སྐད་ཆག་པ་ཞིག་རྒྱག་པ་ལས་ཤེས་ཀྱི་མ་རེད། ཨུ་ཚུགས་སྐྱོན་ཚེ་དེ་འདྲ་ཡོང་གི་འདུག ཁྱོད་རང་ཚོ་སྤོ་ལགས་རྨོ་ལགས་ཚོས་ད་ང་ཚོ་རྒས་སོང་། གང་ཡང་འཇོན་གྱི་མི་འདུག་མ་གསུངས་པར་རིག་པ་ནངས་པར་འཆི་ཡང་བསླབ་ཅེས་སང་ཉིན་འཆི་རྒྱུ་ཡིན་ཀྱང་དེ་རིང་སློབ་དགོས་པ་རེད་ཅེས་གསུངས་ཀྱི་འདུག ཚེ་འདིར་མཁས་པར་མ་གྱུར་ཀྱང༌།། སྐྱེ་བ་ཕྱི་མར་བཅོལ་བ་ཡི།། ནོར་ལ་རང་ཉིད་ལེན་པ་འདྲ།། ཞེས་ས་པཎ་གྱིས་གསུངས་པ་དེ་རེད། སློབ་སྦྱོང་ལ་དང་དོད་བྱེད་དགོས། ང་ཚོ་བོད་རིགས་དང་ཧི་མ་ལ་ཡ་སྤྱི་ཡོངས་ཀྱི་ཆ་ནས་དད་པ་ཧ་ལས་པ་ཡོད་པ་རེད། དད་པ་དེ་རྣམ་དཔྱོད་ཀྱི་ཤེས་རབ་དང་ཟུང་དུ་འབྲེལ་ནས་འགྲོ་ཐུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཤེས་སོང་ངམ། བཀྲ་ཤིས་བདེ་ལེགས། ཡང་བསྐྱར་མངའ་སྡེའི་བློན་ཆེན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་བཀའ་སློབ་སྩལ་རྗེས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་ཐུགས་རྗེ་ཆེ་ཞེས་མཇུག་སྡོམ་གསུང་བཤད་གནང་རྗེས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་པོད་ཕྲེང་ལས་ཕྱི་གཟུགས་ཅན་སྐོར་གྱི་དབྱིན་འགྱུར་པོད་ཕྲེང་དང་པོ་དབུ་འབྱེད་མཛད་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས།།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།