༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་མཛད་སྒོར་ཆིབས་བསྒྱུར་བསྐྱངས་པ། ༢༠༡༧ ཟླ་བ་ ༣ ཚེས་ ༩

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལའི་ཉེ་ཁུལ་གྱི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཆིབས་བསྒྱུར་གྱིས་བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད་མི་ཐོག་རྗེས་མས་རྒྱུན་འཛིན་གནང་དགོས་པའི་སྐོར་ལ་བཀའ་སློབ་སྩལ་ཡོད་པ་རེད།

དེ་ཡང་ཞོགས་པ་ཆུ་ཚོད་བརྒྱད་པ་ཙམ་ལ་ནོར་གླིང་དུ་ཆིབས་བསྒྱུར་གནང་བ་དང་སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། ཁྲིམས་ཞིབ་པ་རྣམ་པ། སྤྱི་འཐུས་ཚོགས་གཞོན་གཙོས་སྤྱི་འཐུས་རྣམ་པ་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངེས་སྟོན་པ་དང་འགན་འཛིན། ལས་བྱེད། མི་མང་བཅས་ཀྱིས་ཕེབས་བསུ་དང་བཅས་ནོར་གླིང་བདེ་ལྡན་གཙུག་ལག་ཁང་གི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་དགེ་འདུན་པ་རྣམས་ཀྱིས་ཤིས་བརྗོད་དང་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་གསུང་འདོན་གནང་བ་དང་འབྲེལ་གསོལ་ཇ་བཞེས་འབྲས་འདེགས་འབུལ་ཞུས་པ་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངེས་སྟོན་པ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་ལགས་ཀྱིས་༸གོང་ས་མཆོག་ལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་ནོར་གླིང་སྤྱི་ཁྱབ་འགན་འཛིན་ལས་ཟུར་དང་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ནོར་གླིང་མཐོ་སློབ་ཀྱི་དགེ་རྒན་བཅས་ཀྱིས་མཇལ་ཁ་ཞུས་རྗེས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་དཔར་བསྐྲུན་ཞུས་པའི་གངས་ཅན་ཤེས་རིག་བང་མཛོད་དེབ་ཕྲེང་བཅུ་གཅིག་ཅན་དབུ་འབྱེད་གནང་། དེ་རྗེས་ནོར་གླིང་སྤྱི་ཁྱབ་འགན་འཛིན་བདེ་ཆེན་རྣམ་རྒྱལ་ལགས་ཀྱིས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་རྩ་གཅིག་ཧྲིལ་པོར་འཁོར་བའི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་རྗེས།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཀེམ་ཡེ་ཤེས། བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་མཆོག་བཅས་ལ་ཐུགས་རྗེ་ལེགས་འབུལ་གྱི་གཟེངས་རྟགས་ཕྱག་བསྟར་བཀའ་དྲིན་བསྐྱངས་པ་དང་། དེ་བཞིན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་སྲིད་སྐྱོང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་བཅས་ཀྱིས་ལོ་ངོ་ཉི་ཤུ་དང་བཅུའི་རིང་ནོར་གླིང་དུ་ཕྱག་ལས་གནང་བའི་ལས་བྱེད་རྣམས་ལ་གཟེངས་རྟགས་ཕྱག་བསྟར་བསྐྱངས་རྗེས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་ཀྱིས་ནོར་གླིང་མཐོ་སློབ་ཀྱི་སྐབས་དྲུག་པའི་བསླབ་པ་མཐར་སོན་པའི་སློབ་ཕྲུག་རྣམས་ལ་ཕྱག་འཁྱེར་གནང་། དེ་ནས་ནོར་གླིང་ངེས་སྟོན་པ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་ལགས་ཀྱིས་གསུང་བཤད་དང་འབྲེལ་༧རྒྱལ་བའི་འཁྲུངས་རབས་ཞལ་ཐང་གྲངས་ཉེར་ལྔ་ཅན་༧གོང་ས་མཆོག་ལ་འབུལ་རྒྱུའི་གསོལ་འདེབས་༸སྙན་སེང་ཞུས་པ་དང་། འཁྲུངས་རབས་ཞལ་ཐང་ཕྱག་དེབ་འགྲེམས་སྤེལ་ཞུས།  

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བླང་དོར་བཀའ་སློབ་སྩལ་དོན། དེ་རིང་འདིར་རིག་གཞུང་མི་ཉམས་གོང་འཕེལ་གྱི་ལས་འགུལ་མང་པོ་སྒྲུབ་བཞིན་པའི་རྟེན་གཞིའམ་ཚོགས་པ་འདི་ལོ་ངོ་ཉི་ཤུ་རྩ་གཅིག་འཁོར་བའི་དུས་དྲན་རེད། ལོ་ཡུན་འདིའི་རིང་སྐལ་བཟང་ཡེ་ཤེས་ལགས་བཟའ་ཚོ་གཉིས་ཀྱི་ན་རྒས་ནས་འགྲོ་བཞིན་ཡོད་པ་དང་། ལུས་པོ་ཡང་གཅུང་ཅན་ཆགས་ནས་ཡོང་གི་ཡོད་པ་རེད། ཡིན་ནའང་། ཧུར་ཐག་འབད་ཐག་བྱས་སོང་། དེ་སྔ་གངས་ཅན་སྐྱིད་གཞོངས་ཀྱི་སྒྲིག་འཛུགས་ནང་དུའང་ལས་ཀ་ལོ་མང་པོར་བྱས་པ་རེད། ཧུར་ཐག་འབད་ཐག་བྱས་སོང་། གཤམ་འོག་གི་ལས་རིགས་སྡེ་ཚན་སོ་སོའི་འགན་འཁུར་མཁན་རྣམས་ཀྱིས་ཀྱང་ཧུར་ཐབ་འབད་ཐག་བྱས་པ་རེད། དེ་བཞིན་འདིའི་ནང་སློབ་སྦྱོང་བྱེད་མཁན་རྣམས་ཀྱིས་ཀྱང་སེམས་ཤུགས་བསྐྱེད་དེ་ཧུར་ཐག་འབད་ཐག་བྱས་པ་ཡིན་པས་འགོ་ལས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་ཟེར་རྒྱུ་ཡིན། 

ང་ཚོ་བོད་མི་བཙན་བྱོལ་བ་ཆགས་ནས་བཙན་བྱོལ་བ་འདྲ་འདྲའི་ནང་ནས་ཕལ་ཆེར་མ་འདྲ་བ་ཞིག སོ་སོའི་མི་རིགས་ཀྱི་རིག་གཞུང་དང་གོམས་གཤིས་རྒྱུན་འཛིན་བྱས་པ་ཙམ་དུ་མ་ཟད་འཛམ་གླིང་སྤྱི་ལ་གང་ལ་གང་འཚམ་གྱིས་ཕན་ཐོགས་བྱེད་པའི་ལེགས་སྐྱེས་ཕུལ་ཡོད་པ་རེད། དེའི་ནང་སྒྲིག་འཛུགས་འདིས་བྱས་རྗེས་ངེས་ཅན་བཞག་ཡོད་པ་རེད། དེ་ལ་རྗེས་སུ་ཡི་རངས་བྱེད་རྒྱུ་ཡིན། དེ་ལྟ་བུའི་བྱས་རྗེས་འཇོག་མཁན་གྲས་ཀྱི་མང་པོ་ཞིག་མིང་ཙམ་ལྷག་པ་མ་གཏོགས་འདས་གྲོངས་སུ་ཕྱིན་པ་རེད། ངོས་ཀྱིས་རྟག་པར་དྲན་ཡོང་གི་འདུག པད་རྡོར་ལགས་ཟེར་བ་མ་རེད་དམ། ཁོང་དང་དེ་བཞིན་ལྷ་བྲིས་པའི་འགོ་ཁྲིད་ཁོ་ཚོ་མང་པོ་ཞིག་མིང་ཙམ་མ་གཏོགས་འདས་གྲོངས་ཕྱིན་པ་རེད། དེ་དག་གིས་ལོ་མང་དཀའ་ལས་བརྒྱབ་ནས་བྱས་རྗེས་བཞག་པ་དེ་ང་ཚོས་དྲན་གསོ་བྱེད་དགོས་པ་རེད། སྨོན་ལམ་བརྒྱག་དགོས། 

དེ་རིང་འདིར་ང་ཚོས་མཛད་སྒོ་བྱས་ཏེ་བཀྲ་ཤིས་པའི་དུས་ཤིག་འཁེལ་གྱི་ཡོད། ཡིན་ནའང་། ཕྱོགས་གཅིག་ནས་བསམ་བློ་བཏང་ན་ང་ཚོར་མི་རྟག་པ་སྟོན་མཁན་ཞིག་རེད་འདུག འདུས་བྱས་ཐམས་ཅད་མི་རྟག་པ། ཞེས་གསུངས་པ་བཞིན། ངོས་རང་ཐེ་བའི་འདིར་ཡོད་པའི་མི་མང་པོ་ཞིག་ལོ་ནས་ལོ་རེར་རྒས་བཞིན་པ་དང་མང་པོ་ཞིག་དྲན་པའི་ཡུལ་ལ་མ་གཏོགས་མེད་པ་རེད། སྤོ་ལགས་འདི་མགོ་ནི་མགོ་དམར་དང་རྒྱབ་ལོགས་སུ་སྐྲ་ཅུང་ཙམ་ཡོད་པ། ཏོག་ཙམ་ཡོད་པ་དེའང་ཙི་ཙིའི་རྔ་མ་ལྟ་བུ་ཆགས་ནས་འདུག (བཞད་མོ།) དང་པོ་འདིར་ཡོང་དུས་འདི་ལྟ་བུ་ཡོད་པ་མ་རེད། གང་ལྟར་འདི་ནི་མི་རྟག་པའི་རང་བཞིན་རེད། ཡིན་ནའང་། མི་རྟག་པར་རིམ་པ་མི་འདྲ་བ་ཡོང་གི་རེད། མི་སྒེར་སོ་སོར་བསམ་པ་ཡིན་ན་ཉིན་རེར་ཟླ་རེར་ལོ་རེར་རྒས་བཞིན་ཡོད་པ་རེད། མི་རིགས་ཤིག་གི་སྐད་ཆ་བཤད་པའི་སྐབས་སུ་ལོ་བརྒྱ་ཕྲག་མང་པོར་སྡོད་པ་ཞིག་རེད། རིག་གཞུང་གཅེས་སྐྱོང་བྱེད་རྒྱུ་དེ་ནི་བོད་མི་རིགས་ཀྱི་རིག་གཞུང་ཞིག་ཡིན་པ་དང་། བོད་མི་རིགས་ཀྱི་རིག་གཞུང་དེ་ལོ་སྟོང་ཕྲག་ལྷག་དང་གཅིག་བྱས་ན་ལོ་ཉིས་སྟོང་ལྷག་གི་རིང་ཡོང་བ་རེད། ཐོག་མ་ནང་ཆོས་མ་དར་གོང་གི་རིག་གནས་ཤིག་ང་ཚོར་ཡོད་པ་རེད། ཞང་ཞུང་བོན་གྱི་རིག་གཞུང་ཀྱང་ཡོད་པ་རེད། དེ་དུས་ནས་གསོ་བ་རིག་པ་ཞིག་ཕལ་ཆེར་ཡོད་འདུག དེས་མཚོན་པའི་ང་ཚོའི་བོད་ཀྱི་རིག་གཞུང་དེ་ལོ་སྟོང་ཕྲག་ཕྱིན་པའི་རིག་གཞུང་ཞིག་ཏན་ཏན་ཆགས་ཡོད་པ་རེད། མི་རབས་མང་པོ་ཞིག་གིས་རིག་གནས་གསར་པ་གསར་པ་ཡར་རྒྱས་བཏང་། ལྷག་པར་དུ་རྒྱ་གར་ནས་ཐད་གར་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་ནས་སངས་རྒྱས་པའི་ཆོས་གདན་དྲངས་པ་དང་། སངས་རྒྱས་པའི་ཆོས་ཟེར་བ་དེ་སྨོན་ལམ་བརྒྱབ་བསྡད་པ་གཅིག་པུའི་སྐད་ཆ་མ་ཡིན་པར་ལྟ་གྲུབ་དང་འབྲེལ་བ་ཞིག་ཆགས་ཡོད།  དེར་བརྟེན་མཁན་ཆེན་ཞི་བ་འཚོ་ཁོང་ནི་དབུ་མའི་གྲུབ་མཐའ་སྨྲ་བ་དང་། ཁོང་ཇི་ལྟ་བུ་ཞིག་ཡིན་པ་ནི་དབུ་མ་དང་ཚད་ཆེན་ལ་བལྟས་པ་ཡིན་ན་ཤེས་ཀྱི་རེད།  ཁོང་གིས་དངོས་སུ་ཞལ་ཆེམས་གནང་སྟེ་མ་འོངས་པར་དཀའ་ངལ་འཕྲད་ན་ངའི་དགེ་ཕྲུག་ཡག་པོ་ཞིག་ལ་ཀ་མ་ལ་ཤཱི་ལ་ཡོད་ཅེས་གསུངས་ནས་ཀ་མ་ལ་ཤི་ལ་བོད་ལ་ཕེབས་པ་རེད། ཁོང་ལ་དབུ་མ་སྣང་བ་ཡོད་པ་དང་། དེ་ནི་ད་ལྟ་ཡིན་ནའང་གཞུང་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད། དེ་བཞིན་ཚད་ཆེན་གྱི་འགྲེལ་བ་བསྟན་འགྱུར་ནང་ལ་པོ་ཏི་ཆུང་བ་གཉིས་འདུག བོད་རང་གི་ས་གནས་ས་ཐོག་ལ་ཕེབས་ནས་སྒོམ་རིམ་མཛད། མཁས་པ་ཇི་འདྲ་ཡོད་མེད་དང་འདུལ་བ་འཛིན་པ་དང་མཁས་གྲུབ་གཉིས་ལྡན་ཇི་ལྟ་བུ་ཡིན་མིན་དེ་དག་ལས་ཤེས་ཐུབ། 

ཆབ་སྲིད་ཀྱི་ཐོག་ལ་ང་ཚོར་ཁུངས་ཆེན་པོ་ཡོད་པ་མ་རེད། ཆེ་ས་མ་མཐོང་བར་ཆུང་ས་ལ་མགོ་འཁོར་ནས་བསྡད་པ་རེད། ལུང་ཆུང་རེ་ལ་དཔོན་ཆུང་རེ། ལུང་ཆུང་རེ་ལ་བླ་མ་རེ་བྱས་ཏེ་སོ་སོའི་ཆུང་ཆུང་དེ་ལ་མགོ་འཁོར་ནས་བསྡད་པ་མ་གཏོགས་སྔར་ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས་ཀྱི་བོད་སྤྱི་ཇི་ལྟ་བུ་ཞིག་ཡིན་པ་ལ་བསམ་བློ་མེད་པར་ཕྱིན་པ་རེད། ཡིན་ནའང་། མཁན་ཆེན་ཞི་འཚོ་ཡབ་སྲས་ཀྱིས་ཆོས་དང་རིག་གཞུང་བོད་ལ་ལག་སྤྲོད་གནང་བཞག་པ་དེ་ང་ཚོ་བོད་ཀྱི་མེས་པོ་ཚོས་ཧུར་ཐག་འབད་ཐག་གིས་འཛིན་སྐྱོང་བྱས་འདུག མཁན་ཆེན་ཞི་བ་འཚོ་ཁོང་ནི་ནཱ་ལེནྡྲའི་མཁས་པ་དང་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱི་རྗེས་འབྲངས་ཆགས་ཡོད་པ་རེད།  དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་སྔ་རྒྱན་དྲུག་མཆོག་གཉིས་བཤད་བཞིན་པ་དང་། བར་སྐབས་ནས་ངོས་ཀྱིས་པཎ་གྲུབ་བཅུ་བདུན་བརྗོད་བཞིན་པ་དེ་ལོ་རྒྱུས་ནང་བླ་མ་རྩ་ཆེན་པོ་རེད་ཅེས་ཟེར་བ་ཙམ་མ་རེད། བསྟན་འགྱུར་ནང་གི་བུདྡྷ་པཱ་ལི་ཏ་དང་། དེ་བཞིན་དབུ་མ་འཇུག་པའི་རྩ་འགྲེལ་སོགས་ལ་ང་ཚོས་བལྟ་བཞིན་ཡོད་པ་རེད། དེར་བརྟེན་ནཱ་ལེནྡྲའི་རྒྱན་དྲུག་མཆོག་གཉིས་ཞེས་ནམ་རྒྱུན་བཤད་བཞིན་པའི་སྟེང་མཁས་པའི་དབང་པོ་གཞན་པ་དེ་དག་ཀྱང་བསྣོན་པ་བརྒྱབ་སྟེ་པཎ་གྲུབ་བཅུ་བདུན་བཟོས་པ་ཡིན། 

པཎ་གྲུབ་བཅུ་བདུན་གྱིས་བརྩམས་པའི་ལེགས་བཤད་དེ་དག་ལ་ང་ཚོས་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། སློབ་སྦྱོང་བྱེད་པ་ནི་ཆོ་ག་འདོན་པ་ལྟ་བུ་དང་། རྔ་ཇི་ལྟར་རྡུང་བ་དང་སྦུབ་ཇི་ལྟར་དཀྲོལ་དགོས་པ་ལྟ་བུའི་སྐད་ཆ་མ་རེད། སེམས་ཇི་ལྟར་འདུལ་རྩུབ་བྱེད་དགོས་ཀྱི་ཡོད་པ་དེ་དག་སྨོན་ལམ་བརྒྱབ་ནས་འདུལ་དགོས་པ་རེད་གསུངས་མི་འདུག རང་གཞན་སུ་ཡང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རེད། སྡུག་བསྔལ་གྱི་རྒྱུ་གང་གིས་བྱེད་བཞིན་འདུག ཕྱི་ལོགས་རྐྱང་བར་ཡོད་པ་རེད་དམ། བདེ་བའི་རྒྱུ་གང་ནང་ཡོང་གི་འདུག ཕྱི་ལོགས་རྐྱང་རྐྱང་ནས་རེད་དམ། མ་རེད། གཙོ་བོ་ནང་སེམས་རྒྱུད་ནས་བདེ་བ་དང་སྡུག་བསྔལ་ཡོང་བཞིན་ཡོད། མིའི་རྣམ་དཔྱོད་བེད་སྤྱོད་ཀྱིས་དེ་དག་ལ་ཞིབ་འཇུག་བྱས་ཏེ་སེམས་མ་སྐྱིད་པ་བཟོ་མཁན་གྱི་ཆ་དེར་གཞི་རྟེན་ཅི་ཞིག་འདུག སྨོན་ལམ་བརྒྱབ་ནས་བསྡད་པ་མ་ཡིན་པར་སེམས་མ་སྐྱིད་པ་གང་ནས་ཡོང་བཞིན་པ་ལ་བརྟག་དཔྱད་བྱས་ཏེ་སེམས་མ་འདུལ་བའི་རྒྱུ་རྐྱེན་དེ་ལ་འགྱུར་བ་གཏོང་རྒྱུ་དང་། སེམས་འདུལ་བའི་རྒྱུ་རྐྱེན་དེ་དག་ཇི་ལྟར་ཡོང་བཞིན་པ་ཤུགས་ཆེ་རུ་གཏོང་རྒྱུ་རིགས་པའི་རྒྱུ་མཚན་གྱི་ཐོག་ནས་འགྲོ་བཞིན་ཡོད་པ་རེད། དེར་བརྟེན་དཔལ་ནཱ་ལེནྡྲའི་མཁས་པ་གཙོ་བོའི་གྲས་སློབ་དཔོན་ཕྱོགས་གླང་དང་།  དཔལ་ལྡན་ཆོས་གྲགས་སོགས་ཀྱིས་རིགས་པ་འགོད་སྟངས་ཇི་ལྟར་བྱེད་དགོས་པའི་སྐོར་ལ་མཐོང་བ་མངོན་གྱུར་ལ་སྒྲུབ་བྱེད་བཀོད་དགོས་པ་མི་འདུག ཅུང་ཟད་ལྐོག་གྱུར་གྱི་རིགས་རིགས་པས་ཇི་ལྟར་སྒྲུབ་ཀྱི་ཡོད་པ་རེད། ཐར་བ་དང་བདེན་འཛིན་གྱི་རྣམ་གཞག་མང་པོ་གསུངས་ཡོད། གང་ལྟར་ནང་སེམས་རྒྱུད་འདུལ་བའི་འགྲོ་སྟངས་ལ་དཔྱད་པ་བྱས་ཏེ་འགྲོ་བཞིན་པ་ཞིག་ཆགས་ཀྱི་ཡོད། 

དེར་བརྟེན། ངོས་ཀྱིས་བཤད་རྒྱུ་ནི་གང་ལྟར་ང་ཚོས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ལས་ཀ་བྱེད་པའི་ཆོས་དང་རིག་གཞུང་ནི་ལོ་བརྒྱ་ཕྲག་སྟོང་ཕྲག་རིང་ལ་བསམ་བློ་གཏོང་དགོས་པ་ཞིག་རེད། ང་ཚོའི་མི་རབས་རྫོགས་འགྲོ་གི་རེད། སྔོན་མ་དཀའ་ལས་རྒྱག་མཁན་ཚོའི་བྱས་རྗེས་དེ་ལྷག་ཡོད་པ་རེད། དེའི་རྗེས་མཐུད་མཁན་ཚོས་མུ་མཐུད་ནས་བྱེད་བཞིན་ཡོད་པ་རེད། རིམ་པས་ཕོ་གསར་མོ་གསར་ཁྱོད་ཚོ་ཡང་སྤོ་ལགས་དང་རྨོ་ལགས་ཆགས་ཀྱི་རེད། དེ་ནས་ཤི་རྒྱུ་རེད། ཡིན་ནའང་། ཁྱོད་རང་ཚོས་དཀའ་ལས་བརྒྱབ་པ་ལ་མུ་མཐུད་དེ་མི་ཐོག་རྗེས་མ་ཚོས་རྗེས་བསྐྱང་གི་རེད། བསྐྱང་དགོས་པའང་རེད། སྒྲིག་འཛུགས་ཀྱི་ལས་ཀ་དེ་ལོ་བཅུ་ཕྲག་ཁ་ཤས་ཀྱི་སྐད་ཆ་མ་ཡིན་པར་ལོ་བརྒྱ་ཕྲག་མང་པོར་བསམ་བློ་གཏོང་དགོས་པ་ཞིག་རེད། དེར་བརྟེན་ད་ལྟའི་བར་དུ་ཧུར་ཐག་བྱས་འདུག་ལ་མ་འོངས་པར་ཡང་ཧུར་ཐག་བྱེད་རོགས་ཞེས་ཟེར་རྒྱུ་ཡིན། ཞེས་དང་།  གཞན་ཡང་ཕྱི་ལོ་ ༡༩༥༩ ལོར་ལྷ་ས་ནས་ཛ་དྲག་ངང་བཙན་བྱོལ་དུ་ཕེབས་པའི་སྐོར་དང་། བཙན་བྱོལ་གྱི་གནས་སྟངས་རིམ་པའི་ཡར་རྒྱས་བཏང་བའི་སྐོར་སོགས་ལ་བཀའ་སློབ་ཟབ་རྒྱས་སྩལ་རྗེས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ཉེར་གཅིག་འཁོར་བའི་མཛད་སྒོ་མཇུག་ལེགས་པར་གྲུབ་སྟེ་བཞུགས་སྒར་ཕོ་བྲང་དུ་ཆིབས་བསྒྱར་བསྐྱངས་ཡོད་པ་བཅས།། 

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།