༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

དུས་དབང་ཐེངས་ ༣༤ པའི་བཀའ་དྲིན་གཏིང་རག་གི་བརྟན་བཞུགས་ཕུལ་བ། ༢༠༡༧ ཟླ་བ་ ༡ ཚེས་ ༡༤

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་གནས་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་ཏེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་སྤོས་སྣེས་མདུན་བསུ་དང་བཅས་བཞུགས་ཁྲི་རིན་པོ་ཆེར་༧ཞབས་སོར་འཁོད་དེ་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་སྩལ་བ་དང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་གནང་སྒོ་མཇུག་གྲུབ་པའི་མཛད་སྒོ་འཚོགས་ཡོད་པ་རེད།

དེ་ཡང་ཞོགས་པ་ཆུ་ཚོད་ ༧ པའི་ཐོག་རྗེས་གནང་སྒྲུབ་ཆོག་དབུ་འཛུགས་གནང་སྟེ་མི་མང་བྱིངས་ཀྱིས་མ་ཎི་ཡི་གེ་དྲུག་མ་གསོག་སྒྲུབ་གནང་དགོས་པའི་བཀའ་ཕེབས་པ་འབྲེལ་ཡི་གེ་དྲུག་མའི་གོ་དོན་ལྗགས་ཁྲིད་གནང་དོན།  ཨོཾ་ནི་སྔགས་ཀྱི་མགོ་འདྲེན་དང་། མ་ཎི་ཞེས་པ་རིན་པོ་ཆེ་ཡིན་པས། རིན་པོ་ཆེས་རིན་ཆེན་བྱང་ཆུབ་ཀྱི་སེམས་དང་། བྱང་ཆུབ་ཀྱི་སེམས་དེ་གནས་སྐབས་དང་མཐར་ཐུག་གི་འདོད་དོན་བདེ་བླག་ཏུ་སྒྲུབ་པར་བྱེད་པ་ཞིག་ཡིན་སྟབས། མ་ཎི་ནོར་བུས་བྱང་ཆུབ་ཀྱིས་སེམས་མཚོན་པ་དང་། དེ་ནས་པདྨ་ཞེས་པས། པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་སྐྱོན་གྱིས་མ་གོས་ཞེས་པས་ཤེས་རབ་མཚོན་པ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བཟང་ངན་དང་། འཕྲལ་ཕུགས་ཀྱི་ཁེ་ཕན་རྒྱ་ཆེ་ཆུང་ཚང་མ་ཤེས་རབ་ཀྱིས་དཔྱོད་བཞིན་ཡོད། དེ་ལྟ་བུའི་ཤེས་རབ་ཀྱིས་མི་ཞིག་ལ་མཚོན་ན། འདམ་ལས་སྐྱེས་ཀྱང་འདམ་གྱིས་སྐྱོན་གྱིས་མ་གོས་པ་ཞེས་པ་ནི་དངོས་ཡོད་གནས་ཚུལ་ལ་མི་གཡོལ་བ་དང་། དེ་ལ་བསམ་བློ་གཏན་ནས་མི་གཏོང་བའི་ཐོག་ནས་མི་སྡོད་པར་དངོས་ཡོད་གནས་ཚུལ་རྒྱ་ཆེ་ས་ནས་བལྟས་ཏེ་མཐར་གཏུགས་སྐབས་མི་རྟག་པ་དང་། སྡུག་བསྔལ་བ། བདག་མེད་པ། མཐར་ཐུག་སྟོང་པ་ཉིད་ཀྱི་རང་བཞིན་ལ་བསམ་བློ་གཏོང་སྐབས་ཆོས་ཅན་དེ་ལ་མི་གཡོལ་བར་ཆོས་ཅན་དེ་ཉིད་ལ་དམིགས་ནས་གནས་ལུགས་དེ་ཉིད་ཤེས་པའི་ཐོག་ནས་བདེན་འཛིན་གྱི་རྣམ་རྟོག་གི་སྐྱེས་པའི་རྟོག་པའི་དྲ་བ་རྣམས་མི་ཡོང་བ་བྱེད་བཞིན་ཡོད། དེས་ན་པདྨ་ཞེས་པས་ཤེས་རབ་སྤྱི་དང་ལྷག་པར་སྟོང་ཉིད་རྟོགས་པའི་ཤེས་རབ་དང་། ཧཱུཾ་ཞེས་པས་བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་སྟོང་ཉིད་རྟོགས་པའི་ལྟ་བ་དེ་གཉིས་ཐབས་ཤེས་ཟུང་འབྲེལ་བྱས་ཏེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་སོགས་ནོར་བུས་མཚོན་པའི་བྱང་ཆུབ་ཀྱི་སེམས་ཡར་རིམ་བཞིན་ས་མཐོན་པོར་སླེབས་ཏེ་བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་གཞན་བདེ་སྒྲུབ་པའི་ལྷག་བསམ་བསྐྱེད་ཐུབ་པ་དེ་དོན་དངོས་ལྷག་བསམ་ལག་ལེན་དུ་བསྒྱུར་མཁན་དེ་གཟུགས་སྐུ་ཆགས་ཡོད། གང་འདུལ་གྱི་རྣམ་པ་ཤར་ནས་འཕྲིན་ལས་འབད་མེད་ལྷུན་གྲུབ་དེ་ཡང་གཟུགས་སྐུའི་ཐོག་ནས་ཡོང་དགོས་པ་ཡིན། དེར་བརྟེན་མ་ཎིའི་བྱང་ཆུབ་ཀྱི་སེམས་ཀྱིས་ཉིང་དགོས་སྒྲུབ་པའི་སྐབས་སུ་གཞན་དོན་ལ་སྨོན་པ་ཙམ་མིན་པར་གཞན་དོན་ངོ་མ་དཔྱིས་ཕྱིན་པ་ཞིག་སྒྲུབ་ཐུབ་པ་ནི་གཞན་དོན་གཟུགས་སྐུ་དང་། དེ་མ་ཎིས་མཚོན་པ་དང་། དེ་ལྟ་བུའི་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་ཡོང་བ་ཞེས་པ་དེ་ཡང་གཟུང་འཛིན་གྱི་རྣམ་རྟོག་ཉེ་བར་ཞི་བའི་ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་ཏེ་སྒྲིབ་པ་མཐའ་དག་དང་བྲལ་བའི་ཚུལ་གྱིས་ཆོས་ཉིད་ལ་རྟག་ཏུ་མཉམ་པར་བཞག་པའི་ཡེ་ཤེས་དགོས་ཤིང་། དེ་པདྨས་མཚོན་པ་ཡིན། དེ་ལྟ་བུའི་སྐུ་དང་ཐུགས་གཉིས་པོ་ངོ་བོ་དབྱེར་མེད་དུ་ཡོད་པ་དེས་མི་སློབ་པའི་ཟུང་འཇུག་མཚོན་པ་བཅས་དོན་དག་དེ་རྣམས་བློ་ངོར་འཆར་བ་བྱེད་དགོས། ཞེས་ངག་ནས་མ་ཎི་འདྲེན་སྐབས་ནང་དོན་ལ་བསམ་བློ་འདི་ལྟར་གཏོང་དགོས་ཞེས་བཀའ་སྩལ་བ་དང་།  

དེ་ནས་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བཀའ་དྲིན་སྩལ་བ་དང་འབྲེལ་དབང་ཞུ་མཁན་ཡོངས་ནས་ཆང་འཐུང་བ་དང་ཤོ་སྦག་རྒྱག་པ་སོགས་བྱེད་མི་རུང་བ་དང་།  འདིར་ཉིན་ཤས་རིང་རྒྱག་རེས་ཤོར་བ་སོགས་ཀྱི་གནས་ཚུལ་གཅིག་ཀྱང་གོ་མ་བྱུང་བས་ཚང་མའི་བསམ་བློ་ཞི་ཞིང་དུལ་བ་རེད་འདུག་པས་ཧ་ཅང་ཡག་ཡིན་པ་དང་།  བོད་དང་རྒྱ་ནག དེ་བཞིན་འཛམ་གླིང་གི་ས་ཕྱོགས་གང་ས་ནས་དུས་འཁོར་དབང་ཆེན་ཞུ་མཁན་རྣམས་ས་ཆ་གཅིག་ལ་འཛོམས་མེད་ཀྱང་འདུན་པ་གཅིག་གྱུར་གྱི་ཐོག་ནས་རྡོ་རྗེ་སྤུན་གྲོགས་ཆགས་ཡོད་པས་དུས་འཁོར་དབང་ཆེན་ཞུ་མཁན་ཁྱེད་རང་ཚོ་མཐུན་པོ་བྱོས། རྐྱེན་ཆུང་ཙག་གི་ཐོག་ནས་ང་ཚོ་དང་ཁོ་པ་ཚོ་ཞེས་བཤད་རྒྱུ་བསམ་བློ་འཁོར་སྐབས། ང་ཚོ་དུས་འཁོར་དབང་ཆེན་ཞུ་མཁན་རྡོ་རྗེ་སྤུན་གྲོགས་ཡིན་བསམ་སྟེ་སེམས་ཀྱི་ང་རྒྱལ་དང་ཕྲག་དོག་སོགས་གང་ཐུབ་མར་བཅག་སྟེ་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་དང་། 

དངོས་ཡོད་གནས་ཚུལ་གྱི་ཐོག་བསམ་བློ་བཏང་ན་ད་ལྟ་མིར་བཙན་དབང་དང་དབང་ཡོད་བྱས། དཔེར་ན། དུས་འཁོར་དབང་ཆེན་ཞུ་བར་ཡོང་མཁན་ཚོར་ཧ་ཅང་གནོན་ཤུགས་སྤྲད་ཡོད། ས་ཁུལ་ཁག་གཅིག་གི་དཔོན་རིགས་ཚོས་དུས་དབང་ཞུ་རྒྱུ་དེ་ཁྲིམས་འགལ་རེད་ཅེས་བཤད་འདུག ཁྲིམས་དང་འགལ་ཞེས་བརྗོད་སྐབས་ཁྲིམས་གང་ཞིག་ལ་རྩི་དགོས་ཡོད་མེད་བཤད་དཀའ་བ་རེད། དེ་ལྟ་བུའི་གནོན་ཤུགས་སྤྲད་ཡོད། ཉེ་ལམ་བོད་ནས་ཡོང་མཁན་ཚོས་ཧ་ཅང་སེམས་ཁྲལ་བྱེད་བཞིན་འདུག སྐབས་དེར་ངོས་ཀྱིས་ཁོང་ཚོར་སེམས་ཁྲལ་བྱེད་མི་དགོས། ངོས་ཀྱིས་འདི་ནས་དུས་དབང་སྐབས་ཁྱེད་རང་ཚོ་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན། དབང་ཐོབ་ཀྱི་རེད། དེ་ལས་ཁྱེད་རང་ཚོའི་ནང་ལ་དཀའ་ངལ་འཕྲད་ན་ཡག་པོ་མེད་ཅེས་བརྗོད་པ་ཡིན། འདི་ལྟར་གནོན་ཤུགས་སྤྲད་ན་སུ་ཞིག་ལའང་ཕན་ཐོགས་མེད། ཕྱོགས་གཅིག་ནས་འཆམ་མཐུན་བྱེད་དགོས་ཟེར་བཞིན་ཡོད། འོན་ཀྱང་བརྟན་ལྷིང་དང་འཆམ་མཐུན་མི་ཡོང་བའི་ལས་ཀ་བྱེད་བཞིན་ཡོད། འདི་དངོས་ཡོད་གནས་ཚུལ་རེད། ང་རང་ཚོའི་གནས་སྟངས་འདི་ལྟ་བུ་ཞིག་ཡོད་པའི་སྐབས་ཚང་མ་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དཔེར་ན། ང་ཚོ་ཁམས་པ་དང་། ཨ་མདོ། དབུས་གཙང་། མངའ་རིས་ཞེས་སོགས་ཀྱི་སྐད་ཆ་ནི་ཆུང་ཙག་ཆགས་ཡོད། དེ་བཞིན་རྒྱ་དང་བོད་ཅེས་མི་རིགས་ཀྱི་འགལ་ཟླའི་སྐད་ཆ་དེ་ཡང་མི་དགོས་པ་ཞིག་རེད། བར་སྐབས་ནས་མི་རིགས་ཀྱི་སྐད་ཆ་ཞིག་སླེབས་བཞིན་འདུག དེ་ཡང་ཁག་མི་འདུག རྒྱ་ནག་ནང་བོད་པ་ཞིག་རྒྱ་མིའི་ཟ་ཁང་ལ་ཕྱིན་ན་གནས་ཚང་མི་གཡར་རྒྱུ་ལྟ་བུ་མི་རིགས་དབྱེ་འབྱེད་བྱེད་དུས་ཁག་མི་འདུག དེ་ལྟ་བུའི་མི་རིགས་ཀྱི་འགལ་ཟླ་ཡོང་བའི་རྒྱུ་རྐྱེན་མང་པོ་ཞིག་ཡོང་བཞིན་ཡོད། མ་གཞི་བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་ཚོ་ཧ་ཅང་ཡག་པོ་རེད་འདུག རྒྱ་མི་རིགས་མང་པོ་ཞིག་བོད་དུ་ཡུལ་སྐོར་སྤྲོ་འཆམ་དུ་སྐྱོད་སྐབས་བོད་པ་ཚོ་མི་འདྲ་བ་ཞིག་ཡོད་སྐོར་བཤད་ཀྱི་འདུག བསྔགས་བརྗོད་བྱེད་ས་ཞིག་ཆགས་ཡོད། དེ་བཞིན་བོད་ཀྱི་ཕྱིར་ཡོད་མཁན་བོད་པ་ཚོར་ཡང་བསྔགས་བརྗོད་བྱེད་ཀྱི་འདུག ད་དུང་ཡིན་ནའང་ང་རང་ཚོར་ངོམ་ཆོག་པ་ཞིག་ཡོད་པ་ནི་སེམས་པ་བཟང་པོ་དང་དྲང་པོ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་གཅིག་གིས་གཅིག་ལ་འཆམ་པོ་བྱོས། དེ་བཞིན་ཆོས་ལུགས་ཀྱི་འཐེན་ཁྱེར་བྱེད་རྒྱུ་དེ་ཀླད་པ་ཆུང་དྲགས་པས་རེད། དེ་ལྟ་བུའི་འཐེན་འཁྱེར་བྱེད་ན་རན་པོ་མེད། དོན་དངོས་ཐོག་བསམ་བློ་བཏང་ན་བོད་གངས་ཅན་ལྗོངས་ཀྱི་ཆོས་ལུགས་ཚང་མ་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་འབྲང་པ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།

དེ་རྗེས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སོ་བཞི་པ་ལེགས་པར་གྲུབ་པའི་བཀའ་དྲིན་གཏང་རག་གི་དགའ་སྟོན་དུ། བོད་མིའི་སྒྲིག་འཛུགས་དང་། རྒྱལ་སྤྱིའི་བོད་རིགས་ཚོང་པའི་ལྷན་ཚོགས། བལ་ཡུལ་ཧི་མཱ་ལཱ་ཡའི་རི་རྒྱུད་ཚོགས་སྐྱིད་བཅས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། འཁོན་རིགས་བསྟན་པའི་སྲོག་ཤིང་༸སྐྱབས་མགོན་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག རིས་མེད་ཆོས་བརྒྱུད་ཀྱི་བླ་སྤྲུལ་མཁན་སློབ་དང་། རྣམ་གྲྭའི་མཁན་སློབ་ཆོས་གྲྭ། སྒྲོལ་དཀར་གྱི་བསྙེན་སོང་བྱ་བྲལ་བ། སེར་སྐྱ་ཕོ་མོ་གཞན་ཁག་ཅིག་བཅས་ནས་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་ཉིན་གྲངས་བདུན་རིང་ཚེ་སྒྲུབ་གནད་སྨིན་སྔོན་སོང་དང་འབྲེལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་བཀའ་སློབ་སྩལ་དོན། ནམ་རྒྱུན་བརྟན་བཞུགས་ཀྱི་གསོལ་འདེབས་གནང་ནས་གསོལ་འདེབས་གྲུབ་མཚམས་སུ་བླ་མས་ཞལ་བཞེས་ཁས་ལེན་གནང་བའི་ལུགས་སྲོལ་ཞིག་ཡོད། དེ་རིང་འདིར་སྐད་ཆ་བཤད་པའི་ཞོར་ཡིན་སྟབས། ངོས་ནས་ནམ་རྒྱུན་འདི་ལྟར་བརྗོད་བཞིན་ཡོད་ལ། དངོས་གནས་ངོས་རང་འདི་ལྟར་དྲན་གྱི་འདུག དེ་ཡང་སྤྱོད་འཇུག་ལས། 

ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་དེ་སྲིད་གནས་གྱུར་པ།།
དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།

ཅེས་རྟག་ཏུ་སྨོན་ལམ་རྒྱག་བཞིན་ཡོད། དེ་ལྟར་སྨོན་ལམ་རྒྱག་བཞིན་པར་བརྟེན་ད་ལྟ་ཚེ་འདིར་རྐྱེན་སྣ་ཚོགས་ཀྱི་ཐོག་ནས། ངོས་ཀྱིས་བརྗོད་ཆོག་ན། ཨ་མདོའི་ས་ཆ་ལུང་ཁུག་ཅིག་ནས་ཨ་མདོའི་ཕྲུ་གུ་ལྷ་མོ་དོན་གྲུབ། ངོས་ཀྱིས་ལྷ་མོ་དོན་གྲུབ་འཚུབ་འཐེར་བ་ཞེས་བརྗོད་ཀྱི་ཡོད། དེ་ལྟ་བུའི་ཨ་མདོའི་ཕྲུ་གུ་འཚུབ་འཐེར་བ་དེ་ཉིད་ད་ཆ་ལོ་ན་ ༨༡ ནས་ ༨༢ ཀྱི་ཐོག་ཏུ་འགྲོ་བཞིན་ཡོད། གང་ལྟར་མཐོང་ཆོས་ལ་མི་ལ་ཕྲན་བུའི་ཕན་ཐོགས་ཡོད་པ་ལྟ་བུ་ཞིག་འདུག བོད་གངས་ཅན་གྱི་ལྗོངས་སུ་ཁྱེད་རང་ཚོ་དད་པ་དང་དམ་ཚིག་གཡོ་བར་མེད་པར་བསྡད་ཡོད། ངོས་ཀྱི་ངོས་ནས་ཚེ་རབས་ནས་ལས་དང་སྨོན་ལམ་གྱིས་འབྲེལ་བར་བརྟེན་སྨོན་ལམ་རྒྱག་ངེས་ཡིན། 

དེ་ལྟར་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ཕན་ཐོགས་ཡོད་སྟབས། ཕན་ཐོགས་ཡོད་ས་དེར་ཚེ་ཅི་ཙམ་རིང་བར་གནས་པ་དེ་ཙམ་གྱིས་ཕན་ཐོགས་ཡོང་བ་དང་། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དགོང་ལོ་བརྒྱད་ཅུ་གྱ་གྲངས་ལྟ་བུ་དགུང་ལོ་བགྲེས་པོར་ཕེབས་སྐབས། ཁོང་ཉིད་མཁས་པ་ཧ་ཅང་ཆེན་པོ་ཡིན་པར་མ་ཟད། ཁོང་གི་སློབ་མ་མཁས་པ་ཆེན་པོ་དེ་རིགས་ཀྱང་ཡོད། དེ་ལྟར་སློབ་མ་མཁས་པ་འཚོགས་པ་ཞིག་གི་དབུས་སུ་༸རྒྱལ་བ་དགེ་འདུན་གྲུབ་པས། ད་ནི་ལོ་ན་རྒས་པ་སོགས་ཐུགས་འབྱོང་བའི་བཀའ་སློབ་གནང་སྐབས། སྲས་ཀྱི་ཐུ་བོ་མཁས་གྲུབ་གཉིས་ལྡན་གྱི་བླ་མ་སྐྱེས་བུ་དམ་པ་དེ་དག་གིས་རིན་པོ་ཆེ་ཕྱི་ནང་གི་རྟགས་དང་མཚན་མ་སོགས་ཀྱི་ཐོག་ནས་དག་པའི་ཞིང་དུ་ཕེབས་རྒྱུར་ཐེ་ཚོམ་མེད་པ་རེད་ཅེས་ཞུས་པར། རྗེ་དགེ་འདུན་པས། ང་དག་ཞིང་དུ་སྐྱེ་ན་བསམས་པའི་བསམ་པ་མེད། གནས་གང་དུ་སེམས་ཅན་མགོན་མེད་སྐྱབས་མེད་ཉམ་ཐག་པ་གང་དུ་ཡོད་ས་ཞིག་ཏུ་སྐྱེས་ན་བསམས་པ་ཡིན་ཞེས་གསུངས་འདུག ༸རྒྱལ་བ་དགེ་འདུན་གྲུབ་པའི་རྣམ་ཐར་དུ་གསལ་བའི་ཚིག་འདི་དག་མཐོང་ནས་ངོས་རང་ཡང་སེམས་ཧ་ཅང་ཆེན་པོ་སྐྱེས་བྱུང་། དེར་བརྟེན་སྐྱེ་བ་ལེན་དགོས་པས། སྐྱེ་བ་ལེན་པ་དེ་ཉིད་ཕན་ཐོགས་ཡོད་ས་ཞིག་ཏུ་སྐྱེས་ཤིང་། སྐྱེས་ནས་འཚོ། འཚོ་ནས་རིང་དུ་གནས་པ་ཞིག་བྱུང་ན་ཁ་ཡོད་ལག་ཡོད་ཀྱིས་ཕན་གྱི་ཡོད། 

ངོས་ཀྱིས་ཞབས་འདེགས་གང་འཚམ་སྒྲུབ་ཀྱི་ཡོད་ལ། གཞན་ལ་ཕན་པ་ཡང་ཕྲན་བུ་ཡོང་གི་ཡོད། དེས་ན་ཁྱེད་རང་ཚོས་ཀྱང་ཚེ་བརྟན་པ་དང་། དེ་ཡང་བསྐལ་པ་ཁྲི་ཕྲག་ནས་ཁྲི་ཕྲག་ཅེས་པ་ནི་བརྟན་བཞུགས་འབུལ་མཁན་གྱི་བསམ་བློའི་ནང་དུ་མེད་ལ། བསྐལ་པ་ཁྲི་ཕྲག་ནས་ཁྲི་ཕྲག་ཅེས་པ་ནི་འཛམ་གླིང་སྟོང་ནས་ངོས་རང་གཅིག་པུར་བསྡད་ན་དགོས་དོན་ཡང་མེད། རྡོ་རྗེ་གདན་གྱི་མཆོད་རྟེན་གྱི་འོག་འདིར་རྡོ་རྗེ་ཕ་ལམ་ལྟ་བུ་ཡོད་པས་བསྐལ་པ་མེ་འཇིག་ཆུ་འཇིག་གི་གནས་སྐབས་སུ་ཡང་རྡོ་རྗེ་གདན་འགྱུར་བ་མེད་པར་གནས་རབས་བཤད་སྲོལ་ཡོད། དེ་ལ་ངོས་རང་ཡིད་ཆེས་གཏན་ནས་མེད། རྡོ་རྗེ་གདན་འགྱུར་བ་མེད་པར་དེ་ལྟར་གནས་ཀྱི་ཡོད་ན། ངོས་ཀྱིས་རྡོ་རྗེ་གདན་གྱི་དཀོན་གཉེར་བྱས་ནས་འདི་ལྟར་བསྡད་ཆོག བསྐལ་པ་ཁྲི་ཕྲག་ནས་ཁྲི་ཕྲག་ཅེས་པ་ཡོང་ཐབས་མེད། གང་ལྟར་ལོ་བརྒྱ་སྐོར་ཞིག་བསྡད་ཐུབ་པ་ངོས་རང་ལ་སྔོན་གྱི་རྨི་ལམ་དང་། ཕྱིས་སུ་ལུང་བསྟན་འགའ་ཞིག་མཐོང་བྱུང་བར། དེ་དག་ལ་བལྟས་ན་ཚེ་ཚད་ ༡༡༣ སྡོད་ཐུབ་པ་གསལ་འདུག ལོ་ ༡༡༣ འཚོ་དང་མི་འཚོ་བཤད་ཐུབ་ཀྱི་མི་འདུག་ཀྱང་ལོ་ ༡༠༠ སྐོར་སྡོད་རྒྱུ་ཡིན་པ་ཕལ་ཆེར་ཐག་ཆོད་ཀྱི་རེད།

དེར་བརྟེན་ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བསྡད་ནས་བཞུགས། ཞེས་བཀའ་སློབ་སྩལ་རྗེས་བརྟན་བཞུགས་ཀྱི་དབུ་བཞུགས་རྡོ་རྗེ་སློབ་དཔོན་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ནས་མཇལ་དར་རྐྱང་འབུལ་མཛད་དེ་རྒྱུན་ཆགས་གསུམ་པ་དང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་གསུང་མུར་གསོལ་ཇ་བཞེས་འབྲས་རིམ་པར་ཕེབས་རྗེས་ཆོས་སྐྱོང་སྤྱན་འདྲེན་དབུ་ཚུགས། རིམ་བཞིན་བླ་མ་ལྷར་བསྐྱེད་ནས་མཐར་ཆགས་སུ་མཆོད་ཕྲེང་། བསྟོད་པ། བཟླས་པ་བཅས་སོང་ནས་རྩ་རུའི་ཚོགས་འཁོར་ལ་ཐོག་མར་ཀུན་བཟང་མཆོད་སྤྲིན་གྱིས་བྱིན་བརླབས། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་གསུངས་རྗེས། རྩ་རུའི་ཚོགས་འཁོར་འབུལ་བཞེས་མཛད། དེ་ནས་གསོལ་འདེབས་མཎྜལ་གསུང་བསྐུལ་གྲུབ་བསྟུན། དབུ་བཞུགས་ནས་མཎྜལ་ལྗགས་བཤད་གནང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་གཉིས་ཀྱིས་གཡས་གཡོན་ནས་མཎྜལ་ཚོམ་བུ་འདེགས་འབུལ་དང་། མཇུག་གི་ཚིགས་བཅད་རྗེ་བཙུན་བླ་མའི་སྐབས་དབུ་བཞུགས་ས་སྐྱ་བདག་ཁྲི་རིན་པོ་ཆེ་སྐུ་བཞེངས་ཀྱིས་མཎྜལ་ཚོམ་བུ་འབུལ་བཞེས་དང་རིམ་བཞིན་སྐུ་རྟེན། གསུང་རྟེན། ཐུགས་རྟེན། བུམ་པ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ། སྣ་བདུན། རྟགས་བརྒྱད། རྫས་བརྒྱད་བཅས་ཚིག་བསྟུན་གྱིས་འབུལ་བཞེས་གྲུབ་པ་དང་དབུ་བཞུགས་ནས་མཇལ་ཞུ་གནང་། དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་རྣམ་གཉིས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་མཇལ་ཁ་ཞུས་གྲུབ་བསྟུན། ཁྲི་འཁོད་བླ་ཆེན་རྣམ་པས་རིམ་བཞིན་མཇལ་ཁ་ཞུས། དེ་རྗེས་འབུལ་དངོས་སྤྱན་ལམ་དུ་བསྟར། ༸རྒྱལ་བའི་ཞབས་བརྟན་སོགས་གསུང་མུར། ཚོགས་འགྲེམས། ཡོན་འགྱེད། གསོལ་ཇ་གཉིས་པ་ཕེབས། གཏང་རག་མཎྜལ་སྐབས། རྒྱལ་སྤྱིའི་བོད་རིགས་ཚོང་པའི་ལྷན་ཚོགས་ཀྱི་སྐུ་ཚབ་དང་། བལ་ཡུལ་ཧི་མཱ་ལཱ་ཡའི་རི་རྒྱུད་ཚོགས་སྐྱིད་ཀྱི་སྐུ་ཚབ་གཉིས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་མཇལ་ཁ་ཞུས། ཞལ་འདོན་ཉི་གཞོན་འཆར་ཁ་མ་དང་། རིས་མེད་བསྟན་རྒྱས་སྨོན་ལམ། བསྟན་འབར་མ། མཆོག་གསུམ་ཤིས་བརྗོད། བདེན་ཚིག་སྨོན་ལམ་བཅས་གསུང་མུར། བརྟན་བཞུགས་སྦྱིན་བདག་ཚོགས་པ་གཉིས་ཀྱི་ཚོགས་མི་གཉིས་རེ་དང་། སྐུ་རྟེན་རྣམ་པ་གསུམ། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་གྲྭ་མཁན་རིན་པོ་ཆེ། དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ། རྡོ་རྗེ་གདན་མཆོད་རྟེན་རིན་པོ་ཆེའི་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ། ཆོས་རིག་དྲུང་ཆེ་ལས་ཚབ། དཔལ་འབྱོར་དྲུང་ཆེ། བདེ་སྲུང་ལས་ཁུངས་ཀྱི་སྐུ་ཕྱྭའི་དྲུང་ཆེ་བཅས་ནས་མཇལ་ཁ་ཞུས་ཏེ། མཐར་ཁྲི་དར་དང་ཀ་དར་སྒྲོག་ནས་བརྟན་བཞུགས་ཀྱི་མཛད་སྒོ་ལེགས་པར་གྲུབ།

དེ་ནས་ཆུ་ཚོད་ ༡༡།༣༠ ཐོག་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་ལེགས་གྲུབ་ཀྱི་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག བླ་ཆེན་དབུ་ཁྲིད་རྣམ་པ་དང་། མཁན་བླ་སྤྲུལ། བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏིཤ་ཀུ་མཱར་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག ཡོན་བདག་རྣམ་པ། སྐུ་མགྲོན་རྣམ་པ། ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སེར་སྐྱ་མང་ཚོགས་འབུམ་གཉིས་བརྒལ་བ་ལྷན་འཛོམས་གྱིས་ཐོག་མར། བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྲན་རྟེན་གྱི་ཕྱག་རྟགས་ཤིག་འབུལ་ལམ་ཞུས་གྲུབ་མཚམས། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དུས་དབང་གི་རྩིས་ཁྲ་སྙན་སྒྲོན་ཞུས། དེ་རྗེས་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་རི་ཆ་ཌི་གྷེར་ལགས་ཀྱིས་གསུང་བཤད་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་།

དེ་ནས་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏི་ཤི་ཀུ་མཱར་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་དུས་དབང་ལེགས་པར་གྲུབ་པའི་ཉིན་མཐའ་མའི་མཛད་སྒོར་བཅར་རྒྱུའི་གོ་སྐབས་བྱུང་བར་ང་རང་ཧ་ཅང་བསྐལ་པ་བཟང་པོ་ཡིན་བསམ་གྱི་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་འདུད་ཞུས་པ་དང་ཆབས་ཅིག རྒྱལ་ཁབ་འདྲ་མིན་ནས་ཆོས་ཞུ་བ་མང་པོ་ཞིག་འདིར་ཕེབས་ཡོད། དེ་རིང་གོ་སྐབས་འདི་བརྒྱུད་རྣམ་པ་ཚོ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། གནས་མཆོག་རྡོ་རྗེ་གདན་ནི་གནས་ཁྱད་པར་ཅན་ཞིག་ཆགས་ཡོད། གང་ལ་ཞེ་ན་གནས་འདིར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པ་རེད། གནས་མཆོག་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྱངས་ནས་ད་བར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ལྔ་སྩལ་ཡོད་ཅེས་སོགས་༸གོང་ས་མཆོག་ལ་བཀའ་དྲིན་ཆེ་ཞེས་ཞུས་པ་དང་། བྷི་ཧར་མངའ་སྡེ་རུ་བཅོམ་ལྡན་འདས་ཀྱི་མཛད་པ་བསྐྱངས་པའི་གནས་དུ་མ་ཞིག་ཡོད་པ་དང་། ནང་པ་སངས་རྒྱས་པའི་བསྟི་གནས་དང་བྱེད་སྒོ་སོགས་གསར་བསྐྲུན་བྱས་དང་བྱེད་འཆར་ཡོད་པ་སོགས་གསུང་བཤད་གནང་བ་དང་། 

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཅོམ་ལྡན་འདས་འཁྲུངས་ནས་ལོ་ཉིས་སྟོང་དྲུག་བརྒྱ་ལྷག་འགྲོ་བཞིན་ཡོད་པའི་སྐོར་དང་། སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་བྱམས་པ་དང་སྙིང་རྗེ། འཚེ་བ་མེད་པ་ནི་དེང་སྐབས་འཛམ་གླིང་ནང་ཧ་ཅང་གལ་ཆེན་ཆགས་ཡོད་པ། དཔལ་ན་ལེནྜའི་ཆོས་བརྒྱུད་ཀྱིས་རྒྱུ་མཚན་ལ་བརྟག་ནས་རིག་པས་བསྒྲུབ་རྒྱུ་གལ་ཆེན་པོར་བརྩི་བའི་སྐོར་བཀའ་གནང་རྗེས། ནང་ཆོས་ལ་སློབ་གཉེར་བྱེད་རྒྱུ་གལ་ཆེ་བའི་ལམ་སྟོན་བཀའ་སློབ་དང་། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་གོ་སྒྲིག་ཚགས་ཚུད་བྱུང་ཡོད་པས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་བཀའ་སློབ་སྩལ་གྲུབ་མཚམས་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས། 

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།