༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

དུས་དབང་ཐེངས་ ༣༤ པའི་ཉིན་དང་པོར་སློབ་མ་རྗེས་འཛིན་གྱི་ཆོས་འབྲེལ་གནང་བ། ༢༠༡༧ ཟླ་བ་ ༡ ཚེས་ ༢

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་ཞུས་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་ཉིན་དང་པོར་ཞོགས་པ་ཆུ་ཚོད་ ༧ ཐོག་རྡོར་གདན་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཡན་ལག་དགའ་ལྡན་འཕེལ་རྒྱས་གླིང་བཞུགས་གནས་ཕོ་བྲང་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག སྲིད་སྐྱོང་བློ་བཟང་སེངྒེ་མཆོག དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་བཅས་ཀྱིས་སྤོས་སྣེས་སྔུན་བསུས་ཏེ་དུས་འཁོར་དབང་ཆེན་གྱི་ཆོས་རའི་བཞུགས་ཁྲིའི་རྒྱབ་ཏུ་བཞེངས་པའི་དུས་འཁོར་ལྷ་ཁང་ནང་༸ཆིབས་བསྒྱུར་གྱིས་དུས་འཁོར་བླ་མའི་རྣམ་འབྱོར་དང་། དུས་འཁོར་བདག་བསྐྱེད་མཛད་པ་དང་། དེ་རྗེས་ཆོས་རའི་བཞུགས་ཁྲི་རིན་པོ་ཆེར་ྋཞབས་སོར་འཁོད་དེ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་སློབ་མ་རྗེས་འཛིན་དབུ་འཛུགས་མ་བསྐྱངས་གོང་རྒྱལ་ཁབ་ཁག་ ༦༩ ནས་དད་ལྡན་ཆོས་ཞུ་བ་སྐྱ་སེར་ཕོ་མོ་ཆིག་འབུམ་བརྒལ་བ་རྣམས་འདུ་འཛོམས་ཐོག་རྒྱུན་ཆགས་གསུམ་པ་དང་ཤེས་རབ་སྙིང་པོ་གསུང་འདོན་དང་དུས་འཁོར་སྔགས་ཀྱི་སྙིང་པོ་ཕྲེང་འཁོར་གཅིག་གསོག་སྒྲུབ་གནང་གྲུབ་བསྟུན་ཆོས་ཞུ་བ་ཚོར་བཀའ་སློབ་ཕེབས་དོན།

གནས་ཁྱད་པར་ཅན་རྡོ་རྗེ་གདན་ནི། ལོ་ངོ་སྟོང་ཕྲག་གཉིས་ལྷག་ཙམ་རིང་སངས་རྒྱས་པའི་ཆོས་ཀྱི་གནས་གཞི་རྩ་ཆེན་ཞིག་ཆགས་ཡོད་ལ། གང་ལགས་ཤེ་ན། བཅོམ་ལྡན་འདས་སངས་རྒྱས་པའི་མཛད་པ་མཛད་ས་གནས་མཆོག་རྡོ་རྗེ་གདན་ཆགས་ཡོད་སྟབས། གནས་འདི་ཉིད་ནང་པའི་རྒྱལ་ཁབ་ཡོངས་རྫོགས་ཀྱིས་གནས་འདི་ཧ་ཅང་རྩ་ཆེན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ནམ་རྒྱུན་པཎ་གྲུབ་བཅུ་བདུན་གྱི་ནང་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་ཉམས་གསོ་གནང་བའི་ལོ་རྒྱུས་ཡོད། མདོར་ན་པཎ་གྲུབ་དེ་དག་གིས་ཞབས་ཀྱིས་བཅགས་ཤིང་། དེ་བཞིན་གྲུབ་ཆེན་ས་ར་ཧ་ལ་སོགས་པའི་རྒྱ་གར་འཕགས་པའི་ཡུལ་གྱི་གྲུབ་ཆེན་བརྒྱད་ཅུ་ཕལ་མོ་ཆེ་ཞབས་ཀྱིས་བཅགས་ཡོད་ཀྱི་རེད། 

གཞན་ཡང་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་སྔོན་གྱི་ལོ་ཙཱ་བ་དག་གིས་དངོས་གནས་དཀའ་བ་དུ་མ་ཁྱད་དུ་བསད་ནས་འཕགས་པའི་ཡུལ་དུ་བགྲོད་ནས་སངས་རྒྱས་ཀྱིས་བཀའ་དང་། དེ་ཡང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ཉིད་བོད་དུ་དར་སྤེལ་མཛད་མཁན་གྱི་ལོ་ཙཱ་བ་ཕལ་མོ་ཆེ་ཡང་འདིར་ཞབས་ཀྱིས་བཅགས་ཡོད་ངེས་པས་གནས་ཁྱད་པར་ཅན་ཞིག་ཆགས་ཡོད། དེ་ལྟར་གནས་ཕུན་སུམ་ཚོགས་པ་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་བྱ་རྒྱུ་དང་། དུས་འཁོར་དབང་ཆེན་བྱེད་ས་མང་ཤོས་ཀྱི་གནས་ཤིག་ཀྱང་ཆགས་ཡོད། ངོས་ཀྱིས་དུས་འཁོར་དབང་ཆེན་བྱེད་སྐབས་གམ་བཅར་ཕན་བདེ་ལེགས་བཤད་གླིང་དུ་༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐུ་དུས་ནས་དུས་འཁོར་གྱི་ཆོ་གའི་རིགས་༸རྒྱལ་དབང་རང་ཉིད་ཀྱིས་མཛད་པ་དང་། དུས་འཁོར་གྱི་གར་ཐིག་དབྱངས་གསུམ་དང་བཅས་པ་ཞྭ་ལུ་སོགས་ལ་ཁུངས་བཏུགས་པ་གནང་སྟེ། དུས་འཁོར་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་ཇོ་ནང་དང་། ཞྭ་ལུ་གཉིས་གཙོ་བོ་ཆགས་ཡོད། དེས་ན་༸རྒྱལ་དབང་བདུན་པ་ཆེན་པོས་དུས་འཁོར་གྱི་ཐོག་ཏུ་དམིགས་བསལ་གྱིས་ཐུགས་སྣང་མཛད་དེ་ཕན་བདེ་ལེགས་བཤད་གླིང་ལ་ཆོ་ག་ཕྱག་ལེན་དང་། གར་ཐིག་དབྱངས་གསུམ་དང་བཅས་པ་གསར་འཛུགས་མཛད་པ་དང་། གྲྭ་ཚང་ནས་ཀྱང་འཆར་ཅན་ལྟར་ནག་པ་ཟླ་བའི་སྐབས་སུ་དུས་འཁོར་སྒྲུབ་མཆོད་ཚུགས་བཞིན་ཡོད། ཆོ་གའི་ཐད་སྐུ་ཞབས་རྣམས་རྒྱུས་ཡོད་ཡག་པོ་ཡོད་སྟབས། ངོས་རང་ཡང་སྟབས་བདེ་པོ་ཆགས་ཀྱི་ཡོད། 

ངོས་ནས་སྔོན་བྱུང་གི་སྒྲུང་ཞིག་བརྗོད་འདོད་བྱུང་། སྙིང་པོ་དེ་ཙམ་ཡོད་མེད་མི་ཤེས། རྒྱ་གར་དུ་སླེབས་རྗེས་དུས་འཁོར་དབང་ཆེན་གྱི་ཐོག་མ་དྷ་རམ་ས་ལར་བྱས་པ་དང་། དུས་འཁོར་དབང་ཆེན་དེ་ཉིད་ཚར་བའི་དགོང་མོའི་རྨི་ལམ་དུ་ངོས་རང་དཀྱིལ་འཁོར་གྱི་སྟེགས་བུའི་ཐོག་ཏུ་བསྡད་པ་དང་། ཆོག་གྲྭ་བ་རྣམས་མཐའ་སྐོར་དུ་བསྡད་ནས་ཞུ་བ་གླུ་བསྐུལ་འདོན་བཞིན་འདུག བདག་བསྐྱེད་ནང་དུ་ཞུ་བ་གླུ་བསྐུལ་ཡོད་པ་ལས་ནམ་རྒྱུན་ས་ཆོག་གི་སྐབས་སུ་ཞུ་བ་གླུས་བསྐུལ་མེད། དེ་ནི་རྒྱ་གར་དུ་སླེབས་རྗེས་ཀྱི་དུས་འཁོར་དབང་ཐེངས་དང་པོ་དང་། བོད་དུ་ཐེངས་གཉིས་བྱས་པ་རེད། དེ་ལྟར་དཀྱིལ་འཁོར་བསྡུ་ཆོག་ཡོངས་རྫོགས་ཟིན་ནས་ཐོ་རེངས་ཀྱི་རྨི་ལམ་དུ་ཞུ་བ་གླུ་བསྐུལ་འདོན་པ་ཞིག་རྨིས་བྱུང་། རྗེས་སུ་བསམ་བློ་གཏོང་སྐབས། ཕལ་ཆེར་དབང་ཆེན་ཐེངས་གཅིག་བྱས་ཏེ་དཀྱིལ་འཁོར་བསྡུ་ཆོག་ཟིན་པ་རེད། འོན་ཀྱང་སླར་ཡང་ཞུ་བ་གླུས་བསྐུལ་བྱས་ནས་སླར་ཡང་དཀྱིལ་འཁོར་བཞེངས་ནས་དབང་བྱ་རྒྱུ་མང་པོ་ཞིག་ཡོང་བའི་རྟགས་དང་མཚན་མ་ཞིག་ཕལ་ཆེར་ཡིན་འདུག 

དེར་བརྟེན་དེ་རིང་འདིར་དུས་འཁོར་དབང་ཆེན་ཐེངས་ ༣༤ པ་དེ་ཉིད་བྱེད་བཞིན་ཡོད། ངོས་ཀྱིས་ཐོག་མར་བོད་ནས་དུས་འཁོར་དབང་ཆེན་བྱས་པ་ནས་ད་བར་དབང་ཐེངས་མང་པོ་ཞིག་བསྐུར་ཏེ་དུས་འཁོར་དབང་ཆེན་ཐོབ་མཁན་མང་པོ་ཞིག་ཡོད། དེ་དག་གི་ནང་དུ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་སྔོན་དུ་འགྲོ་བའི་ཐོག་ནས་རབ་ལ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པ་དང་། དེ་ལྟར་མིན་ནའང་ཐུགས་ཀྱི་དཀྱིལ་འཁོར་གྱི་བསྐྱེད་རིམ་གྱི་ཉམས་ལེན་གྱི་ཐོག་ནས་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི་ཐོག་ནས་ཉམས་ལེན་བྱས་ཏེ་ས་ལམ་གང་འཚམ་བགྲོད་མཁན་ཇི་ཙམ་བྱུང་ཡོད་དམ། དུས་དབང་ཞུ་མཁན་ས་ཡ་ལོངས་པའམ་འབུམ་ཕྲག་མང་པོ་ཞིག་བྱུང་ཡོད། ཐོག་མར་བོད་དུ་དབང་ཆེན་བྱས་པ་བཟུང་སྟེ། རྒྱ་གར་དུ་དུས་འཁོར་དབང་ཆེན་སྔ་རྗེས་རིམ་པ་མང་པོ་བྱས་པ་རེད། དོན་དངོས་ཐོག་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་སྔོན་དུ་འགྲོ་བའི་ཐོག་ནས་སྦྱོར་བ་ཡན་ལག་དྲུག་གི་ཉམས་ལེན་བྱས་ནས། མ་མཐར་ཡང་རླུང་སེམས་དབུ་མར་བསྡུས་ནས་སོར་འདུད་དང་། བསམ་གཏན། སྲོག་རྩོལ་སོགས་ཀྱི་ཉམས་མྱོང་ཕྲན་བུ་རེ་ཡོད་པ་ཕལ་ཆེར་དཀོན་པོ་རེད། 

དེར་བརྟེན་ད་ལན་འདིར་དུས་འཁོར་དབང་ཆེན་བྱ་ཡུལ་རྡོ་རྗེ་གདན་འདི་གནས་ཁྱད་པར་ཅན་ཡིན་པ་བརྗོད་མི་དགོས་པ་རེད། དེ་ལྟའི་གནས་འདིར་ཁྱེད་རང་ཚོ་ཡུལ་ལུང་མི་འདྲ་བ་མང་པོ་ཞིག་ནས་དོན་གཉེར་ཆེན་པོས་ཡོང་བ་དང་། གནས་བྱིན་རླབས་ཅན་ཆགས་ཡོད་ཀྱང་མཐུན་རྐྱེན་འཛོམས་པོ་གང་ཡང་མེད་ལ། དེང་སྐབས་གནམ་གཤིས་ཀྱང་སྐྱོ་པོ་སྟོན་བཞིན་འདུག འོན་ཀྱང་དཀའ་བ་དང་དུ་བླངས་ནས་ཆོས་དོན་དུ་གཉེར་ཏེ་ཡོང་བ་དང་། འགའ་ཞིག་ཚོང་འདུས་ཀྱི་དོན་དུ་དམིགས་པ་ཡང་ཡོད་ཤས་ཆེ། ཕལ་མོ་ཆེ་ཆོས་དོན་གཉེར་བྱས་ན་ཡོང་བ་ཆགས་ཡོད། 

དེར་བརྟེན་གལ་གནད་ཆེ་ཤོས་ནི། ཆོས་ཆོས་སུ་སོང་བ་ཞིག་བྱེད་དགོས་པ་གལ་གནད་ཧ་ཅང་ཆེན་པོ་ཆགས་ཡོད། སྤྱིར་སྒྲ་ཡངས་པའི་དབང་དུ་བྱས་ན་ཆོས་ཞེས་པ་ནི། འཛམ་གླིང་འདིའི་སྟེང་ (Religion) ཞེས་བརྗོད་པ་ཚང་མར་ཕལ་ཆེར་གོ་ཐུབ་པ་ཞིག་ཡིན། རིས་སུ་མ་ཆད་པའི་ཆོས་ལུགས་གང་ཞིག་ཡིན་ནའང་། རང་རང་གི་ཆོས་ལུགས་དེ་དངོས་གནས་ཆོས་རྣམ་དག་ཅིག་ཡོང་བ་ལ་བློ་ཆོས་སུ་སོང་བ་ཞིག་དགོས་པ་ཡིན། ཁ་ཆེ་དང་། ཡེ་ཤུ། ཧིན་དྷུ། འཇིའུ་སོགས་ཆོས་ལུགས་མི་འདྲ་བ་མང་པོ་ཞིག་ཡོད། ཆོས་ལུགས་དེ་དག་ངའི་ཕ་མེས་དང་། ངའི་ཁྱིམ་ཚང་ཆོས་ལུགས་དེ་དང་དེ་ཡིན་ཞེས་དང་། དེ་ཡང་རང་ཉིད་ནང་པའི་ཆོས་པ་ཡིན། ཡེ་ཤུའི་ཆོས་པ་ཡིན། ཁ་ཆེའི་ཆོས་པ་ཡིན་ཞེས་བརྗོད་པ་ཙམ་གྱིས་མི་འགྲིག ཡེ་ཤུའི་ཆོས་པ་ཞིག་ཡིན་ན་སྟོན་པ་མ་ཤི་ཀས་ལམ་སྟོན་གནང་ནས་གསུངས་པ་དེ་དག་ལ་རང་ཉིད་ཀྱིས་ལག་ཏུ་བླངས་ནས་བྱེད་པ་དང་། དེ་བཞིན་ཁ་ཆེ་ཞིག་ཡིན་ན་སྟོན་པ་མོ་ཧཱ་མོ་དྷིས་ལམ་སྟོན་གནང་བའི་ནང་ནས་གཙོ་བོ་བྱམས་བརྩེས་མཚོན་པས་གཞན་ཕན་སྒྲུབ་པའི་བསླབ་བྱ་ཡོད་པ་རྣམས་ལ་རང་ཉིད་ཀྱིས་ལག་ལེན་གྱི་ཐོག་ནས་འགྲོ་ཐུབ་པ་ཞིག་བྱུང་ན་ཆོས་ཆོས་སུ་སོང་བ་རེད། དེ་མིན་ཆོས་ཞེས་བརྗོད་སྐབས། ལམ་དང་ལུགས་སྲོལ་ལྟ་བུ་ཞིག་ལས། ལག་ལེན་དངོས་ཀྱི་ཐོག་ནས་འགྲོ་བ་ཞིག་མེད་ན་ཆོས་ཆོས་སུ་སོང་བ་ཡོང་ཐབས་མེད། 

སྐབས་སུ་བབ་པ་སངས་རྒྱས་པའི་ཆོས་དང་། དེའི་ནང་ཚན་ནས་ལེགས་སྦྱར་གྱི་ཆོས་བརྒྱུད་ཀྱི་སངས་རྒྱས་པའི་ཆོས་ཤིག་ཆགས་ཡོད། དེས་ན་ཆོས་ཆོས་སུ་འགྲོ་བ་ཞིག་བྱ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་རེད། དེའི་ནང་ནས་ཀྱང་ཉན་རང་གི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་སམ། ཡང་ན་ཐེག་དམན་དང་ཐེག་ཆེན་གང་ཞིག་ཡིན་ནའང་། དེ་དག་ཀྱང་ཐེག་ཆེན་ཆོས་ཐེག་ཆེན་གྱི་ཆོས་སུ་སོང་བ་ཞིག་བྱུང་ན་ཆོས་གནད་དུ་སོང་བ་རེད། དེ་མིན་ཉམས་ལེན་བྱ་རྒྱུའི་ཆོས་དེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ནས་གསུངས་པའི་ཆོས་ཤིག་ཡིན་ནའང་། རང་ཉིད་ཀྱི་བསམ་བློ་དེ་རང་གཅེས་འཛིན་དང་། རང་དོན་ཡིད་བྱེད་བསམ་པ་གཙོ་བོར་བྱས་ནས་བསྡད་ན་བྱང་ཆུབ་སེམས་དཔའི་ཆོས་བྱང་ཆུབ་སེམས་དཔའི་ཆོས་སུ་ཕྱིན་མེད་ལ། དེ་བཞིན་ཐེག་ཆེན་གྱི་ཆོས་ཐེག་ཆེན་གྱི་ཆོས་སུ་འགྲོ་གི་མེད། སྐབས་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཆད་ཉན་བྱེད་བཞིན་ཡོད་པས། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་དེ་ཡང་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སུ་སོང་བ་ཞིག་བྱུང་ན། གཞུང་ནས་བཤད་པ་ལྟར་ཕན་ཡོན་རྣམས་རིམ་བཞིན་ཡོང་ཐུབ་པ་ཞིག་ཆགས་ཀྱི་ཡོད། དེ་ལྟར་སོང་བ་ཞིག་མ་བྱུང་ན་ཁག་པོ་རེད། 

དཔེར་ན། རྡོ་རྗེ་གདན་ལ་ཕྱིན་པ་ཡིན། ༸རྒྱལ་བ་རིན་པོ་ཆེའི་དྲུང་ནས་དུས་འཁོར་དབང་ཆེན་ཐོབ་སོང་ཞེས་དེ་གཅིག་པུའི་ཐོག་ཏུ་བཞག་ནས་སེམས་རྒྱུད་ལ་འགུལ་བསྐྱོད་ཐེབས་པ་ཞིག་དང་། སེམས་ལ་འགྱུར་བ་ཐེབས་པ་ཞིག་མ་བྱུང་ན་གནས་སྐོར་ཞིག་བྱུང་བ་ལས་དེ་མིན་བྱིན་རླབས་ཡོང་རྒྱུ་མེད། དེར་བརྟེན་ནམ་རྒྱུན་ངོས་ཀྱིས་གྲོགས་པ་རྣམས་ལ་འདི་ལྟར་བརྗོད་བཞིན་ཡོད། སྨོན་ལམ་བརྒྱབ་ནས་དོན་དག་འགྲུབ་རྒྱུ་མེད་པས་རང་ཉིད་ཀྱིས་ལག་ལེན་བསྟར་ཏེ་དོན་དག་གྲུབ་པ་ཞིག་བྱེད་དགོས་ཞེས་བརྗོད་ཀྱི་ཡོད། སྐབས་འདིར་ལག་ལེན་བསྟར་ཞེས་པ་ཐུན་མོང་མ་ཡིན་པའི་འགྲོ་སྟངས་ནི། བློ་ལ་འགྱུར་བ་བཏང་བ་དང་། དེ་ཡང་བསམ་བློའི་འཁྱེར་སོ་ལ་འགྱུར་བ་ཕྱིན་པའི་ཐོག་ནས་ངག་གི་སྤྱོད་ལམ་དངོས་གནས་བཟང་པོ་ཞིག་ཡོང་ཐུབ་པ་དང་། དེ་དང་འབྲེལ་བའི་ལུས་ཀྱི་སྤྱོད་པ་དེ་ཡང་བཟང་པོ་ཞིག་ཡོང་ཐུབ་པ། མདོར་ན་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དངོས་གནས་ཞི་ཞིང་དུལ་བ་གཞན་ཕན་གྱི་རང་བཞིན་ཅན་ཞིག་བྱུང་ན། ཆོས་ཀྱི་དགོས་དོན་དང་། ཆོས་ཆོས་སུ་སོང་བ་དང་། ཐེག་ཆེན་གྱི་ཆོས་ཐེག་ཆེན་གྱི་ཆོས་སུ་སོང་བ་ཞེས་པ་དེ་ལྟ་བུར་གོ་དགོས་པ་ཡིན། 

ཁྱེད་རང་ཚོས་ད་ལན་དཀའ་ལས་མང་པོ་བརྒྱབ་པ་དང་། འགྲོ་སོང་ཆེན་པོ་བཏང་ནས་འདིར་འདུས་པ་རེད། བདུན་ཕྲག་གཉིས་མིན་ཙམ་ཞིག་འདིར་བསྡད་པའི་རིང་ལ་གང་ཐུབ་ཀྱིས་བློ་བཅོས་རྒྱུ་དང་། བསམ་བློར་འགྱུར་བ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། མདོར་ན་དུས་འཁོར་དབང་ཆེན་ཞུས་ནས་ངའི་མི་ཚེ་ལ་འགྱུར་བ་ཕྱིན་སོང་ཞེས་པ་ཞིག་དགོས་པ་ཡིན། དཔེར་ན། ངོས་རང་ལ་ཆ་མཚོན་ན། རྡོ་རྗེ་གདན་གནས་ཁྱད་པར་ཅན་འདིར་ཕྱི་ལོ་ ༡༩༦༧ ཙམ་ལ་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་སྐུ་མདུན་ནས་སྤྱོད་འཇུག་གི་བཤད་ལུང་ཞུས་པ་ཡིན། དེ་ནས་བཟུང་སྟེ་ངོས་ཀྱིས་སྤྱོད་འཇུག་ཡང་ཡང་བལྟས་པ་དང་། གཞན་ལ་འཆད་པ་བཅས་ཀྱིས་ངོས་ཀྱི་མི་ཚེར་འགྱུར་བ་ཕྱིན་པ་ལྟ་བུ་ཞིག་ཡོད།

མདོར་ན་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་ན་མི་ཚེར་འགྱུར་བ་ཏན་ཏན་འགྲོ་བཞིན་འདུག་ལ། འགྱུར་བ་འགྲོ་རྒྱུ་ཡོད་པ་ཞིག་ཀྱང་རེད་འདུག འགྱུར་བ་འགྲོ་རྒྱུ་མེད་པ་ཞིག་ལ་སྨོན་ལམ་བརྒྱབ་ནས་ཕན་ཐོགས་གང་ཡང་མེད། དཔེར་ན། རྡོ་ཞིག་བཟའ་བཅའི་ངོ་བོར་འགྱུར་བར་ཤོག ཅེས་སྨོན་ལམ་བརྒྱབ་ན་ཡོང་རྒྱུ་གང་ཡང་མེད་པ་ལྟ་བུ་ཞིག་ཆགས་ཡོད། དེ་ལྟར་འགྱུར་བ་འགྲོ་རྒྱུ་མེད་པ་ཞིག་ཡིན་ན་སྨོན་ལམ་བརྒྱབ་ནས་ཕན་ཐོགས་མེད། འགྱུར་བ་འགྲོ་རྒྱུ་ཡོད་པ་ཞིག་ཡིན་སྟབས། སྨོམ་ལམ་བརྒྱབ་ཅེས་པ་རང་ཉིད་ཀྱི་བསམ་བློར་འགྱུར་བ་གཏོང་བའི་ལམ་ཕྱོགས་དེ་གེགས་མེད་ལྷུན་གྲུབ་ཡོང་བའི་སྨོན་ལམ་ཞིག་འདེབས་དགོས་པ་ཡིན། 

མདོར་བསྡུས་ནས་བརྗོད་ན། ང་ཚོས་དམིགས་ཡུལ་གང་འདྲ་ཞིག་འཛིན་དགོས་སམ་ཞེ་ན། ཤེས་རབ་སྙིང་པོ་ལས། ཏདྱཐ། ག་ཏེ་ག་ཏེ། པ་ར་ག་ཏེ། པ་ར་སཾ་ག་ཏེ། བོ་དྷི་སྭ་ཧཱ། ཞེས་ཚོགས་ལམ་དང་། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་བཅས་རིམ་པར་བགྲོད་ཐུབ་པ་ཞིག་དགོས་པ་ཡིན། དེ་ཡང་ཐོག་མར་ལམ་མ་ཞུགས་ཀྱི་ས་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བས་གྲོགས་བྱས་པའི་ཐོག་ནས་སེམས་ལ་འགྱུར་བ་ཐེབས་ནས་རང་དོན་ཡིད་བྱེད་ཀྱི་བློ་ཉུང་དུ་ཕྱིན་པ་དང་། གཞན་དོན་དོན་གཉེར་གྱི་བློ་ཤུགས་ཆེ་རུ་ཕྱིན་པ་བཅས་དེ་ལྟར་འགྲོ་འཆག་ཉལ་འདུག་གང་གི་སྐབས་སུ་ཡང་གཞན་ཕན་བསྒྲུབ་ཐུབ་པའི་བློ་ཞིག་བསྐྱེད་པ་དང་། གཞན་ཕན་བྱེད་པ་དེ་ཡང་གཞན་ཕན་མཐའ་ཡས་པ་སྒྲུབ་ཐུབ་པའི་ཆེད་དུ་བསམ་བློ་གཏོང་སྐབས་ཆེད་དུ་བྱ་བ་གཞན་དོན་རྣམ་མཁྱེན་དོན་གཉེར་གྱི་བློ་དེ་སླེབས་ཡོང་གི་ཡོད། དེ་ཡང་རྒྱུ་མཚན་ལ་དཔྱད་པ་བྱེད་པ་དང་། རྒྱུ་མཚན་གྱི་ཐོག་ནས་འགྲོ་བ་ལས། སངས་རྒྱས་ཀྱིས་གསུངས་པ་རེད་ཅེས་བརྗོད་པ་མིན་པར་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་འཁོར་བ་ཞིག་ཡོད། འདི་ལྟར་བྱས་ཏེ་བློ་ལ་འགྱུར་བ་ཐེབས་དགོས་པ་དང་། བློ་ལ་འགྱུར་བ་ཐེབས་ཞེས་པ་ནི། ཉིན་གཅིག་གཉིས་ནང་དབང་ལན་གཅིག་ཞུས་ནས་ལམ་སེང་བློ་ལ་འགྱུར་བ་འགྲོ་ཐབས་མེད། མེ་ཏོག་གི་སོན་ཞིག་བཏབ་ན་སོན་དེ་བདུན་ཕྲག་དང་བདུན་ཕྲག་བྱས་ཏེ་རིམ་བཞིན་སྐྱེ་འཚར་ཡོང་དགོས་པ་ལས། དེ་རིང་སོན་བཏབ་ནས་སང་ཉིན་མེ་ཏོག་ཤར་བ་ལྟ་བུ་ཡོང་ཐབས་མེད། 

ལྷག་པར་ནང་གི་ཤེས་རྒྱུད་ཀྱི་ནང་དུ་ཤེས་རྒྱུད་མཐར་ཐུག་རྣམ་པ་མཁྱེན་པའི་ཡེ་ཤེས་ལ་འགྱུར་བའི་དམིགས་ཡུལ་གྱི་ས་བོན་དེ་དབང་ཞུས་ནས་སྐབས་དེར་ས་བོན་དེ་འདེབས་བཞིན་ཡོད། དེ་ལྟ་བུའི་ས་བོན་དེ་རིམ་བཞིན་ཕྱི་ཡི་ས་བོན་ཆུ་ལུད་དྲོད་བཤེར་སོགས་འཛོམས་པའི་ཐོག་ནས་སྡོང་པོ་རྒྱས་དགོས་པ་བཞིན་དུ་ནང་གི་ཤེས་རྒྱུད་ཀྱི་ཡོན་ཏན་དང་། ཤེས་རྒྱུད་ཀྱི་མཐར་ཐུག་པ་ནི། ཤེས་པ་འདི་གསལ་རིག་གི་བདག་ཉིད་ཅན་ཡིན་སྟབས། གསལ་རིག་གི་བདག་ཉིད་ཅན་གྱི་ཤེས་པ་འདིའི་སྟེང་ནས་ཆོས་ཐམས་ཅད་མཁྱེན་པའི་རིག་པ་ཡེ་ཤེས་ཤིག་སྒྲུབ་པའི་ནུས་པ་རང་ཆས་སུ་ཡོད། དེ་ནི་ཆོས་ཉིད་ཀྱི་རིགས་པ་ཡིན་པས་རང་ཆས་སུ་ཡོད་ལ། སྒྲུབ་བྱེད་ལ་བསམ་བློ་གཏོང་རྒྱུ་ཡོད། དེའི་སྟེང་གི་ཤེས་བྱ་ཤེས་པ་ལ་བར་དུ་གཅོད་པའི་སྒྲིབ་པ་བསལ་ན་ཤེས་པ་དེ་ཉིད་ཀྱི་སྟེང་ནས་ཡུལ་རིག་པའི་ནུས་པ་རང་ཆས་སུ་ཡོད་པ་ཞིག་ཡིན། དེས་ན་རྒྱུད་བླ་མ་ལས། 

རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་།། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་།།
རིག་ཡོད་ཕྱིར་ན་ཡུལ་ཅན་ཀུན།། རྟག་ཏུ་སངས་རྒྱས་སྙིང་པོ་ཅན།།

ཞེས་གསུངས་ཡོད། དེས་ན་ང་རང་ཚོའི་ཉམས་མྱོང་གི་ཐོག་ནས་བརྩིས་ནའང་། མི་ཚེའི་འགོ་སྟོད་སེམས་རྩུབ་པོ་རང་དོན་ཁོ་ན་བསམས་ནས་སྡོད་མཁན་གྱི་མི་ཞིག་རིམ་བཞིན་བློ་ལ་འགྱུར་བ་ཐེབས་སྐབས། སེམས་ཞི་ཞིང་འདུལ་བ། དངོས་གནས་གཞན་ཕན་གྱི་བློ་བསྐྱེད་པའི་ཐོག་ནས་གཞན་ལ་ཕན་བདེ་སྒྲུབ་ཐུབ་མཁན་ང་ཚོའི་མི་ཚེའི་ནང་འགྱུར་བ་འགྲོ་བ་མཐོང་ཆོས་སུ་ཡོད། དེ་ནི་བློ་སྦྱངས་པ་ལས་བྱུང་བ་ཡིན། བློ་སྦྱོང་ཞེས་པ་དེ་ཡང་སྡིག་པ་བཤགས་ཤིང་། དགེ་བ་སྤེལ་བ་བཅས་བསགས་སྦྱང་ཁོ་ནའི་ཐོག་ནས་བློ་སྦྱོང་བ་ཞིག་མིན་པར། བློ་སྦྱོང་ཞེས་པ་ནི་གཙོ་བོ་དམིགས་རྣམ་སྐྱོང་བའི་ཐོག་ནས་ཡོང་དགོས། དེ་ཡང་མི་ལུས་འདིའི་ཐོག་ནས་དམིགས་རྣམ་སྐྱོང་བའི་ནུས་པ་གཞན་དང་མི་འདྲ་བ་ཞིག་ཡོད། དམིགས་རྣམ་སྐྱོང་ཞེས་པ་ནི། བསྒོམ་བྱའི་དོན་གང་དང་གང་ཞིག་ཡིན་ནའང་། དེ་ལ་རིགས་པས་བསྒྲུབས་ནས་བསམ་བློ་གཏོང་བ་དང་། ཚན་རིག་གི་ཐོག་ནས་སྒྲུབ་བྱེད་ལེན་རྒྱུ་ཡོད་ལ། དེ་ལྟ་བུའི་ཐོག་ནས་བསམ་བློ་འདི་འདྲ་ཞིག་བཏང་ན་འཕྲལ་དུ་བདེ་བ་དང་། ཕུགས་ལ་ཕན་པ། ཚེ་འདི་སྐྱིད་པ། ཚེ་ཕྱི་མ་བདེ་བ། མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་ཐུབ་པ་ཞིག་ཡོང་གི་རེད་བསམ་པའི་བསམ་བློ་བཏང་སྟེ་སེམས་ལ་ངེས་པ་ཡག་པོ་ཞིག་རྙེད་སྐབས་བློ་དེའི་ཕྱོགས་སུ་འགྲོ་བ་ཞིག་ཡོང་ངེས་ཡིན། 

ད་ལྟ་ང་རང་ཚོ་ཉོན་མོངས་དུག་གསུམ་དང་དུ་བླངས་པ་ལྟ་བུ་ཞིག་ཆགས་ཡོད་སྟབས། ཆོས་ཆོས་སུ་སོང་བ་ཞེས་པ་ནི། གཙོ་བོ་བློ་སྦྱངས་ནས་ཉོན་མོངས་པའི་གཞན་དབང་གི་བློ་ལ་རིམ་བཞིན་འགྱུར་བ་བཏང་ནས་དགེ་བའི་བློ་ལ་འགྱུར་ཐུབ་པ་ཞིག་དགོས་ལ། དེ་ལྟའི་དགེ་བ་ལའང་རབ་འབྲིང་མང་དུ་ཡོང་བ་ཡིན། གཙོ་བོ་གོང་ཞུས་ལྟར་ཚོགས་ལམ་དང་། སྦྱོར་ལམ། མཐོང་ལམ། སྒོམ་ལམ་སོགས་མི་ཚེ་འདིར་མི་ལུས་ཐོབ་པ་དང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་འདི་ལྟ་བུ་ཞིག་ཡོད་པའི་སྐབས་འདིར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་སྡིག་པ་གསོག་པའི་རྐྱེན་དུ་མ་སོང་བ་དང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གི་ས་ལ་འགྲོ་ཐུབ་པ་ཞིག་ལ་བེད་སྤྱོད་བྱས་ན་དངོས་གནས་མཁས་པ་རེད།

དེས་ན་དེ་རིང་འདིར་བློ་ཆོས་སུ་སོང་བ་དང་། ཆོས་ཆོས་སུ་སོང་བ་ཞིག་དགོས་ཞེས་པའི་སྙིང་པོ་ནི། འདི་ལྟར་བློ་ལ་འགྱུར་བ་གཏོང་དགོས་པ་ཡིན། དུས་འཁོར་དབང་ཆེན་ཞུས་ནས་རོགས་པ་རྣམས་ཀྱིས་ཀྱང་ང་ཚོའི་གྲོགས་པོ་དུས་འཁོར་དབང་ཆེན་ཞུས་ནས་སེམས་བཟང་དུ་ཕྱིན་པ་ལྟ་བུ་ཞིག་འདུག བགད་མོ་དགོད་རྒྱུ་མང་དུ་ཕྱིན་འདུག་ཅེས་བརྗོད་རྒྱུ་ཞིག་བྱུང་ན་ཡག་པོ་ཡོང་གི་རེད། ང་ཚོའི་གྲོགས་པོ་དུས་འཁོར་དབང་ཆེན་ཞུས་ནས་ཚུར་ལོག་ཡོང་སྐབས་འགྱུར་བ་གང་ཡང་ཕྱིན་མི་འདུག་ཅེས་བརྗོད་ན་དཀའ་ལས་ཁག་པ་སྡུག་གྱོང་ལྟ་བུ་ཞིག་རེད། དེ་ལྟར་ཞུ་འདོད་བྱུང་།  དེ་ལྟ་བུའི་བློ་ལ་འགྱུར་བ་གཏོང་དགོས་པ་གལ་གནད་ཆེན་པོ་ཡིན་སྟབས། སྔར་ནས་དུས་ཀྱི་འཁོར་ལོའི་དབང་མོ་ཆེ་ཞེས་བརྗོད་སྐབས་མི་མང་པོས་དོ་སྣང་བྱས་ཏེ་ཡོང་བཞིན་ཡོད། ངོས་ནས་མི་མང་འདུས་པ་དེ་དག་ལ་དངོས་གནས་ཁ་ཡོད་ལག་ཡོད་ཀྱི་བསམ་བློ་གཏོང་སྟངས་ཀྱི་འགྲེལ་བཤད་རྒྱག་རྒྱུར་སྤྱོད་འཇུག་དེ་ཧ་ཅང་ཡག་པོ་ཞིག་རེད་འདུག གོང་དུ་བརྗོད་པ་ལྟར། ངོས་ཀྱིས་སྤྱོད་འཇུག་ཞུས་པ་ནས་རིམ་བཞིན་བློ་ལ་འགྱུར་བ་ཐེབས་པ་ཞིག་དང་། རང་གཅེས་འཛིན་གྱི་བློ་ལ་འགྱུར་བ་ཐེབས་པ་ཞིག་བྱུང་། དེ་བཞིན་གཞུང་ཆེན་བཅུ་གསུམ་ནང་གི་རྩ་བ་ཤེས་རབ་ཀྱི་བཤད་ལུང་ཡང་ཞུས་པ་ཡིན། རྩ་བ་ཤེས་རབ་ནི་གཙོ་ཆེ་རྗེ་བདག་ཉིད་ཆེན་པོས་རྩ་ཤེ་ཊཱིཀ་ཆེན་དེ་ཟབ་པོ་ཧ་ལས་པ་ཞིག་རེད་འདུག དེ་དག་གི་ཐོག་ནས་བསམ་བློ་གཏོང་སྐབས་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་ཐོག་ནས་ཏན་ཏན་སེམས་ནང་ལ་ཚོར་བ་ཤུགས་དྲག་པོ་ཞིག་ཡོང་བ་དང་། དེའི་ལག་རྗེས་ལ་ཉོན་མོངས་ཆུང་དུ་འགྲོ་བ་དང་། རང་གཅེས་འཛིན་ཤུགས་ཆུང་དུ་འགྲོ་བ། དེ་དག་གི་འབྲས་བུར་སེམས་སྐྱིད་པ་དང་ལུས་བདེ་བ་ཡོང་བ་དང་། སེམས་སྐྱིད་ལ་ལུས་བདེ་བའི་ཐོག་ནས་མི་ཚེ་རིང་བ་ཡོང་བ་ཡིན། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམས་ན་བར་ཆད་སེལ་བ་ལའང་དེས་ཕན་པ་དང་། ཚེ་སྒྲུབ་ཀྱང་དེ་ལས་ལྷག་པ་མེད། དབང་འདུས་ཞེས་པ་དེ་ཡང་དེ་རེད། 

ལྷ་རྫིག་པོ་ཞིག་བསྒོམས་ནས་དབང་དུ་འདུ་ཐུབ་མིན་མི་ཤེས་ཀྱང་། སེམས་རྒྱུད་བཟང་པོ་བྱེད་པ་དང་། དྲང་པོ་དྲང་བཞག་དང་བསམ་པ་རྣམ་དག་བྱས་ན་གྲོགས་པོ་མང་པོ་ཡོང་བ་དང་། ཕལ་ཆེར་ཞི་སོགས་ཀྱི་ལས་རབ་འབྱམས་སྒྲུབ་རྒྱུ་དེ་ཡང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ལྟ་བ་གཉིས་ལ་བསམ་བློ་བཏང་ན། ལྷ་དྲག་པོ་བསྒོམས་ནས་དྲག་སྔགས་མང་དུ་བགྲངས་བ་དང་། གཏོར་མ་འཕེན་པ་སོགས་བྱས་ནས་བསྡད་པ་ལས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་དུས་རྒྱུན་དུ་རྒྱུན་ཟས་ལྟར་བསམ་བློ་ལེགས་པར་བཏང་ན་མི་ཚེ་ལ་འགྱུར་བ་འགྲོ་ངེས་པ་དང་། མི་ཚེར་ཕན་ཐོགས་ཡོང་བ། ཟབ་དང་རྒྱ་ཆེ་བའི་ལམ་བཅོམ་ལྡན་འདས་ཀྱི་དགོངས་པ་དང་། པཎ་གྲུབ་བཅུ་བདུན་གྱིས་ཇི་ལྟར་ལམ་སྟོན་ཡོད་པ་ལྟར་ཡག་པོ་ཞིག་བྱས་ན་མི་ཚེ་འདི་ཉིད་བཟང་པོ་ཞིག་བྱུང་ན། སྐྱེ་བ་ཕྱི་མ་མི་ལུས་ཐོབ་པ་དང་། སངས་རྒྱས་ཀྱི་བསྟན་དང་མཇལ་ནས་དལ་འབྱོར་གྱི་ལུས་རྟེན་ཐོབ་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཐམ་པ་ངོས་ཀྱིས་ཐག་ནས་བརྗོད་ཐུབ་པ་ཞིག་ཡིན། ཤི་བའི་སྐབས་སུ་སྐྱབས་འཇུག་ཞུ་བ་དང་། བསྔོ་བ་དང་འཕོ་བ་གནང་རོགས་གནང་ཞེས་བརྗོད་པས་མངོན་མཐོའི་ལུས་རྟེན་བཟང་པོ་ཞིག་ཐོབ་མིན་བརྒྱ་ཆ་བརྒྱ་ཐམ་པ་ཚོད་ཐིགས་པ་ཡོང་ཐབས་མེད། རང་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་བསམ་བློ་ཡག་པོ་ཞིག་བཏང་། དེ་ལྟར་ཡོད་པའི་ཐོག་ཏུ་གསང་སྔགས་ཀྱི་ལྷ་ཡི་རྣལ་འབྱོར་ཡང་སྣོན་མ་བརྒྱབ་ནས་བྱེད་རྒྱུ་ཞིག་བྱུང་ན་ཚེ་རབས་ནས་ཚེ་རབས་བདེ་བ་ཞིག་ཡོང་བ་བརྒྱ་ཆ་བརྒྱ་ཐམ་པ་ཐག་བཅད་ཐུབ་པ་ཞིག་ཡིན། བྱང་ཆུབ་ཀྱི་སེམས་ཡག་པོ་ཞིག་བསམ་བློ་བཏང་ན། བྱམས་སྨོན་ལས།

ངན་འགྲོའི་ལམ་ནི་བཟློག་བགྱིད་ཅིང་།། མཐོ་རིས་ལམ་ནི་རབ་སྟོན་ལ།།
རྒ་ཤི་མེད་པར་འདྲེན་བགྱིད་པའི།། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།།

ཞེས་སོགས་གསུངས་པ་ལྟར་ངན་འགྲོའི་ལམ་བཟློག་ནས་མཐོ་རིས་ཀྱི་ལུས་རྟེན་ཐོབ་པ་དང་། མཐོ་རིས་ཀྱི་ལུས་རྟེན་དེའི་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་བསྒོམས་ཏེ་ངེས་ལེགས་མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཐུབ་པ་ཡོང་བ་ཞིག་ཆགས་ཡོད། 

ཆོས་ཀྱི་སྙིང་པོ་ནི། ངོས་ཀྱི་ཉམས་ལེན་ཡང་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་གཙོ་བོ་ཡིན་ལ། ཁྱེད་རང་ཚོས་ཀྱང་དེ་བཞིན་བྱས་ཏེ་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཞུ་བར་ཡོང་སྟེ། སྤྱོད་འཇུག་ཉན་ནས་སྤྱིར་སངས་རྒྱས་པའི་ཆོས་ཀྱི་འགྲོ་ལུགས་དང་། ཡང་སྒོས་བྱང་ཆུབ་སེམས་དཔའི་ཆོས་ཀྱི་འགྲོ་སྟངས། ཐེག་ཆེན་གྱི་ཆོས་ཀྱི་འགྲོ་སྟངས་ཇི་ལྟར་ཡིན་པ་རྣམས་གོ་བ་ཆགས་པ་དང་། གོ་བ་ཆགས་པ་དེའི་ཐོག་རང་ཉིད་ཀྱིས་ཡང་ཡང་བསམ་བློ་བཏང་སྟེ་ངེས་པ་ཐོབ་པ་ཞིག་བྱས། ངེས་པ་ཐོབ་པའི་དོན་དེར་ཡང་ཡང་འདྲིས་ཤིང་གོམས་པར་བྱས་ན་བསྒོམས་པའི་ཉམས་མྱོང་སྐྱེ་བ་ཡོང་ངེས་ཡིན།  དེར་བརྟེན་སྔོན་འགྲོར་སྤྱོད་འཇུག་འཆད་རྒྱུ་དང་། དེ་ཡང་དུས་རབས་བརྒྱད་པ་ཙམ་དུ་རྒྱལ་སྲས་ཞི་བ་ལྷས་མཛད་པ་ཞིག་ཡིན་ཚུལ་བརྗོད་ཀྱི་འདུག ངོས་ནས་ཡག་པོ་ཞིག་མི་ཤེས། གང་ལྟར་མཛད་པ་པོ་དཔལ་ནཱ་ལེནྡྲའི་མཁས་པ་དང་། དེ་ཡང་ཀླུ་སྒྲུབ་ཀྱི་རྗེས་འབྲང་ཆགས་ཡོད། བྱང་ཆུབ་སེམས་སྦྱོང་གི་སྐོར་གཙོ་བོར་གསུང་གི་ཡོད། དེ་ཡང་ཀླུ་སྒྲུབ་ཀྱི་གཞུང་བྱང་ཆུབ་སེམས་འགྲེལ་དང་། དབུ་མ་རིན་ཆེན་ཕྲེང་བ་སོགས་གཞིར་བཞག་གིས་གསུང་གི་ཡོད། བདག་གཞན་མཉམ་བརྗེའི་བློའི་སྐོར་ཐོན་ཡོང་གི་འདུག དེས་ན་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ནང་བདག་གཞན་མཉམ་བརྗེའི་སྐོར་གསུངས་ཡོད། འོན་ཀྱང་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་དུ་ཞིབ་ཚགས་པ་ལྟ་བུ་ཡོད། མདོར་ན་ཀླུ་སྒྲུབ་ཡབ་སྲས་དང་། ཐོགས་མེད་སྐུ་མཆེད་ནས་བརྒྱུད་པ་ཞིག་ཆགས་ཡོད། 

དེའི་ཐོག་ཏུ་སྒོམ་རིམ་བར་པ་འཆད་འཆར་ཡོད། སྒོམ་རིམ་བར་པ་ནི་མཁན་ཆེན་ཞི་བ་འཚོའི་ཐུགས་སྲས་སམ་སློབ་མའི་གཙོ་བོ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་དང་། དེ་ཡང་སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་དུ་ཕེབས་ནས་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བསྐུལ་མ་གནང་བ་ལ་བརྟེན་ནས་སྒོམ་རིམ་ཐོག་མཐའ་བར་གསུམ་དེ་ལྗགས་རྩོམ་མཛད་པ་ཡིན། སྐབས་དེར་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ལས་དཔྱད་སྒོམ་དགོས་མིན་སོགས་ཀྱི་ཐད་བགྲོ་གླེང་ངམ་རྩོད་གླེང་ཤུགས་ཆེན་པོ་བྱུང་བའི་སྐབས་དེར་མཛད་པ་ཞིག་ཡིན་པ་རེད། 

དེར་བརྟེན་བསྐུལ་མ་མཛད་མཁན་བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་ཁྲི་སྲོང་ལྡེའུ་བཙན་དང་། མཛད་པ་པོ་དེ་ཡང་བོད་ལ་སངས་རྒྱས་ཀྱི་བསྟན་པ་དངོས་སུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཇི་བཞིན་བསྟན་པའི་རྐང་ཚུགས་པའི་མཛད་འགན་བཞེས་མཁན་ཞི་བ་འཚོ་དང་། སློབ་དཔོན་ཐུགས་རྗེ་ཅན་གྱིས་ཕྱི་ནང་གི་འགལ་རྐྱེན་རྣམས་སེལ་བར་མཛད་ཅིང་། འདི་ལྟར་བྱས་ཏེ་ཆོས་རྒྱལ་གྱིས་སྦྱིན་བདག་དང་། མཁན་ཆེན་ཞི་འཚོས་གཙོ་བོ་ཕྱག་དཔེ་སློབ་ཁྲིད་དང་། བསླབ་སྡོམ་གནང་རྒྱུས་མཚོན་གཙོ་བོར་གནང་བ་དང་། གཞན་ཡང་བཀའ་བསྟན་བསྒྱུར་བའི་ཐུགས་འགན་བཞེས་པར་བརྟེན་མཁན་སློབ་ཆོས་གསུམ་ཞེས་ང་རང་ཚོས་ཧ་ཅང་རྩ་ཆེན་དུ་བརྩི་བཞིན་ཡོད། དེ་ལྟ་བུའི་ཕྱག་དཔེ་འདི་ཡང་ཆོས་རྒྱལ་གྱིས་བསྐུལ་མ་གནང་ཞིང་། མཁན་ཆེན་ཞི་བ་འཚོ་དང་དབྱེར་མེད་ཁོང་གི་དངོས་སློབ་ཀ་མ་ལ་ཤཱི་ལ་མཛད་པ་དང་། ཁོང་མཁས་པ་ཇི་ལྟར་ཡིན་པ་ཁོང་གིས་མཛད་པའི་དབུ་མའི་གཞུང་ཡོད་ལ། ཁོང་གི་སློབ་དཔོན་མཁན་ཆེན་ཞི་འཚོས་མཛད་པའི་ཚད་མའི་དེ་ཁོ་ན་ཉིད་ཀྱི་འགྲེལ་པ་བསྟན་འགྱུར་གྱི་ནང་དུ་བཞུགས་པ་པོ་ཏི་འབྲིང་ཚད་གཉིས་ཡོད་ཅིང་། ངོས་ཀྱིས་གཞུང་དེ་དག་མཇལ་བ་ཡིན། མཁས་པ་ཆེན་པོ་རེད་འདུག དེ་ལྟར་མཛད་པ་པོ་དེ་ཉིད་ཀྱང་བསམ་གྱིས་མི་ཁྱབ་པ་ཞིག་རེད། བསྐུལ་བ་པོ་དེ་ཉིད་ཀྱང་བསམ་གྱིས་མི་ཁྱབ་པ་ཞིག་རེད། དེར་བརྟེན་ང་རང་ཚོ་བོད་གངས་ཅན་གྱི་ལྗོངས་དང་ལས་འབྲེལ་ཡོད་པ་ཞིག་དང་། འབྲེལ་བ་ཡོད་པ་ཞིག་མིན་ནམ་སྙམ་བྱུང་། 

གཙོ་བོ་སྒོམ་རིམ་བར་པའི་བརྗོད་བྱ་ནི། གཞི་ཡི་རྣམ་གཞག་དང་། ལམ་གྱི་རྣམ་གཞག འབྲས་བུའི་རྣམ་གཞག་བཅས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རྒྱས་བསྡུས་ཙམ་ལས་ཆ་ཚང་བ་ཞིག་གསུང་གི་འདུག་པས། སྒོམ་རིམ་བར་པ་འདི་ཉིད་འཆད་རྒྱུ་དང་། དེ་ཡང་ཐོག་མར་གཞི་རྩ་སྒོམ་རིམ་བར་པའི་ཐོག་ནས་འཆད་རྒྱུ་དང་། བདག་གཞན་མཉམ་བརྗེའི་བྱང་ཆུབ་སེམས་སྦྱོང་གི་སྐབས་ནས་སྤྱོད་འཇུག་འཆད་དགོས་སྙམ་ནས་བསྡད་ཡོད། ནམ་རྒྱུན་སྔོན་འགྲོའི་གསུང་ཆོས་ཉིན་གྲངས་གསུམ་རིང་བྱེད་བཞིན་ཡོད་ཀྱང་། ད་ལན་འདིར་མི་མང་པོ་ཞིག་འདུས་ཡོད་སྟབས། ཅུང་ཟད་ལྷོད་པ་བྱས་ན་ཉིན་གྲངས་བཞི་རིང་བྱེད་དགོས་མིན་ནམ་སྙམ། འདི་ལྟར་ཡིན། ཕྱག་དཔེ་ཡང་ད་ལན་གང་འཚམ་དཔར་བསྐྲུན་གནང་ཡོད་འདུག དེ་ལུགས་གཟབ་གཟབ་གནང་ཤོག་ཨང་། ཞེས་བཀའ་སློབ་སྩལ་བ་དང་།  ཕྱག་ཚོད་ ༩ དང་སྐར་མ་ ༥༢ ཐོག་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་སློབ་མ་རྗེས་འཛིན་གྱི་དབུ་འཛུགས་མཛད། དེ་ཡང་ཐོག་མར་བགེགས་གཏོར་གཏོང་བ་གནང་ཞིང་། དེ་རྗེས་གསོལ་བཏབ་པ། ༼ཚོགས་གཙོ་དང་སྲིད་སྐྱོང་རྣམ་གཉིས་ནས་༽ སོར་ཤིང་དོར་བ། གནས་དྲུག་ཏུ་ཡིག་དྲུག་འགོད་ནས་སྲུང་བ་བྱེད་པ་བཅས་སློབ་མ་རྗེས་འཛིན་ལེགས་པར་གྲུབ་ལ། དུས་འཁོར་དབང་ཆེན་ཡོངས་སུ་མ་གྲུབ་པར་ཉིན་རེ་བཞིན་དུ་ཨོཾ་ཨ་ཧཱུཾ་ཧོ་ཧྃ་ཀྵ། གྲངས་གསོག་སྨིན་སྒྲུབ་གནང་དགོས་པར་བཀའ་ཕེབས།

ཕྱག་ཚོད་ ༡༠ དང་སྐར་མ་ ༢༣ གཏང་རག་གི་མཎྜལ་ཚོམ་བུ་དགུ་པ་འབུལ་གནང་མཛད། དེ་རྗེས་མཇུག་ཆོག་དང་། བདེན་ཚིག་སྨོན་ལམ། སྨོན་ལམ་ལོག་པས་བཅས་གསུངས་ཏེ་ལེགས་པར་གྲུབ་རྗེས་སང་ཉིན་དང་གནངས་ཉིན་ས་ཆོག་གི་ཞལ་འདོན་བཏོན་ནས་འགོར་རྒྱུར་མང་ཚོགས་རྣམས་བྱ་རྒོད་ཕུང་རི་དང་། ནཱ་ལེནྡྲ། བསིལ་བ་ཚལ་བཅས་གནས་སྐོར་ལ་འགྲོ་འདོད་ཡོད་པ་རྣམས་ཕྱིན་ན་ལེགས་པ་དང་། ཚེས་ ༥ ནས་སྤྱོད་འཇུག་གི་བཀའ་ཆོས་ཉིན་རྒྱབ་ཕྱག་ཚོད་ ༡༢།༣༠ ནས་ ༣།༣༠ བར་ཙམ་བྱ་རྒྱུ། གནམ་གཤིས་གྲང་བ་བཅས་ཀྱི་འཕྲོད་བསྟེན་ལ་གཟབ་ནན་བྱེད་དགོས་པའི་ལམ་སྟོན་ཕེབས་པ་བཅས།། །།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།