༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

རྟ་དབང་དུ་ཆོས་འབྲེལ་དབུ་འཛུགས་མཛད་པ། ༢༠༡༧ ཟླ་བ་ ༤ ཚེས་ ༨

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༨ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྟ་དབང་དུ་རྟེན་གཞི་བྱས་པའི་ཡིད་དགའ་ཆོས་འཛིན་གསུང་ཆོས་རྭ་བའི་ནང་དུ་དད་ལྡན་ཆོས་ཞུ་བ་ ༥༠༠༠༠ བརྒལ་བར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད་པ་དང་། དེ་ཡང་ཐོག་མར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་བསྟུན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

མོན་གྱི་མི་མང་གི་དགའ་དད་རྣམས་མཐོང་དུས་སེམས་འགུལ་ཆེན་པོ་ཐེབས་བྱུང་། དེ་སྔ་ངོས་རང་ལྔ་བཅུ་ང་དགུར་བྲོས་བྱོལ་ཡོང་སྐབས་ཀྱི་གནས་ཚུལ་རྣམས་ལ་ཡང་དྲན་གསོ་བྱུང་། འགྲོ་བ་མིའི་བདེ་བ་ནི་བརྩེ་སེམས་ཀྱིས་བསྒྲུབ་དགོས་ཤིང་། ཇི་ཙམ་གཞན་ལ་བྱམས་པ་དང་བརྩེ་བ་ཆེ་བ་དེའི་ཚོད་ཀྱིས་རང་ཉིད་ཚིམས་པ་ཡོང་ངེས་ཡིན། མི་ཞིག་ཁོང་ཁྲོས་སེམས་འཁྲུགས་ནས་ཡོད་ན་དེའི་ཉེ་འཁོར་བ་རྣམས་ལ་ཡང་མ་སྐྱིད་པ་ཡོང་གི་ཡོད། དུས་རབས་ཉེར་གཅིག་པ་འདི་ཞི་བདེའི་དུས་རབས་ཤིག་ཏུ་འགྱུར་བ་ལ་བྱམས་སྙིང་རྗེའི་ཉམས་ལེན་ཁྱབ་སྤེལ་ཆེན་པོ་འབྱུང་ན་དེ་ལྟར་ཡོང་ངེས་ཡིན། ཞེས་དང་།

དེ་སྔ་བོད་དུ་ལྔ་བཅུ་ང་དགུའི་སྐབས་གནས་ཚུལ་ཛ་དྲག་ཆགས་དུས་ངོས་ནས་ཐབས་ཤེས་གང་ཡོད་བྱས་ཀྱང་མཐར་གྲུབ་འབྲས་མ་བྱུང་བ་རེད། ༡༩༥༦ ཙམ་ནས་རྒྱ་དམར་གྱིས་མདོ་སྟོད་སྨད་ཁུལ་དུ་གཉའ་གནོན་མང་དག་བྱས་ཡོད་ལ། དྲག་གནོན་ལ་གདོང་ལེན་བྱེད་རྒྱུའི་ཐབས་ལམ་ཡང་ཟད་དེ་བྲོས་ཡོང་སྐབས་ས་མཚམས་སུ་འབྱོར་བ་ནས་བཟུང་སྲིད་བློན་ནེ་རུས་ངོས་ལ་ཕྱག་རོགས་ཅི་ནུས་གནང་ཡོད། ཁོང་སྔར་པེ་ཅིང་དང་ཕྱིས་ ༡༩༥༦ ལོར་རྒྱ་གར་དུ་མཇལ་མྱོང་ཡོད་ལ། བོད་དང་འབྲེལ་བའི་སྐོར་ཡང་ཞིབ་མོལ་ཞུས་མྱོང་ཡོད། ༡༩༥༩ ལོར་བྲོས་བྱོལ་ལ་ཐོན་རྗེས་ས་མཚམས་བརྒལ་བ་ནས་བཟུང་ཉེན་ཁ་ལས་ཐར་པས་ངལ་གསོ་ཆེན་པོ་ཚོར་བྱུང་། དེ་དུས་འདི་གའི་ས་གནས་མི་མང་ནས་ངོས་ལ་དགའ་དད་ཀྱི་རྣམ་པ་དང་། བོད་མི་རྣམས་ལ་གྲོགས་ཅི་ཐུབ་གནང་ཡོད། ཅེས་དང་། མངའ་སྡེ་བློན་ཆེན་མཆོག་གིས་ངོས་ལ་དུས་འཁོར་དབང་ཆེན་ཞིག་བྱེད་རོགས་ཅེས་རེ་བསྐུལ་གནང་བྱུང་། ད་ལྟ་འདི་ཡིན་ཞེས་ཞུ་མི་ཐུབ་ཀྱང་སེམས་ལ་འཇོག་རྒྱུ་ཡིན། གཙོ་བོ་ནི་ཆོས་ཕྱོགས་ཀྱི་གོམས་པ་གོང་འཕེལ་གཏོང་རྒྱུ་དེ་ཡིན།  ཞེས་དང་།

ཡང་། གཉན་མགོན་སྤྲུལ་སྐུ་གསུང་རབ་ཅེས་པས་སངས་རྒྱས་ཀྱི་ཆོས་འཁོར་ལ་བསྟན་པ་སྤྱི་བཙན་དང་། གང་ཟག་སྒོས་བཙན་ཞེས་པའི་དབྱེ་སྒོའི་ཐ་སྙད་གསུངས་ཀྱི་ཡོད། བདེན་པ་བཞི་དང་བྱང་ཕྱོགས་སོ་བདུན་གྱི་རྣམ་གཞག་རྣམས་ལེགས་སྦྱར་དང་པ་ལིའི་ཐོག་ཡོད་པའི་ཐེག་པ་ཐུང་མོང་གི་ཆོས་འཁོར་ནང་བསྡུ་བ་ཡིན་ལ། དེ་དག་ནི་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ནས་གསུངས་པ་ཡིན། སྟོན་པས་དགེ་སློང་གི་ཆ་བྱད་དམ། ཡང་ན་རྒྱུད་སྡེའི་ལྷ་སྐུར་བཞེངས་ཏེ་གསུངས་པའི་གསང་སྔགས་ཀྱི་ཆོས་འཁོར་རྣམས་གང་ཟག་སྒོས་བཙན་གྱི་དབང་དུ་བྱས་ནས་གསུངས་པ་ཡིན། བོད་དུ་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་པའི་ཆོས་འཁོར་རྣམས་དར་རྒྱས་ཆེན་པོ་ཕྱིན་ཡོད། ས་སྐྱའི་ནང་གཞུང་ཆེན་བཅོ་བརྒྱད་དང་རྙིང་མ་པར་གཞུ་ཆེན་བཅོ་གསུམ་སོགས་ཡོད་ཀྱང་། མང་དག་གསང་སྔགས་ལ་བྲེལ་ཚབས་བྱས་ནས་འཇུག་ཁུལ་བྱེད་ཀྱི་ཡོད། གང་ལྟར་སེམས་རྒྱུད་མ་སྦྱངས་པར་གཟུང་སྔགས་སོགས་ཇི་ཙམ་བགྲངས་ཀྱང་ནུས་པ་ཐོན་ཡ་ཁག་པོ་ཡིན། འོན་ཀྱང་བྱམས་སྙིང་རྗེའི་བསམ་པ་སྦྱོང་རྒྱུ་དང་རྟེན་འབྲེལ་གྱི་སྒོ་ནས་སྟོང་པ་ཉིད་ལ་བློ་སྦྱངས་ན་ལོ་ཤས་རྗེས་འགྱུར་བ་ཆེན་པོ་དངོས་སུ་མྱོང་རྒྱུ་ཡོད། ངོས་རང་ཡང་རྒྱུན་དུ་ལྷའི་རྣལ་འབྱོར་འདོན་གྱི་ཡོད་ཀྱང་། དངོས་སུ་ནི་བྱམས་སྙིང་རྗེའི་བློ་སྦྱོང་དང་། རྟེན་འབྲེལ་ལས་བརྩམས་པའི་སྟོང་པ་ཉིད་ཀྱི་ལྟ་བ་དེས་ཕན་ཐོག་ཤོས་ཡོད་པ་ཉམས་མྱོང་ཡིན། ཞེས་དང་། 

དེ་ནས་གསང་ཆེན་རྙིང་མའི་ཆོས་སྐོར་ལ་ཐེེག་པ་རིམ་པ་དགུར་ཕྱེ་བ་སོགས་ལས་བརྩམས་ཏེ་འགྲེལ་བརྗོད་སྙིང་བསྡུས་མཛད་རྗེས།  སྒོམ་རིམ་བར་པ་ནི་སྔར་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱིས་བསྐུལ་ངོར་མཛད་པ་ཡིན་ཅིང་། ལག་ལེན་སོ་བདུན་ནི་བོད་ཀྱི་བླ་མ་བྱང་ཆུབ་སེམས་དཔར་གྲགས་པ་དངུལ་ཆུ་ཐོགས་མེད་བཟང་པོས་མཛད་པ་ཡིན། ཁོང་གི་མཚན་ལ་ཡང་རྒྱལ་སྲས་ཐོགས་མེད་བཟང་པོ་ཞེས་བྱང་ཆུབ་སེམས་དཔའི་མཚན་གསོལ་ནས་ཡོད། གཞུང་འདི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་གྱི་སྐོར་དོན་སྒྲིལ་ཏེ་སྟོན་གྱི་ཡོད། ཅེས་དང་། ཆོས་ཉན་བཤད་བྱེད་སྐབས་ཚང་མས་ཀུན་སློང་བཅོས་ཚུལ་ཇི་ལྟར་དགོས་མིན་གྱི་སྐོར་ལས་དྲངས་ཏེ་གསུངས་དོན། 

སྔར་སྤྲུལ་སྐུ་ཚུལ་བློའངམ་ཚུལ་ཁྲིམས་བློ་གྲོས་ཀྱིས། སེམས་ཅན་ལ་བཞོན་ཏེ་འགྲུལ་བསྐྱོད་མི་བྱེད་པ་དང་། དཀར་སྐྱོང་གཙང་མ་བྱེད་རྒྱུ། ཆོས་བཤད་སྐབས་འབུལ་བ་ལེན་རྒྱུ་མིན་པའི་དམ་བཅའ་གསུམ་མཛད་འདུག་པ་ལྟར་ངོས་ནས་དེར་ཡི་རངས་བྱེད་ཀྱི་ཡོད། རྒྱལ་བ་རྒོད་ཚང་པས་ཀྱང་ལྟོ་གོས་ཀྱི་ཕྱིར་ཆོས་བཤད་བྱེད་མི་རུང་བར་གསུངས་ཡོད། དེ་དག་ནི་ཤིན་ཏུ་ངོ་མཚར་ཞིང་རྗེས་སུ་སློབ་དགོས་པ་ཡིན། ཞེས་དང་།

མདོ་དོན་སྙིང་པོ་ནི་བཞི་བརྒྱ་པའི་ནང་། བསོད་ནམས་མིན་པ་དང་པོ་བཟློག བར་དུ་བདག་ནི་བཟློག་པར་བགྱི། ཐ་མར་ལྟ་ཞེན་ཀུན་བཟློག་པ། ཞེས་གསུངས་པ་ལྟར་ཉོན་མོངས་ཀྱི་ཉེས་དམིགས་ཤེས་པའི་སྒོ་ནས་ཐར་པ་དོན་གཉེར་གྱི་འདུན་པ་བསྐྱེད་དགོས་ལ། དེ་ཙམ་གྱིས་མི་ཆོག་པར་བྱམས་སྙིང་རྗེས་ཀུན་ནས་བསླངས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་རྒྱུད་བརླན་པ་དགོས། ཞེས་བཀའ་སྩལ།

ཡང་། མགོན་པོ་གང་ཉིད་ཀྱི་དམ་བཅའ་གསུམ་ལས་གཉིས་པ་ཆོས་ལུགས་ཀྱི་མཐུན་ལམ་སྤེལ་རྒྱུ་དེ་ཡིན་པའི་སྐོར་ལས་བརྩམས་ཏེ། སྤྱིར་ཆོས་གཅིག་གིས་སེམས་ཅན་ཚང་མར་ཕན་འདོགས་ཁག་པོ་ཡིན། ཇི་ལྟར་ནད་མི་འདྲ་བར་སྨན་མི་འདྲ་བ་དགོས་པ་ལྟར་སེམས་ཅན་གྱི་ཁམས་མཐའ་ཡས་པར་ཆོས་གཅིག་ཁོ་ཕན་འདོགས་པར་དཀའ། ཞེས་བཀའ་གནང་སྟེ་མགོན་པོ་གང་ཉིད་ཀྱི་བཀའ་ཆོས་ཀྱི་བརྒྱུད་པ་ས་སྐྱའི་མཁན་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་གྱི་དྲུང་ནས་གསན་པ་དང་། ཁོང་སྔར་ཁམས་ནས་ཡིན་པའི་བླ་མ་ཞིག་གི་དྲུང་ནས་གསན་པའི་བརྒྱུད་རིམ་རྣམས་ངོ་སྤྲོད་མཛད་དེ་སྒོམ་རིམ་བར་པའི་བཀའ་ཁྲིད་སྐབས་ལྟ་བའི་ཐད་ཐ་སྙད་དུ་མེད་པ་དང་རང་བཞིན་གྱིས་མེད་པའི་ཁྱད་པར་འབྱེད་ལུགས་ལས་བརྩམས་པའི་ཟབ་རྒྱས་ཀྱི་ཆོས་ཁྲིད་མཛད་དེ་མཇུག་རྫོགས་པར་མཛད།

དེ་ནས་ཉིན་རྒྱབ་གསར་བཀོད་པའི་འདུ་འཛོམས་སར་མགོན་པོ་གང་ཉིད་ཀྱི་རྩ་བའི་དམ་བཅའ་འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུའི་སྐོར་གྱིས་གླེང་བསུས་ཏེ། དེང་གི་ཚན་རིག་པའི་བྱམས་པ་དང་བརྩེ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཁོང་ཁྲོ་སོགས་དེ་ལྟར་མིན་པས་བཟང་ཕྱོགས་ནས་རེ་བ་བྱེད་ཆོག་ཅེས་བཀའ་ཕེབས། གཞན་ཡང་གསར་བཀོད་པ་ཞིག་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་གང་དུ་འཁྲུངས་མིན་སྐོར་དྲིས་པར། དེ་ནི་སུས་ཀྱང་བརྗོད་མི་ཐུབ། ངོས་ནས་འགྲོ་བ་སེམས་ཅན་ལ་ཕན་པ་ཁོ་ནའི་སྨོན་ལམ་བྱེད་བཞིན་ཡོད་ཀྱང་། སྐབས་རེར་ངོས་རང་སྐུ་མདུན་སྐུ་གོང་མའི་ཡང་སྲིང་ངོ་མ་ཡིན་ནམ་སྙམ་པ་ཡང་ཡོང་གི་འདུག ཅེས་དང་། 

ཡང་གཞན་ཞིག་གིས་རྒྱ་ནག་གི་༸རྒྱལ་བའི་མ་འོངས་པའི་ཡང་སྲིད་སྐོར་ཐད་བྱུས་བྱེད་རྒྱུའི་ཐོབ་ཐང་ཡོད་པ་བརྗོད་ཀྱིས་ཡོད་སྐོར་དྲིས་པར་གསུངས་དོན། དེ་ནི་གོ་རྒྱུ་མེད་པའི་སྐད་ཆ་ཞིག་ཡིན། སྔར་རྒྱ་ནག་གི་གོང་མས་༸རྒྱལ་བའི་ཡང་སྲིད་སྐོར་ཐུགས་སྣང་གནང་དོན་ཡང་བླ་སློབ་ཀྱི་འབྲེལ་བ་ཡོད་པའི་ཆ་ནས་ཡིན། ད་ལྟའི་རྒྱ་ནག་གི་ཆབ་སྲིད་དབང་འཛིན་པ་ཚོས་ངོས་ཀྱི་ཡང་སྲིད་སྐོར་ཐད་བྱུས་བྱེད་པའི་སྔོན་དུ་སྤྱིར་སྐྱེ་བ་སྔ་ཕྱི་ཁས་ལེན་དགོས། དེ་ནས་མའོ་ཙེ་ཏུང་དང་། ཏིང་ཞའོ་ཕིང་གི་ཡང་སྲིད་ངོས་འཛིན་བྱེད་དང་། ཞེས་སྐུ་རྩེའི་རྣམ་པས་གསུང་ལན་སྩལ། 

ཡང་མོན་གྱི་ཡུལ་དུ་མ་འོངས་པའི་ཡང་སྲིད་འཁྲུངས་ན་དགའ་བསུ་ཞུ་རྒྱུ་ཡིན་སྐོར་ཞུས་པར། དེ་ལྟར་འདོད་མཁན་མོན་པ་ཙམ་མིན་པར་ལ་དྭགས་པ་དང་། གཞན་ཡུ་རོབ་སོགས་སུའང་ཡོད། འོན་ཀྱང་ངོས་ནས་དེ་སྔ་ཆིག་སྟོང་དགུ་བརྒྱ་རེ་དགུའི་སུམ་བཅུའི་དུས་དྲན་གྱི་གསུང་བཤད་སྐབས་གསལ་པོ་བཟོས་པ་བཞིན་དེ་ནི་གཙོ་བོ་བོད་གཞིས་བཞུགས་རྒྱ་ཆེའི་མི་མང་ལ་རག་ལས་ཡོད། དེ་བཞིན་བོད་མི་སྐྱབས་བཅོལ་བ་དང་ཧི་མ་ལ་ཡའི་མི་རིགས་དང་། སོག་པོ་སོགས་ཀྱི་འདོད་པ་ལ་ཡང་རག་ལས་ཡོད་ཅེས་དང་། དུས་ཚོད་རན་པའི་སྐབས་ཤིག་ལ་དེའི་སྐོར་བོད་ཀྱི་བླ་ཆེན་གཞན་རྣམས་ཀྱི་ལྷན་དུ་ཡང་གྲོས་མོལ་ཞུ་འཆར་ཡོད་ཅེས་བཀའ་ལན་གནང་།

ཡང་འགའ་རེས་མ་འོངས་པའི་ཏཱ་ལའི་བླ་མ་བུད་མེད་ཀྱི་རྟེན་ལ་འཁྲུངས་སྲིད་དམ་ཞུས་པར། དེ་ལྟར་ཡང་མི་སྲིད་པ་མིན། བོད་ལ་སྐྱེས་ཆེན་དམ་པ་བུད་མེད་ཀྱི་རྟེན་ལ་སྐྱེ་བ་བཞེས་རྒྱུའི་སྲོལ་རྒྱུན་སྔར་ནས་ཡོད་ཅེས་འགྲེལ་བརྗོད་མཛད་ཅིང་། དེ་ནས་མགོན་པོ་གང་ཉིད་ཀྱི་སྤྱན་ཤེལ་ཕུད་དེ་ངོས་ཀྱི་གདོང་ལ་ལྟོས་དང་། ད་ལྟ་ངའི་ཡང་སྲིད་ཀྱི་བྲེལ་ཚབས་འདུག་གམ་ཞེས་གསུངས།

ཡང་མགོན་པོ་གང་ཉིད་དེ་ལྟར་སྐུ་གཟུགས་ཀྱི་གནས་བབ་ཧ་ཅང་ལེགས་པོ་ཡོད་པའི་གསང་བ་གང་ལགས་ཞུས་པར། དེ་ནི་ཆེས་གསང་བ་ཡིན་ཞེས་སྐུ་རྩེའི་རྣམ་པ་མཛད་དེ། གཙོ་བོ་སེམས་ཀྱི་ཞི་བདེ་ལ་རག་ལུས་ཡོད། དེ་དང་གཉིད་ཀྱང་ལྡང་ངེས་ཉལ་གྱི་ཡོད་ཅིང་། རྒྱུན་ལྡན་ཞོག་པར་ཚོུད་གསུམ་པ་ཙམ་ལ་ལངས་ཏེ་ཉིན་རེར་ཚོུད་བཞི་ལྔ་ཙམ་གྱི་རིང་སྒོམ་སྒྲུབ་བྱེད་ཀྱི་ཡོད། གཙོ་བོ་ནི་དཔྱད་སྒོམ་བྱེད་བཞིན་ཡོད། ཅེས་བཀའ་སྩལ་ནས་དེ་ཉིན་གྱི་མཛད་ཆར་རྣམས་ལེགས་གྲུབ་མཛད་དོ། ། 

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།