༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ཝི་ཏི་ནམ་གྱི་ཆོས་ཞུ་བར་ཆོས་འབྲེལ་གནང་སྒོ་མཇུག་ལེགས་པར་གྲུབ་པ། ༢༠༡༧ ཟླ་བ་ ༥ ཚེས་ ༣༡

འགྲེམ་སྤེལ།

༄༅། །ཕྱི་ལོ་༢༠༡༧ ཟླ་ ༥ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕོ་བྲང་མཇལ་འཕྲད་ཁང་དུ་ཝི་ཏི་ནམ་གྱི་CEOཚོགས་པས་གསོལ་འདེབས་དང་གོ་སྒྲིག་ཞུས་དོན་ལྟར་ཝི་ཏི་ནམ་གྱི་དགེ་འདུན་པ་དང་ཚོང་པ། སྒྱུ་རྩལ་བ། ཤེས་ཡོན་ཅན་སོགས་མི་སྣ་ ༡༡༥ ཙམ་ལ་ནང་ཆོས་ངོ་སྤྲོད་དང་བཀའ་འདྲི་ཁག་གཅིག་ལ་བཀའ་ལན་གནང་ཡོད་པ་རེད།

དེ་ཡང་ཞོགས་པ་ཆུ་ཚོད་ ༩།༠༠ པ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་དགའ་ལྡན་ཕོ་བྲང་མཇལ་འཕྲད་ཁང་དུ་ཕེབས་ཏེ་ཐོག་མར་བཞུགས་སྒར་རྡ་སར་ཕེབས་ཡོད་མཁན་གྱི་ཝི་ཏི་ནམ་གྱི་ཆོས་ཞུ་བ་རྣམས་དང་དེ་བཞིན་ཝི་ཏི་ནམ་གྱི་ས་ཁུལ་གསུམ་དུ་དྲ་བརྒྱ་བརྒྱུད་གསུང་ཆོས་ཞུ་བཞིན་པ་རྣམས་ལ་འཚམ་འདྲི་མཛད་རྗེས།  ཤེས་རབ་སྙིང་པོ་གསུང་འདོན་གནང་དགོས་ཕེབས་དོན་ལྟར།  ཆོས་ཞུ་པ་ཚོས་ཝི་ཏི་ནམ་གྱི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ངོ་སྤྲོད་དབུ་འཛུགས་ཀྱིས་བཀའ་སློབ་སྩལ་དོན།  ད་ལྟ་ང་ཚོ་དུས་རབས་ ༢༡ པའི་ ༢༠༡༧ ལ་སླེབས་ཡོད་པ་རེད།  ཁ་སང་སྐད་ཆ་བྱུང་བ་ལྟར་འཛམ་གླིང་འདིར་མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རེད་དེ་སྡུག་བསྔལ་མང་པོ་ཞིག་ཆེད་དུ་གཉེར་ནས་བཟོས་པ་མིན་ཀྱང་། སེམས་ཀྱི་འགྲོ་སྟངས་ཡག་པོ་མ་ཤེས་པའི་རྐྱེན་གྱིས་ཆགས་སྡང་གི་གཞན་དབང་ལ་བཏང་ནས་སྡུག་བསྔལ་མང་པོ་ཞིག་ཡོང་བཞིན་ཡོད། འདི་ལྟ་བུའི་དུས་ཚོད་ལ་དངོས་པོ་ཡར་རྒྱས་གཅིག་པུས་སྡུག་བསྔལ་ཉུང་དུ་གཏོང་ཐབས་ཡོད་པ་མ་རེད། སེམས་ཀྱི་ཞི་བདེ་ཟེར་བ་ནི་ཚོང་ཁང་ནས་ཉོ་རྒྱུ་མེད་ལ། ཨེམ་རྗེས་སྨན་བཅོས་བྱེད་རྒྱུ་ཡང་མེད། སེམས་ཀྱི་ཆགས་སྡང་ཉུང་དུ་གཏོང་བར་སེམས་སྦྱོར་བརྡར་བྱེད་དགོས། དེ་བྱེད་པ་ལ་སེམས་ཀྱི་འགྲོ་སྟངས་ཤེས་དགོས། དེ་ནས་སེམས་མ་བཏུལ་བ་ཐུལ་བར་བྱས་ཏེ་འགྲོ་དགོས། 

དེར་བརྟེན་འཛམ་གླིང་འདིར་ཆོས་དད་ཡོད་མཁན་ཡིན་ནའང་རེད། ཆོས་ལ་དོ་སྣང་མེད་མཁན་ཡིན་ནའང་རེད། གང་ལྟར་བྱམས་བརྩེ་ནི་ཚང་མར་དགོས་པ་ཞིག་ཡིན། ཁ་སང་སྐད་ཆ་བྱུང་བ་ལྟར་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེའི་རང་བཞིན་ཅན་རེད་ཅེས་ཚན་རིག་པས་ཀྱང་ཤོད་བཞིན་ཡོད། དེ་བས་ཆོས་དད་ཡོད་མེད་གང་ལྟར་ཡང་མིའི་སྤྱི་ཚོགས་ནང་ལ་ཕ་མའི་བྱམས་བརྩེས་བསྐྱངས་ཏེ་ལྷག་པར་དུ་མ་ཡི་བྱམས་བརྩེའི་འོག་ནས་གསོན་ནས་བསྡད་ཡོད་པ་རེད། ཆུང་ཆུང་སྐབས་བྱམས་བརྩེའི་སེམས་ཡོད་པ་དེ་མིའི་ཀླད་པའི་རྣམ་དཔྱོད་ཀྱི་རྒྱབ་རྟེན་གྱི་ཐོག་ནས་མུ་མཐུད་ནས་ཡར་རྒྱས་གཏོང་ཐུབ་པ་ཞིག་བྱེད་དགོས། བྱམས་བརྩེ་ཡར་རྒྱས་གཏོང་བ་ནི་དད་པ་བྱས་ནས་བྱམས་བརྩེ་ཡར་རྒྱས་ལ་གཏོང་རྒྱུ་ཡོད་ཀྱང་། གཙོ་བོ་མིའི་རང་བཞིན་གྱི་རྣམ་དཔྱོད་ཀྱི་ཐོག་ནས་འཕྲལ་ཕུགས་ལ་ཁེ་གྱོང་གང་ཡོད་པའི་བསམ་བློའི་ཐོག་ནས་བྱམས་བརྩེ་ཡར་རྒྱས་ལ་གཏོང་ཐུབ་པ་ཞིག་ཡོང་ཐུབ་ཀྱི་རེད་ལ་དེ་ཤུགས་ཆེ་བའང་ཡོད་པ་རེད། 

ཆོས་ནས་དད་པ་དང་སྙིང་རྗེ་གལ་ཆེན་པོར་གསུང་གིན་ཡོད་པ་རེད་བརྗོད་པ་ཡིན་ན་ཧ་ཅང་ཡག་པོ་རེད། ཡིན་ནའང་། ཕར་དེད་ནས་སོང་ཚེ་དཀོན་མཆོག་གིས་གསུང་གིན་འདུག་ཟེར་བ་ལྟ་བུ་དང་། ཆོས་ཀྱི་ནང་དུ་གསུངས་འདུག་ཟེར་བ་ལྟ་བུ་ཆགས་ཀྱི་འདུག གཙོ་བོ་རྒྱུ་མཚན་ལ་བསམ་བློ་གཏོང་དགོས། ཚན་རིག་པས་ཞིབ་འཇུག་བྱས་ཏེ་བྱམས་བརྩེ་གལ་ཆེན་པོ་ཡིན་པ་ཤོད་ཀྱི་ཡོད་པ་རེད། ང་རང་ཚོས་ཀྱང་རྒྱུན་ཤེས་ཐོག་ནས་(comon sense )བསམ་བློ་བཏང་བ་ཡིན་ན་ཁོང་ཁྲོ་ཅན་གྱི་མི་ཞིག་བྱེད་དམ་བྱམས་བརྩེ་ཅན་གྱི་མི་ཞིག་བྱེད་བརྟག་དཔྱད་བཏང་ན་ཤེས་ཀྱི་རེད། དེར་བརྟེན་ངོས་ནས་ནམ་རྒྱུན་དུས་རབས་ ༢༡ པ་འདི་བྱམས་བརྩེ་ལྡན་པའི་དུས་རབས་ཤིག་བཟོ་ཐུབ་ན་ཡག་པོ་འདུག་ཅེས་ཤོད་བཞིན་ཡོད། བྱམས་བརྩེའི་འཛམ་གླིང་བཟོ་བར་ཆོས་བརྒྱུད་ཁག་ཚང་མར་འགན་ཡོད་པ་རེད། ནུས་པ་ཡོད་པ་རེད། དེའི་ནང་ནས་ད་ལྟ་སྐབས་སུ་བབ་པ་ནི་སངས་རྒྱས་པའི་ཆོས་ཆགས་ཡོད་པ་རེད། ཨེ་ཤ་ཡའི་ལུང་པ་འབར་མ། ཐའེ་ལན། ཤྲི་ལིང་ག ཀམ་པོ་རི་ཡ། ལའོ་སི། དེ་བཞིན་ཝི་ཏི་ནམ་དང་རྒྱ་ནག ཀོ་རུ་ཡ། ཉི་ཧོང་། མན་གྷོ་ལི་ཡ། བོད་བཅས་ཚང་མ་ཕལ་ཆེར་ཡོངས་རྫོགས་ནང་པའི་རྒྱལ་ཁབ་རེད། ཡུལ་ལུང་འདི་དག་གི་ནང་དུ་ཁ་ཆེའི་ཆོས་ལུགས་བྱེད་མཁན་དང་ཡི་ཤུའི་ཆོས་ལུགས་བྱེད་མཁན། ཧིན་རྡིའི་ཆོས་ལུགས་བྱེད་མཁན་ཡོང་གི་ཡོད་ཀྱང་། ལུང་པ་སྤྱི་ཡོངས་ནས་བཤད་ན་འདི་དག་ནི་ཕ་མེས་ནས་ནང་པའི་ལུང་པ་སངས་རྒྱས་པའི་ཆོས་བྱེད་མཁན་ཆགས་ཀྱི་འདུག 

བཅོམ་ལྡན་འདས་སངས་རྒྱས་ནས་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱ། །ཞེས་བཅོམ་ལྡན་འདས་ཀྱིས་ཟབ་པ་དང་ཞི་བ་སྤྲོས་བྲལ་འོད་གསལ་བ་འདུས་མ་བྱས་པའི་ཆོས་ཤིག་མངོན་དུ་གྱུར་ནས་བཅོམ་ལྡན་འདས་ཁོང་གིས་ཉམས་ལེན་གནང་།   ཉམས་ལེན་གནང་བའི་འབྲས་བུར་དྲི་མ་མཐའ་དག་བཅོམ་ནས་མངོན་པར་རྫོགས་པར་སངས་རྒྱས་པ་བྱུང་སོང་ཡང་། ངས་ཟབ་པ་དང་ཞི་བ་སྤྲོས་བྲལ་འོད་གསལ་བ་འདུས་མ་བྱས་པའི་ཆོས་འདི་ད་ལྟ་མར་བཤད་པ་ཡིན་ན་སྐབས་དེར་རྒྱ་གར་ལ་ཡོད་པའི་ཆོས་ལུགས་བདག་ཏུ་སྨྲ་བའམ་བདག་ཏུ་ལྟ་བ་ཆགས་ཡོད་པས་བཅོམ་ལྡན་འདས་ཀྱིས་གསུང་རྒྱུ་དེ་རན་པོ་ཞིག་ཡོང་གི་མེད་པས་གནས་སྐབས་ངས་ཆོས་གསུང་གི་མིན་ཞེས་ཞག་ཞེ་དགུའི་རིང་ལ་བཅོམ་ལྡན་འདས་ཀྱིས་ཆོས་གསུངས་ཡོད་པ་མ་རེད། རིམ་གྱིས་བཅོམ་ལྡན་འདས་ཀྱི་འཁྲིས་ལ་བཅར་མཁན་མང་པོ་ཞིག་གིས་བཅོམ་ལྡན་འདས་གྲུབ་ཐོབ་ཆེན་པོ་ཞིག་ཡིན་པ་མཐོང་སྡོད་ཀྱི་ཡོད་པ་དང་།  ལོ་དྲུག་དཀའ་སྤྱད་གནང་བ་སོགས་ཀྱིས་མི་འདྲ་བ་ཞིག་ཏུ་མཐོང་གི་ཡོད་པ་རེད། བཅོམ་ལྡན་འདས་ཀྱི་འཁྲིས་ལ་བཅར་མཁན་མང་དུ་མང་དུ་ཕྱིན་ནས་ཟབ་ཞི་སྤྲོས་བྲལ་འོད་གསལ་བ་འདུས་མ་བྱས་ཀྱི་སྙིང་དོན་ཡོད་པའི་ཆོས་དེ་བསྟན་ནའང་ཕལ་ཆེར་རན་ས་རེད་དགོངས་པའི་སྐབས་སུ་ཝ་ར་ཎ་སི་རུ་ཆོས་འཁོར་དང་པོ་གསུངས་པ་རེད། བཅོམ་ལྡན་འདས་ཀྱི་ཆོས་འཁོར་དང་པོ་བདེན་པ་བཞིའི་ཆོས་འཁོར་རེད། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་སོགས་བདེན་པ་བཞི་དང་། མི་རྟག་སོགས་བཅུ་དྲུག དེའི་དོན་དག་རྡོག་རྡོག་ཅིག་བཤད་པ་ཡིན་ན་ཆོས་ཀྱི་སྡོམ་བཞི། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངལ་ལས་འདས་པ་ཞི་བ་ཞེས་གསུངས་འདུག 

བཅོམ་ལྡན་འདས་ཀྱིས་ཤམ་ཐབས་ཟླུམ་པོར་བགོ་བ་ལ་བསླབ་པར་བྱའོ་ཞེས་གསུངས་པ་ནས་བཟུང་འདུལ་བའི་སྐོར་གསུངས་ཀྱི་ཡོད་པ་རེད། དེ་སྔོན་པཱ་ལིའི་སྐད་ཀྱི་སྡེ་སྣོད་གསུམ་གྱི་བཀའ་བསྡུ་གནང་ནས་ཡོང་སྐབས་རིམ་གྱིས་པཱ་ལའི་ནང་ལ་སྡེ་སྣོད་གསུམ་བྱུང་བ་རེད། དེང་སང་ཤྲི་ལིང་ག འབར་མ། ཐའེ་ལན། ཀམ་པོ་རི་ཡ། ལའོ་སི། དེ་བཞིན་ཝི་ཏི་ནམ་དང་། རྒྱ་ནག སོག་པོ། བོད་བཅས་ཚང་མ་ལ་འདུལ་བའི་ཉམས་ལེན་ཡོད་པ་རེད། བདེན་པ་བཞིའི་རྣམ་གཞག་ནང་པ་ཡོངས་རྫོགས་ལ་ཁྱབ་ཡོད།  ཆོས་ཀྱི་ལྟ་གྲུབ་ཀྱི་རྨང་གཞི་ཆགས་ཡོད་པ་རེད། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་མི་འདོད་མཁན་ཡིན་ན་དད་པའི་ཆ་ནས་ནང་པ་ཡིན་ནའང་ལྟ་གྲུབ་ཀྱི་ཆ་ནས་ནང་པ་མ་རེད་ཅེས་རྗོད་མཁན་ཡང་ཡོད་པ་རེད། ཅེས་སོགས་སངས་རྒྱས་པའི་ཆོས་ལེགས་སྦྱར་གྱི་ཆོས་བརྒྱུད་དང་པཱ་ལའི་ཆོས་བརྒྱུད་གཉིས་ཀྱི་ནང་དུ་འདུ་བ་དང་། པཱ་ལའི་ཆོས་བརྒྱུད་དུ་སྡེ་སྣོད་གསུམ་དང་ལེགས་སྦྱར་གྱི་ཆོས་བརྒྱུད་དུ་འཁོར་ལོ་བར་པ་དང་ཐ་མ་ཡོད་སྐོར་བཀའ་གནང་རྗེས། ལེགས་སྦྱར་གྱི་ཆོས་བརྒྱུད་ནི་རིག་པ་རྩལ་འདོན་བྱས་ཏེ་རྒྱུ་མཚན་ལ་བརྟེན་ནས་དཔྱད་པ་གཏོང་གི་ཡོད་པས། པཎ་གྲུབ་བཅུ་བདུན་བསམ་བློ་བ་ཆེན་པོ་ཡིན་སྐོར་བཅས་བཀའ་གནང་རྗེས་བྱང་ཆུབ་སེམས་འགྲེལ་དང་ལག་ལེན་སོ་བདུན་མའི་བརྗོད་བྱ་སྤྱི་སྒྲོམ་ངོ་སྤྲོད་མཛད། དེ་ཡང་བྱང་ཆུབ་སེམས་འགྲེལ་ནི་ལྟ་གྲུབ་ཀྱི་རྣམ་གཞག་ཡིན་པ་དང་། ལྟ་གྲུབ་ཉམས་ལེན་གྱི་ནང་དུ་ཁྲིད་པའི་སྐབས་སུ་ལག་ལེན་སོ་བདུན་མའི་ནང་དུ་ཁྲིད་ནས་ཉམས་སུ་ལེན་དགོས་སྐོར་ངོ་སྤྲོད་གྲུབ་མཚམས།  རྡ་རམ་ས་ལར་ཕེབས་ཡོད་མཁན་དང་། ཝི་ཏི་ནམ་གྱི་Hanoi དང་། Ho chi minh ciiy གཞན་ཡང་། Hai phong བཅས་ས་ཁུལ་གསུམ་ནས་དྲ་ཐོག་བརྒྱུད་བཀའ་སློབ་ལ་གསན་གཟིགས་གནང་མཁན་བཅས་ཀྱི་ཁྲོད་ནས་ཁག་ཅིག་གིས་དྲི་བ་ཞུས་པར་བཀའ་ལན་སྩལ་པ་དང་། མཐར་དགེ་སེམས་མངོན་དུ་གྱུར་བའི་ཐོག་ནས་ཤི་བ་ཡིན་ན་སྐྱེ་བ་རྗེས་མ་སྐྱེ་བ་བཟང་པོ་ཞིག་ལེན་པ་བརྒྱ་ཆའི་བརྒྱ་ཐམ་པ་ཐག་ཆོད་པ་རེད། ཅེས་བཀའ་གནང་སྟེ་ཉིན་གཉིས་རིང་གི་ཝི་ཏི་ནམ་གྱི་ཆོས་ཞུ་བར་ཆོས་འབྲེལ་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས།།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།