༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ཨ་རིའི་འཐུས་མིར་ཆེ་བསྟོད་ཕེབས་བསུའི་མཛད་སྒོར་དབུ་བཞུགས་གནང་བ། ༢༠༡༧ ཟླ་བ་ ༥ ཚེས་ ༡༠

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ལ་དགའ་བསུའི་གཞུང་འབྲེལ་མཛད་སྒོར་དབུ་བཞུགས་དང་བཀའ་སློབ་སྩལ་ཡོད་པ་རེད།

དེ་ཡང་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཙམ་ལ་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་འཐུས་མི་རྣམས་དང་ལྷན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་སྟེགས་ལ་༸ཞབས་སོར་འཁོད་མཚམས་རྔ་རོལ་དང་བཅས་བོད་ཀྱི་རྒྱལ་གླུ་བཏང་སྟེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་སྒྲེང་འཛུགས་གནང་།  དེ་ནས་བོད་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྣམས་ཀྱི་ཆེད་ངག་བཅད་མྱ་ངན་གུས་འདུད་སྐར་མ་གཅིག་རིང་ཞུས་པ་དང་དགེ་བཤེས་མ་བཞིས་དབུ་འདོན་གྱིས་བདེན་ཚིག་སྨོན་ལམ་གསུངས་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་དང་། སྐྱབས་གནས་དགེ་འདུན་པའི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འཐུས་མི་དང་མི་མང་བཅས་ལ་བཀའ་ཤག་གི་ཚབ་བྱས་ཏེ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཕེབས་པའི་མཛད་སྒོའི་ཉིན་མོ་སྙིང་ཐག་པ་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཞེས་རང་རིགས་རྣམས་ལ་འཚམ་འདྲི་གྲུབ་མཚམས་སྐུ་མགྲོན་རྣམས་ཀྱིས་གསན་བདེ་ཆེད་དབྱིན་སྐད་ཐོག་གསུང་བཤད་གནང་ཆོག་པའི་སྙན་སྒྲོན་དང་འབྲེལ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་། རང་ལུས་མེར་བསྲེགས་ཀྱི་སྐོར། དེ་བཞིན་བླ་རུང་སྒར་གཏོར་བཤིག་གི་སྐོར་སོགས་དང་འབྲེལ་ནས་ཕེབས་བསུའི་གསུང་བཤད་གནང་། དེ་རྗེས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་སེན་སེན་བྷེར་ནར་ Jim Sensenbrenner ལགས། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་སེན་སེན་བྷེར་ནར་ Jim Sensenbrenner ལགས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག  གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨི་ལོ་ཡི་ཊི་ཨེན་ཇེལ་ Eliot Engel ལགས། གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་པར་མི་ལཇ་ཡ་པཱལ་ Pramila Jayapal ལགས་བཅས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། རང་དབང་སོགས་ཀྱི་སྐོར་ལ་གསུང་བཤད་གནང་རྗེས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་ནེན་སི་པི་ལོ་སི་ Nancy Pelosi མཆོག་གིས་ཕྱི་ལོ་ ༢༠༡༥ ལོར་བོད་ནང་དུ་གཟིགས་སྐོར་ཕེབས་མཁན་གྲོས་ཚོགས་འཐུས་མི་གཞན་རྣམས་ངོ་སྤྲོད་གནང་བ་དང་སྦྲགས་གསུང་དོན།  ང་ཚོ་སྐུ་ཚབ་འཐུས་མི་བཞི་བོ་བོད་དུ་བསྐྱོད་སྐབས་ཕོ་བྲང་པོ་ཏཱ་ལའི་༸རྒྱལ་བའི་གཟིམ་ཆུང་ནང་དུ་ང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་སླར་ཡང་གཟིམ་ཆུང་དེར་གདན་འདྲེན་ཞུ་མ་ཐུབ་བར་དུ་རང་ནུས་གང་ཡོད་ཀྱིས་འབད་བརྩོན་ཞུ་རྒྱུའི་ཁས་ལེན་དམ་བཅའ་བཞག་པ་ཡིན།  རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་སྟོབས་ཤུགས་ངོམས་ནས་བོད་དོན་རྒྱབ་སྐྱོར་བ་ཚོར་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་ཡོད། གལ་ཏེ་ང་ཚོས་རྒྱ་ནག་གི་དཔལ་འབྱོར་གྱི་གནོན་ཤུགས་ལ་བརྟེན་ནས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་དྲག་གནོན་ཐོག་དམ་བསྒྲགས་བྱེད་བཞིན་པ་དེར་ངོ་རྒོལ་མ་བྱས་ཚེ་ང་ཚོས་འཛམ་གླིང་ས་ཕྱོགས་གཞན་གང་དུའང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྐོར་ལ་སྐད་ཆ་ཤོད་རྒྱུའི་བཟང་སྤྱོད་ཀྱི་ཐོབ་ཐང་དེ་རང་བཞིན་གྱི་བརླག་རྒྱུ་རེད།  དེར་བརྟེན་ང་ཚོ་བོད་དོན་རྒྱབ་སྐྱོར་མཚམས་འཇོགས་ནམ་ཡང་བྱེད་རྒྱུ་མ་རེད།ཅེས་སོགས་གསུང་བཤད་གནང་བ་དང་། 

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།  དེ་རིང་དངོས་སུ་འདིར་འཁོད་པའི་བོད་རིགས་རྒན་བྱིས་སེར་སྐྱ་རྣམ་པ་དང་། འདིར་དངོས་སུ་མ་འཁོད་པའི་འཛམ་གླིང་རང་དབང་ཡུལ་གྲུ་ཁག་ལ་ཡོད་པ་རྣམས། ལྷག་པར་དུ་རང་དབང་བྲལ་ནས་རྔམ་སྐྲག་འོག་སྡོད་མཁན་གྱི་གཞིས་བཞུགས་རྒྱ་ཆེའི་མི་མང་ཚང་མར་ངོས་ནས་ཚིག་ཁ་ཤས་ཞུ་འདོད་བྱུང་། ང་ཚོ་བོད་མི་རིགས་ནི་ས་འོག་ནས་དངོས་རྫས་ཐོན་པ་གཞིར་བཞག་བྱས་ཚེ་ཕལ་ཆེར་ལོ་སྟོང་ཕྲག་ཉི་ཤུ་སུམ་ཅུའམ་ཁྲི་གཉིས་གསུམ་གྱི་སྐད་ཆ་བཤད་ཀྱི་འདུག དེར་བརྟེན་མི་སྡེའི་སྤྱི་ཚོགས་ཆགས་པའི་ནང་གི་སྔ་ཤོས་ཀྱི་གྲས་ཆགས་བསྡད་ཀྱི་ཡོད་པ་རེད། ང་ཚོའི་མི་རབས་འདི་ལ་དུས་ཀྱི་འགྱུར་བ་ཧ་ཅང་ཆེན་པོ་བྱུང་བ་རེད། ང་ཚོ་ཕྱི་ལོ་ ༡༩༥༩ ལོར་འདིར་བཙན་བྱོལ་དུ་འབྱོར་དུས་བོད་ཀྱི་ཁ་རྒྱུན་དུ་ཡོད་པ་ལྟར་ངོ་ཤེས་པ་གནམ་དང་ས་ལས་མེད་པར་གང་འདྲ་བྱེད་ཡོང་བསམ་སྟེ་དངངས་འཚུབ་ཀྱིས་སྡོད་དགོས་པའི་གནས་སྟངས་ཆགས་པ་རེད། རིམ་གྱིས་ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ ༥༨ ལྷག་ཕྱིན་པ་རེད། འགོ་སྟོད་དངངས་སྐྲག་ངང་སྡོད་དགོས་པ་དེ་རིམ་གྱིས་འགྱུར་བ་ཕྱིན་ནས་དེ་རིང་འདིར་ཆ་བཞག་ན་ང་ཚོ་བཙན་བྱོལ་བ་རེད། བཙན་བྱོལ་བའི་ངོས་ནས་བཤད་ན་སྐྱབས་མེད་མགོན་མེད་ལྟ་བུ་རེད། ཡིན་ནའང་། ང་ཚོར་ངོ་ཤེས་མེད་སར་ངོ་ཤེས་བྱུང་བ་དང་། གྲོགས་པོ་མེད་སར་གྲོགས་པོ་བྱུང་སྟེ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱས་པ་རེད། དེ་ཡང་དཔལ་འབྱོར་གྱི་ཁེ་ཕན་ལ་བལྟས་ནས་རྒྱབ་སྐྱོར་བྱས་པ་མ་རེད། ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་རྒྱབ་སྐྱོར་བྱས་པའང་མ་རེད། བདེན་པ་ལ་རྒྱབ་སྐྱོར་བྱས་པ་རེད། དེ་ལྟར་དེ་རིང་འདིར་ཆ་བཞག་ནའང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ནེན་སི་པེ་ལོ་སི་ Nancy Pelosi ལགས་ལོ་མང་སྔོན་ནས་ང་ཚོའི་ངོ་ཤེས་རེད། ཁོང་དང་ཁོང་གི་ཕྱག་རོགས་འཐུས་མི་མང་པོ་ཞིག་ཕེབས་པ་རེད། འདི་དག་ང་ཚོས་དཔལ་འབྱོར་ཐོག་ནས་རོགས་རམ་བཙལ་བ་རེད་དམ་ཟེར་ན་མ་རེད། ང་ཚོ་སྐྱོ་པོ་བྱས་ནས་བསྡད་ཡོད་པ་རེད། གང་རེད་ཟེར་ན་ང་ཚོར་བདེན་པ་ཡོད་པ་རེད། བདེན་པ་ཡོད་པ་གཅིག་པུའི་འགྲིག་གི་མི་འདུག བདེན་པ་ཡོད་ཀྱང་འཚེ་བའི་ལམ་དུ་ཕྱིན་པ་ཡིན་ན་མི་ཤ་ཚ་རྒྱུ་ཁག་པོ་རེད། ང་ཚོར་བདེན་པ་ཡོད་པ་མ་རྩར་བཞག་སྟེ་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འཐབ་རྩོད་བྱེད་བཞིན་པ་རེད། རྒྱ་དང་ང་ཚོས་རྩོད་ལེན་ཞིག་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་། རྒྱ་མི་རིགས་ལ་གུས་བརྩི་བྱེད་པ་དང་། གུང་ཁྲན་ཏན་ཡོན་བསམ་བློ་གུ་དོག་པོར་སྡོད་མཁན་ཚོར་སྙིང་རྗེ་སྒོམ་པ་དང་། མཐའ་ན་གཏོང་ལེན་གྱི་དམིགས་པ་བྱས་ཏེ་དེ་དག་གི་སེམས་ཀྱི་རྔམ་སྐྲག་དང་ཁོང་ཁྲོ  དོགས་པ་སོགས་ཚུར་བླངས། ང་རང་ཚོའི་བྱམས་བརྩེ་དང་བཟོད་པ། ཡིད་ཆེས་བཅས་ཕར་སྦྱིན་པས་དངོས་སུ་ལག་ལེན་གྱི་ཐོག་ལ་ཕན་ཐོགས་ཆེན་པོ་མེད་ཀྱང་བསམ་བློའི་ནང་དུ་ཁྱད་པར་ཆེན་པོ་འདུག 

ང་ཚོས་འདིར་འཐབ་རྩོད་བྱེད་ཀྱི་ཡོད་ཀྱང་བྱམས་བརྩེའི་བློ་དང་མ་བྲལ་བའི་ཐོག་ནས་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད། དེར་བརྟེན། བོད་ཀྱི་རྒྱབ་སྐྱོར་བྱེད་མཁན་གྲོགས་པོ་རྣམས་ལོ་བཅུ་ཕྲག་ནས་བཅུ་ཕྲག་རིང་མང་དུ་མང་དུ་འགྲོ་བཞིན་པ་ནི་ང་ཚོའི་ལྷག་བསམ་མམ་བསམ་པ་རྣམ་དག་དང་། དྲང་བདེན། རྒྱ་མི་རིགས་ལ་ཆ་བཞག་ནའང་ཁོང་ཁྲོ་སོགས་མེད་པར་གཉིས་ཕན་གྱི་ཐོག་ནས་དཀའ་ངལ་སེལ་ཐུབ་ན་བསམ་སྟེ་འབད་བརྩོད་བྱས་པ་ཡིན་པས་རྒྱ་རིགས་ཀྱི་ནང་དུའང་རྒྱབ་སྐྱོར་བྱེད་མཁན་མང་དུ་མང་དུ་འགྲོ་བཞིན་འདུག དེ་ང་ཚོས་ཤེས་དགོས་པ་རེད། 

ང་ཚོ་བོད་པ་གྲོགས་པོ་མེད་སར་གྲོགས་པོ་བྱུང་། ངོ་ཤེས་མེད་སར་ངོ་ཤེས་མང་པོ་བྱུང་སྟེ་ལོ་རེ་ནས་ལོ་རེར་ཤུགས་ཆེ་རུ་འགྲོ་བ་དང་། ང་ཚོས་བསམ་པ་རྣམ་དག་དང་དྲང་པོ་དྲང་བཞག མིའི་བརྩེ་བ་མ་བོར་བའི་ཐོག་ནས་དཀའ་ལས་བརྒྱག་གི་ཡོད་པས་འཛམ་གླིང་འདིར་རིན་ཐང་སླེབས་ཏེ་མི་མང་པོས་དོ་སྣང་ཡོང་བྱེད་ཀྱི་འདུག དེ་ང་ཚོའི་བོད་ཀྱི་རིག་གཞུང་ཆགས་ཡོད། ང་ཚོ་བོད་མི་རིགས་ཀྱི་གོམས་གཤིས་ཆགས་ཡོད།  དེ་ལྟ་བུའི་བྱམས་བརྩེ་དང་གཉིས་ཕན་གྱི་བསམ་བློ་ནི། ང་ཚོ་བོད་ཀྱི་དཀའ་ངལ་ཙམ་མ་ཡིན་པར་འཛམ་གླིང་འདིའི་དཀའ་ངལ་མང་པོ་ཞིག་བྱམས་བརྩེའི་བློ་ཞིག་དང་གཉིས་ཕན་གྱི་བློ་ཞིག རང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཞིག་ཡིན་པ་ལ་བསམ་བློ་བཏང་ཚེ།  འཛམ་གླིང་འདིར་མིས་བཟོས་པའི་དཀའ་ངལ་ཅི་ཙམ་འདུག མི་ག་ཚོད་གསོད་ཀྱི་འདུག འདི་དག་བྱམས་བརྩེའི་བསམ་བློའི་ཐོག་ནས་སེལ་རྒྱུ་མ་གཏོགས་གོ་མཚོན་དང་དབང་ཡོད་བཤད་ནས་སེལ་ཐབས་ཡོད་པ་མ་རེད།    

གནམ་གཤིས་ཀྱི་འགྱུར་བའི་ཐོག་ནས་བྱུང་བའི་དཀའ་ངལ་ལྟ་བུ་ནི་གནས་ཚུལ་ཁ་ཁ་རེད། མིས་བཟོས་པའི་དཀའ་ངལ་དྲག་པོའི་ཤུགས་ཀྱི་ཐོག་ནས་མེད་པ་བཟོ་རྒྱུ་ནི་ཧ་ཅང་ཁག་པོ་རེད། འདས་པའི་དུས་རབས་ཉི་ཤུ་པའི་ནང་དུ་གོ་མཚོན་བེད་སྤྱོད་བྱས་ཏེ་མི་ས་ཡ་ཉིས་བརྒྱ་ལྷག་བསད་ཡོད་པ་རེད། བསད་པ་དེས་དངོས་གནས་ཞི་བདེ་དང་འཆམ་མཐུན་ཡོང་ཐུབ་པ་བྱུང་མེད། དེར་བརྟེན་འདས་པའི་ལོ་རྒྱུས་ནང་དབང་ཡོད་བཤད་པ་དང་ཐུབ་ཚོད་བྱས་པ། གོ་མཚོན་གྱི་ནུས་པའི་ཐོག་ནས་ཁ་གཏད་བཅག་པ་སོགས་ཀྱིས་འདས་པའི་ལོ་རྒྱུས་ནང་དུ་དཀའ་ངལ་སེལ་ཐུབ་མེད་པས་མ་འོངས་པར་ཡང་དེ་ཡིས་གཏན་ནས་དཀའ་ངལ་སེལ་ཐུབ་ཀྱི་མ་རེད། དེར་བརྟེན་ང་ཚོའི་བོད་དོན་གྱི་དཀའ་ངལ་ཡང་ལྷག་བསམ་རྣམ་དག་དང་དྲང་པོ་དྲང་བཞག བྱམས་བརྩེ་ལྡན་པའི་ངང་སེལ་རྒྱུ་ནི་ང་ཚོས་འཛམ་གླིང་སྤྱི་ལ་མིག་དཔེ་བསྟན་ཚེ་གང་ལ་གང་འཚམ་གྱིས་མིག་དཔེ་སྟོན་ཐུབ་པ་ཞིག་དང་ཕན་ཐོགས་ཡོང་ཐུབ་པ་ཞིག་ཡོད་པ་རེད། 

ངོས་ཀྱིས་ཁ་སང་ཁོ་ཚོར་མཇལ་དུས་ཀྱང་ཞུས་པ་ཡིན་ལ་ནམ་རྒྱུན་དུའང་བཤད་ཀྱི་ཡོད། ང་ཚོའི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྣམས་ནི་བོད་པ་ལ་ཕྱོགས་སུ་ལྷུང་བའི་བསམ་བློའི་ཐོག་ནས་རྒྱབ་སྐྱོར་བྱས་པ་མ་རེད། ང་ཚོར་རྒྱབ་སྐྱོར་བྱེད་མཁན་དག་ནི་དྲང་བདེན་ལ་ཕྱོགས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་རེད་ཅེས་བཤད་ཀྱི་ཡོད། ངོས་ནས་དེ་ལྟར་དྲན་གྱི་འདུག ང་ཚོ་འཚེ་བའི་ལམ་ལ་ཕྱིན་ནས་མི་བསད་ཁྲག་སྦྱོར་བྱེད་ཡོད་ཚེ་ཤ་ཚ་དང་རྒྱབ་སྐྱོར་བྱེད་མཁན་འདི་ལྟ་བུ་ཞིག་ཡོང་ཡོད་པ་མ་རེད། ངོས་རང་ལ་ཆ་བཞག་ན་འཛམ་གླིང་གང་སར་སླེབས་ཀྱི་ཡོད་པ་རེད། ཕྱིན་པའི་སྐབས་སུ་མི་མང་པོས་ཧ་ཅང་དགའ་བོ་བྱེད་པ་ནི་ང་ཚོ་ལྷག་བསམ་རྣམ་དག་དང་། རྒྱབ་མདུན་མངོན་ལྐོག་མེད་པར་ཀུན་ལ་ཕན་ཞིང་བདེ་བ་ཞིག་ཡོང་བའི་ཆེད་དུ་བསམ་བློ་བཏང་བས་མི་ཧ་ཅང་མང་པོས་དགའ་བོ་བྱེད་ཀྱི་འདུག དེ་ནི་ངོས་ཀྱི་ཁྱད་ཆོས་མ་ཡིན་པར་བོད་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་གཙོ་བོ་དཔལ་ན་ལེནྡྲའི་ཆོས་བརྒྱུད་བྱམས་བརྩེ་སྟོན་པ་དང་། བྱམས་བརྩེ་སྟོན་པ་ཙམ་དུ་མ་ཟད་རྒྱབ་རྟེན་ལྟ་གྲུབ་ཟབ་མོ་ཞིག་གི་ཐོག་ནས་བཤད་ཀྱི་ཡོད་པ་དང་། དེ་ལྟ་བུའི་ལྟ་གྲུབ་དེ་དེང་སང་ཚན་རིག་པའི་མཉམ་དུ་གོ་བསྡུར་བྱེད་ཐུབ་པ་ཞིག་དང་། ཕན་ཚུན་ལ་བློ་བསྐྱེད་ལེན་ཐུབ་པ་ཞིག་ཆགས་བསྡད་ཀྱི་འདུག དེ་ནི་ང་ཚོ་བོད་མི་རིགས་ཀྱིས་སྤོབས་པ་བྱེད་དགོས་པའི་རིག་གཞུང་ཞིག་རེད། འཛམ་གླིང་འདིར་ནང་པ་ཧ་ཅང་མང་པོ་ཡོད་ཀྱང་། དེ་ལྟ་བུའི་ལྟ་གྲུབ་བརླིང་པོ་ཞིག་དང་ཟབ་ཅིང་རྒྱ་ཆེ་བ་ཞིག་ང་ཚོ་བོད་ལ་མ་གཏོགས་ཡོད་པ་མ་རེད། ང་ཚོའི་ཕ་མེས་ནས་རྒྱུ་མཚན་དང་བཅས་པའི་ཐོག་ནས་བྱམས་བརྩེ་སྒོམ་རྒྱུའི་གོམས་གཤིས་ཤིག་ཡོད་པ་དེ་བོད་པ་གཅིག་པུས་ངོམ་པའི་སྐད་ཆ་མ་ཡིན་པར་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་པའི་ནུས་པ་ཏན་ཏན་འདུག 

དེ་སྔ་ང་ཚོ་བཙན་བྱོལ་བ་སྐྱབས་མེད་མགོན་མེད་ཉུང་ཤས་ཤིག་ཡིན་ཡང་། དེང་འཛམ་གླིང་འདིར་བྱམས་བརྩེ་ལ་དོ་སྣང་གསར་པ་སླེབས་པ་ཞིག་ང་ཚོས་བྱེད་ཐུབ་ཀྱི་འདུག དེ་ང་ཚོ་ཚང་མས་ཤེས་དགོས། ང་ཚོར་མིས་དགའ་བོ་བྱེད་པ་དང་རྒྱབ་སྐྱོར་བྱེད་པ་ནི་བོད་མི་རིགས་ཀྱིས་བྱམས་བརྩེའི་རིག་གཞུང་ཞིག་ལག་ལེན་བྱེད་ཀྱི་ཡོད་པས་རྒྱབ་སྐྱོར་ཡོང་གི་ཡོད་པ་རེད། གཙོ་ཆེ་ཤོས་བོད་ནང་དུ་ཡོད་པའི་རྒྱ་ཆེའི་མི་མང་གིས་ཉེན་ཁ་དང་དཀའ་ངལ་འོག་བྱམས་བརྩེའི་ཉམས་ལེན་གྱིས་བོད་མི་རིགས་ཀྱི་རིག་གཞུང་བཟུང་བསྡད་ཡོད་པ་རེད། རྒྱ་རིགས་གྲོགས་པོ་མང་པོ་ཞིག་ཀྱང་ང་ཚོར་ངོ་མཚར་སྐྱེས་ནས་རྒྱབ་སྐྱོར་བྱེད་ཀྱིན་འདུག ང་རང་ཚོར་དེ་ལྟ་བུའི་སྙིང་སྟོབས་ཤིག་ཡོང་བ་ནི་རིག་གཞུང་གི་ཐོག་ནས་ཡོང་གི་ཡོད་པ་རེད། བོད་ཀྱི་རིག་གཞུང་དེ་ནི་སྔ་མོ་བོད་མི་ས་ཡི་དྲུག་གི་དཀྱིལ་འཁོར་དུ་ཡོད་པ་ཞིག་དང་། དེང་སང་བོད་ཀྱི་རིག་གཞུང་དེ་འཛམ་གླིང་སྤྱི་ལ་གང་ལ་གང་འཚམ་གྱིས་ཕན་ཐོགས་ཏན་ཏན་འདུག དེ་ལ་ངོས་རང་གདེང་འཁེལ་གྱི་འདུག 

བོད་དོན་ལ་ང་ཚོ་ཚང་མར་སེམས་ཁུར་ཡོད་པ་རེད། བོད་ནང་དུ་ཡོད་པའི་རྒྱ་ཆེའི་མི་མང་ཡང་བོད་དོན་སྐོར་ལ་སེམས་ཁུར་ཡོད་པ་རེད། ང་ཚོས་སེམས་ཁུར་དེ་ཁོང་ཁྲོ་དང་མི་ལ་གནོད་པ་སྐྱེལ་བའི་སྐད་ཆ་མ་རེད། ང་ཚོའི་སེམས་ཤུགས་ནི་བྱམས་བརྩེ་སྤེལ་བ་དང་སུ་ལ་ཡིན་ནའང་དངོས་གནས་དྲང་གནས་གྲོགས་པོ་བྱེད་རྒྱུའི་འོག་ནས་ང་ཚོའི་བདེན་པའི་མཐའ་ཏན་ཏན་སེལ་གྱི་རེད། སེལ་རྒྱུའི་ཆ་རྐྱེན་གཙོ་བོ་ངོས་ནས་དེ་མཐོང་གི་ཡོད། གོ་མཚོན་འཁྱེར་ནས་དོན་དག་སྒྲུབ་རྒྱུ་དེ་མ་རེད། རྒྱལ་ཁབ་ཆེན་པོའི་གྲས་ཀྱིས་གོ་མཚོན་འཁྱེར་ནས་དཀའ་ངལ་སེལ་རྒྱུའི་ཐབས་ཤེས་བྱེད་ཀྱི་འདུག་ཀྱང་དཀའ་ངལ་མང་པོ་འཕྲད་ཀྱི་འདུག བྱམས་བརྩེའི་དཀའ་ངལ་སེལ་རྒྱུར་དུས་ཚོད་འགོར་གི་རེད། ཡིན་ནའང་། བྱམས་བརྩེའི་ཐོག་ནས་དཀའ་ངལ་སེལ་རྒྱུ་ལ་བདེན་ཚིག་སྨོན་ལམ་ནང་དུ་ངོས་ཀྱིས་བྲིས་ཡོད་པ་ལྟར་བྱམས་བརྩེ་བསྐྱེད་ནས་བོད་དོན་སེལ་ཐུབ་པ་ཞིག་དང་། འཛམ་གླིང་སྤྱི་ལ་ཡིན་ནའང་སྤོབས་པ་ཆེན་པོའི་ཐོག་ནས་མིག་དཔེ་སྟོན་ཐུབ་པ་ཞིག་ལ་ང་ཚོས་བསམ་བློ་གཏོང་དགོས་པ་རེད། འདིར་སྐུ་མགྲོན་རྣམ་པ་ཚོ་ཡོད་པའི་མདུན་དུ་དེ་ངོས་ཀྱིས་བཤད་འདོད་བྱུང་། 

ཁྱོད་རང་ཚོ་ཡིན་ནའང་དངོས་གནས་ད་ལྟའི་བར་དུ་བོད་ལ་ཤ་ཚ་དང་རྒྱབ་སྐྱོར་ཧ་ཅང་ཡག་པོ་རེད། ཆབ་སྲིད་དང་དཔལ་འབྱོར་གྱི་དཀའ་ངལ་ཐོག་ནས་སྐབས་རེར་བདེ་མ་བདེ་ཡོང་གི་ཡོད་ཀྱང་། ལྷག་བསམ་འཁྱེར་ནས་འཛེམས་ཟོན་མེད་པའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ཨ་རི་ལ་ཆ་བཞག་ན་ཕལ་ཆེར་རང་དབང་ལྡན་པའི་འཛམ་གླིང་རྒྱལ་ཁབ་ཡོངས་རྫོགས་ཀྱི་འགོ་ཁྲིད་ལྟ་བུ་ཆགས་ཡོད། ཨ་རི་ཧ་ཅང་གལ་ཆེན་པོ་རེད།  ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ང་ཚོའི་འདིར་གློ་བུར་དུ་སྐུ་མགྲོན་ལ་ཕེབས་པ་ཞིག་མ་ཡིན་པར་ལོ་མང་པོའི་གོང་ནས་ངོ་ཤེས་དང་འདྲིས་བརྟན་པོ་ཡོད་པའི་ང་ཚོའི་གྲོགས་པོ་དང་རྒྱབ་སྐྱོར་བ་ཆགས་ཡོད། ཁྱོད་ཚོ་འདིར་ཆེད་མངགས་ཕེབས་ནས་བོད་པ་ཚོར་གདུང་སེམས་མཉམ་བསྐྱེད་དང་། བདེན་པའི་རྒྱབ་སྐྱོར་གྱི་རྣམ་འགྱུར་བོད་རྒྱ་ཆེའི་མི་མང་གི་མདུན་ལ་བསྟན་པ་ལ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིིན། 

ང་རང་ཚོའི་རིག་གཞུང་ཟེར་བ་ནི་ཕྱི་ལ་མཐོང་རྒྱུ་ཡོད་པ་ཞིག་ཕལ་ཆེར་མ་རེད། རིག་གཞུང་ནི་གཙོ་བོ་སེམས་ཀྱི་ནང་དུ་ཡ་རབས་སྤྱོད་བཟང་། ཡ་རབས་སྤྱོད་བཟང་ཡང་རྒྱུ་མཚན་ལྡན་པའི་ཐོག་ནས་རེད། གནས་གཞི་ཡོངས་རྫོགས་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་རེད། ལྟོས་གྲུབ་རེད། ལྟོས་གྲུབ་ཡིན་པས་རང་ལ་དགོས་པའི་བདེ་སྐྱིད་ཀྱང་ལྟོས་ནས་གྲུབ་པ་རེད་མ་གཏོགས། བདེ་སྐྱིད་ཅེས་རྡོག་རྡོག་ཅིག་ཡོང་རྒྱུ་ཡོད་པ་མ་རེད། སྡུག་བསྔལ་ཡང་ལྟོས་ནས་གྲུབ་པ་རེད་མ་གཏོགས་རང་གཅིག་པུས་ཐོག་ནས་ཡོད་པ་མ་རེད། དེར་བརྟེན་ལྟོས་གྲུབ་ཀྱི་གནས་སྟངས་ལ་བསམ་བློ་འཁོར་སྐབས་ཉོན་མོངས་ཀྱི་བློ་ལ་ལྟོས་གྲུབ་སླེབས་ཀྱི་མི་འདུག ཉོན་མོངས་བརྗོད་སྐབས་འབེན་ལྟ་བུ་ཞིག་ལ་མཛུབ་གུ་འཛུགས་ཀྱི་འདུག ལྟོས་གྲུབ་ཀྱི་ལྟ་གྲུབ་ཀྱིས་ཉོན་མོངས་ཀྱི་མཛུབ་གུ་བཙུགས་ནས་འདི་ངའི་གཉེན་ཡིན་དེ་ངའི་དགྲ་ཡིན་ཞེས་པའི་སེམས་ནང་ཧ་ཅང་མཁྲེགས་པོ་ཞིག་སླེབས་བསྡད་པ་དེ་ནི་རང་བཞིན་གྱིས་ཤུགས་ཆུང་དུ་འགྲོ་རྒྱུ་དང་། དགྲ་གཉེན་གང་ཡིན་ཡང་ལྟོས་ནས་གྲུབ་པ་རེད་མ་གཏོགས་ཧྲེང་ཧྲེང་གཅིག་གི་ཐོག་ནས་ཡོང་མེད་པས་དེ་ཤེས་པ་ཡིན་ན་བསམ་བློའི་ནང་དུ་རང་བཞིན་གྱིས་བློ་ལྷིང་པོ་སྡོད་ཐུབ་པ་ཞིག་ཏན་ཏན་ཡོད་པ་རེད། འདི་ངའི་དགྲ་ཡིན་ཞེས་མཐའ་གཅིག་ཏུ་སྡང་སེམས་སྐྱེ་པ་དང་། འདི་ངའི་གཉེན་ཡིན་ཞེས་མཐའ་གཅིག་ཏུ་ཞེན་ཆགས་བྱེད་པ་ཚན་རིག་པས་ཀྱང་བཤད་ཀྱི་འདུག ཁོང་ཁྲོ་ཟ་བའི་སྐབས་སུ་ཡུལ་དེ་ཧ་ཅང་མི་སྡུག་པ་ཞིག་ཏུ་མཐོང་གི་ཡོད་པ་རེད། མི་སྡུག་པ་བརྒྱ་ཆ་དགུ་བཅུ་ཐམ་པ་ཁོང་ཁྲོ་ཟ་མཁན་གྱི་སེམས་ཀྱིས་བཟོས་པ་རེད་འདུག་ཅེས་ཚན་རིག་པས་ཀྱང་བཤད་ཀྱི་འདུག སངས་རྒྱས་པའི་གཞུང་གི་ནང་དུའང་དེ་བཞིན་གསུངས་ཡོད། དེར་བརྟེན་ང་ཚོར་སེམས་ཀྱི་བྱམས་བརྩེ་ཡོད་པ་ཡིན་ན་སེམས་ལ་ཞི་བདེ་ཡོང་གི་རེད། འདིའི་སྔོན་ཁོང་ཚོས་ངོས་རང་རྒས་མི་འདུག་ཅེས་བསྟོད་པ་བྱེད་ཀྱི་འདུག ངོས་ནས་ནམ་རྒྱུན་རྩེད་མོ་དང་སྦྲགས་ངོས་རང་ཆུ་ཚོད་དགུའི་རིང་གཉིད་ཀྱི་ཡོད་པ་དང་། ཆུ་ཚོད་ལྔ་ཙམ་ལ་སྒོམ་བརྒྱག་གི་ཡོད། དེ་ལྟ་བུའི་ཐོག་ནས་སེམས་ལ་ཞི་བདེ་ཞིག་སླེབས་ཀྱི་འདུག སེམས་ལ་ཞི་བདེ་སླེབས་པ་དེས་ལུས་ཀྱི་འབྱུང་བ་ལ་ཕན་ཐོགས་ཡོད་པ་ཞིག་ཏན་ཏན་རེད། སེམས་ལ་ཁོང་ཁྲོའི་ངང་ཚེ་སྒྲུབ་བྱེད་ཀྱི་ཡོད་ཟེར་ན་ཧ་ཅང་ཁག་པོ་རེད། སེམས་ལ་བྱམས་བརྩེ་ཡོད་ན་ཚེ་སྒྲུབ་ཡག་ཤོས་དེ་རེད། དེ་ངོས་རང་གི་ཉམས་མྱོང་གི་ཐོག་ནས་བཤད་ཀྱི་ཡོད། 

ང་ཚོ་ཚང་མས་བོད་ཀྱི་ཆོས་དང་རིག་གཞུང་ཞེས་བརྗོད་དུས་ཕར་ཕྱོགས་ལ་ལྷ་དང་ཀླུ་ལྟ་བུ་ཞིག་བཟོས་ནས་འཇོག་རྒྱུ་དེ་མ་རེད། བོད་ཀྱི་རིག་གཞུང་ཞེས་པ་ནི་སེམས་ལ་འགྱུར་བ་གཏོང་རྒྱུ་ཞིག་རེད། སེམས་ལ་འགྱུར་བ་གཏོང་རྒྱུ་ཡང་སྨོན་ལམ་རྒྱབ་ནས་མ་ཡིན་པར་རྟེན་འབྲེལ་ལྟོས་གྲུབ་ཀྱི་རྒྱུ་མཚན་ལ་བསམ་བློ་བཏང་བའི་ཐོག་ནས་སེམས་ལ་འགྱུར་བ་གཏོང་རྒྱུ་ཞིག་རེད། དེ་ཕལ་ཆེར་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་པ་ཞིག་རེད། ཆོས་དད་ཡོད་མེད་དང་ཆོས་དད་འདྲ་མིན་ཡོད་པ་ལ་མ་བལྟས་པར་ཆོས་ལུགས་ཚང་མས་བྱམས་བརྩེ་གསུངས་བཞིན་པ་དང་། བྱམས་བརྩེ་སྒྲུབ་པའི་ཐབས་ལམ་དེ་དད་པ་གཅིག་པུ་མ་ཡིན་པར་རྒྱུ་མཚན་ལ་བརྟེན་ནས་དང་། སེམས་ཁམས་རིག་པ་ཡག་པོ་ཤེས་པའི་ཐོག་ནས་རྟེན་འབྱུང་ལྟོས་གྲུབ་ཀྱི་རིག་པ་དེ་ཚད་རྡུལ་དངོས་ཁམས་རིག་པ་རང་སླེབས་ཀྱི་ཡོད་པ་རེད། 

ངོས་རང་བཙན་བྱོལ་བ་ཆགས་ནས་ལོ་ ༥༨ ཕྱིན་པ་རེད། བཙན་བྱོལ་ལ་སླེབས་སྐབས་ལོ་ ༢༤ ཡིན། ད་ལྟ་ལོ་ ༨༢ སླེབས་བསྡད་ཡོད་པ་རེད། ད་ལྟ་ཉམས་མྱོང་ཕྱོགས་བསྡོམས་བྱེད་པའི་སྐབས་སུ་ང་རང་ཚོའི་བོད་མི་རིགས་ཀྱི་མེས་པོ་ཚོས་དཀའ་ལས་བརྒྱབ་ནས་བོད་ཀྱི་རིག་གཞུང་ཟེར་བ་ཞིག་བཙུགས་བཞག་པ་དེ་དངོས་གནས་རིན་ཐང་བྲལ་བ་ཞིག་རེད་འདུག་བསམ་པ་ཞིག་དང་། ངོས་རང་སོ་སོ་ཡིན་ནའང་དེ་ལྟ་བུའི་རིག་གཞུང་ཡོད་པའི་མི་རིགས་ཤིག་གི་ནང་དུ་སྐྱེས་པ་དེ་སྐལ་བ་བཟང་པོ་ཡིན་བསམ་གྱི་ཡོད། ད་དུང་ཚང་མས་ཧུར་ཐག་བྱེད་དགོས་པ་རེད། དེ་ཞུ་འདོད་བྱུང་། 

དེ་རིང་གྲོགས་པོ་རྣམ་པ་ཚོར་མ་གཞི་ཞུས་ཚར་བ་རེད། ང་ཚོས་རྒྱ་ཟེར་བའི་སྐབས་སུ་གྲོགས་པོའི་འདུ་ཤེས་བཞག་ནས་ད་ལྟ་དཀའ་ངལ་ཡོད་པ་དེ་རྒྱ་ལའང་ཕན་གྱི་ཡོད་པ་མ་རེད། བོད་ལའང་ཕན་གྱི་ཡོད་པ་མ་རེད། དེ་སེལ་དགོས་པ་ཞིག་རེད། དེ་སེལ་བ་ལ་དྲག་གནོན་བྱས་ནས་ལོ་དྲུག་ཅུ་ལྷག་ཕྱིན་པ་རེད། དཀའ་ངལ་སེལ་གྱི་མི་འདུག དྲག་གནོན་བྱས་ན་མིའི་སེམས་ལ་དོགས་པ་དང་འཇིགས་སྣང་སླེབས་ཀྱི་རེད། འཇིགས་སྣང་སླེབས་ན་འཆམ་མཐུན་ཡོང་གི་མ་རེད། འཆམ་མཐུན་མེད་ན་དཀའ་ངལ་སེལ་ཐབས་མེད། བོད་མི་རིགས་རྩ་མེད་ཟེར་བ་ཧ་ཅང་ཁག་པོ་རེད། བོད་མི་རིགས་བསྡད་ཀྱི་རེད། བསྡད་པའི་སྐབས་སུ་འཆམ་མཐུན་བྱུང་ན་བརྟན་བརླིང་ཡོང་གི་རེད། བརྟན་བརླིང་བྱུང་ན་རྒྱ་བོད་གཉིས་ཀར་ཕན་གྱི་ཡོད་པ་རེད། དེར་བརྟེན་དེ་རིང་ང་ཚོ་འདིར་འཚོགས་ནས་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་ལྟ་བུ་རྩ་བ་ཉིད་ནས་མ་རེད། རྒྱ་མིས་གསར་འགྱུར་བཤད་སྲིད་པ་རེད། ཨ་རིའི་ལོག་སྤྱོད་པ་ཚོ་ཏཱ་ལའི་ལོག་སྤྱོད་པ་མཉམ་དུ་ལག་པ་སྦྲེལ་གྱི་འདུག་ཅེས་བཤད་སྲིད་པ་རེད། དོན་དག་དངོས་དེ་མ་རེད། ང་ཚོའི་ངོས་ནས་རྒྱ་མི་རིགས་ལ་གྲོགས་པོའི་འདུ་ཤེས་བཞག ལོ་རྒྱུས་ཀྱི་ཐོག་ནས་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ལ་བསམ་བློ་བཏང་ནས། གཉིས་ཕན་ལ་བསམ་བློ་གཏོང་བཞིན་ཡོད་པ་རེད་མ་གཏོགས་དགྲ་དང་གཉེན་གྱི་སྐད་ཆ་རྩ་བ་ཉིད་ནས་མ་རེད། 

གསུང་བཤད་གནང་མཁན་ཚང་མས་སེམས་འགུལ་ཐེབས་པའི་གསུང་བཤད་བྱུང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ང་ཚོས་མང་གཙོའི་ལམ་ནས་འོས་བསྡུ་བྱས་ཏེ་ཡར་སླེབས་པའི་སྲིད་སྐྱོང་གིས་གསུང་བཤད་ཧ་ཅང་ཡག་པོ་གནང་སོང་། ཐུགས་རྗེ་ཆེ། ང་ཚོའི་བོད་སྐད་ནང་ལ་སྲིད་སྐྱོང་ཞེས་པ་ཏག་ཏག་འགྲོ་བཞིན་ཡོད་པ་རེད། དབྱིན་ཇིའི་ཚིག་གི་ཐོག་ཏུ་ political leader དང་། མང་པོ་ཞིག་གིས་ Prime Minister  ཞེས་བཤད་ཀྱི་འདུག དེ་ཆབ་སྲིད་ཀྱི་གནས་ཚུལ་ཞིག་ཆགས་ཀྱི་འདུག དེ་ལས་ President ཞེས་བརྗོད་ཚེ་སློབ་གྲྭའི་གཙོ་འཛིན་ལ་གོ་བ་ཡོད་པ་རེད། གང་ལྟར་སྐྱིད་སྡུག་ཚོགས་པ་འདྲ་མིན་ལ་ President ཟེར་བ་གོ་རྒྱུ་འདུག ལོ་ཤས་ནས་ང་ཚོར་དེ་ལྟར་བསམ་བློ་དང་སྐད་ཆ་བྱུང་བ་རེད། བར་སྐབས་དབྱིན་ཇིའི་ཚིག་ལ་political leader ཅེས་ཚིག་མང་པོ་འགྲེལ་བཤད་རྒྱག་མ་དགོས་པར་President ཞེས་བརྗོད་ཚེ་ང་ཚོར་སྒྲིག་འཛུགས་ཤིག་ཡོད་པ་རེད། སྒྲིག་འཛུགས་དེའི་President བརྗོད་ཚེ་མ་འགྲིག་པ་མི་འདུག ང་ཚོར་དེ་ལྟར་སྐད་ཆ་བྱུང་བ་རེད། དེ་བཞིན་ང་ཚོའི་གྲོས་ཚོགས་ཀྱི་ཚོགས་གཙོས་དབྱིན་ཇིའི་གསུང་སྐད་ཐོག་ལ་གསུང་བཤད་གནང་སྟེ་གོང་དུའང་བཀྲ་ཤིས་བདེ་ལེགས་ཡོད་ཅེས་བཤད་པ་ཡིན། ཧ་ཅང་དགའ་བོ་བྱུང་། ཐུགས་རྗེ་ཆེ།  ཞེས་སོགས་བཀའ་སློབ་སྩལ་རྗེས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པར་མཇལ་དར་ཕུལ།  དེ་རྗེས་དྲིལ་བསྒྲགས་དྲུང་ཆེ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་མགྲོན་རྣམས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གནས་མཇལ་ལ་ཆིབས་སྒྱུར་བསྐྱངས་པ་དང་།  ༸གོང་ས་མཆོག་གིས་གྲོས་ཚོགས་འཐུས་མི་རྣམས་ལ་རྒྱལ་བའི་བཀའ་བསྟན་དང་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན། འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་བརྙན་སོགས་རྟེན་གཙོ་ཁག་ངོ་སྤྲོད་མཛད་རྗེས་ལྷན་རྒྱས་ཕོ་བྲང་དུ་ཕེབས་ཏེ་གསོལ་ཇ་བཞེས་ཏོག་འདེགས་འབུལ་ཞུས་ཡོད་པ་རེད།

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་བྱས་པའི་ཕེབས་བསུའི་མཛད་སྒོ་འདིར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ།   ལྷན་ཁང་ཁག་གི་དྲུང་ཆེ་ཆུང་གིས་གཙོས་སྲི་ཞུའི་ལས་བྱེད་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་དང་སེར་སྐྱ་མི་མང་། སློབ་ཕྲུག་སོགས་མཉམ་ཞུགས་གནང་ཡོད་པ་བཅས།། །

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མང་ཚོགས་ལ་མཇལ་ཁ།
      • ཟུར་མཇལ།
      • གསར་འགོད་པའི་བཅར་འདྲི།
      • གདན་ཞུ།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང་།