༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

དབུ་མ་བཞི་བརྒྱ་པའི་གསུང་ཆོས་དབུ་འཛུགས་མཛད་པ། ༢༠༡༦ ཟླ་བ་ ༡༠ ཚེས་ ༣

འགྲེམ་སྤེལ།

༄༅།།ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༣ ཉིན་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་ཆོས་ཞུ་བ་རྣམས་ལ་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་རེད།

དེ་ཡང་སྔ་དྲོ་ ༨ དང་སྐར་མ་ ༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་སྤོས་སྣེས་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་རྒྱ་སྐད་ཀྱི་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་པ་དང་། དེ་ནས་༸གོང་ས་མཆོག་གིས་ཆོས་ཞུ་བ་རྣམས་ལ་འཚམ་འདྲིའི་བཀའ་སློབ་སྩལ་དོན།  དེ་རིང་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོ་ཐའེ་ཝན་ནས་ཆེད་དུ་ཕེབས་པའི་བསྟན་འཛིན་བྱམས་ཆེན་གྱི་ཆོས་ཚོགས་ཀྱི་རབ་བྱུང་ཕོ་མོ་དང་། ཉེ་ཆར་གསར་དུ་སྒྲུབ་པའི་རབ་བྱུང་ཕོ་མོ་རྣམ་པ་ཚོ། དེ་བཞིན་གནས་བརྟན་བགྲེས་པ་ཚོ་དང་། བསྟན་འཛིན་བྱམས་ཆེན་གྱི་ཆོས་ཚོགས་ཁུངས་ཀྱི་ཆོས་གྲོགས་ཚོ། དེ་མིན་གྱི་ཐའེ་ཝན་ལ་ཡོད་པའི་ས་དགེ་བཀའ་རྙིང་རིས་མེད་ཀྱི་ཆོས་ཚོགས་ནས་ཕེབས་པ་རྣམས་དང་། ཕལ་ཆེར་སྐམ་ས་ཆེན་མོ་ནས་ཀྱང་འགའ་ཤས་ཡོད་པ་རེད། 

ལོ་རྒྱུས་ཀྱི་ཐོག་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཉམས་ལེན་གྱིས་རྗེས་སུ་འབྲང་མཁན་ལ་རྒྱ་མི་རིགས་སྤྱི་ཡོངས་ཀྱི་ཆ་ནས་སངས་རྒྱས་ཀྱི་རྗེས་འབྲངས་ཆགས་ཀྱི་འདུག འཛམ་གླིར་འདིར་རྒྱ་རིགས་ཡོད་ས་དཔེར་ན་ཨ་རིའི་ལོ་སི་ཨན་ཇི་ལི་སི་(os angeles)དང་ནེའུ་ཡོག་སོགས་རྒྱ་མི་རིགས་མང་པོ་ཡོད་སའི་ས་ཁུལ་དུ་ནང་པའི་ལྷ་ཁང་འདུག དེ་བཞིན་ཝི་ཏི་ནམ་གྱི་ཚོགས་པ་ཡོད་ས་མང་ཆེ་བའང་ནང་པའི་ལྷ་ཁང་འདུག ཨོ་སི་ཁྲི་ལི་ཡར་མཚོན་ནའང་ཝི་ཏི་ནམ་གྱི་ཆོས་ཚོགས་ཤིག་ཡོད་པ་དང་ནང་པའི་ལྷ་ཁང་ཡང་ཆེན་པོ་གཅིག་འདུག མ་ལིས་ཤི་ཡ་མཚོན་ནའང་རྒྱ་རིགས་མང་པོ་ཡོད་པ་དང་མང་པོ་ཞིག་ནང་པ་རེད། ཨིན་དི་ནི་ཞིས་ཡ་ཡང་དེ་བཞིན་རེད། དེར་བརྟེན་ལོ་རྒྱུས་ཀྱི་ཐོག་ནས་ཕ་མེས་ནས་སངས་རྒྱས་པའི་ཆོས་ཀྱི་རྗེས་སུ་འབྲང་མཁན་ཆགས་ཡོད་པ་རེད། 

ངོས་ཀྱིས་ནམ་རྒྱུན་འདི་ལྟར་བརྗོད་ཀྱི་ཡོད། པཱ་ལའི་ཆོས་བརྒྱུད་འཛིན་མཁན་གྱི་འབར་མ། ཐའེ་ལན་ཌི། ཤྲིལིངྒ། ཀམ་པོ་ཌི་ཡ། ལའོ་ས་སོགས་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་ཤོས་ཆགས་ཡོད་པ་རེད། དེའི་རྗེས་ལ་ཏཀྴ་ཤི་ལ་དང་ནཱ་ལེནྡྲ། བྷྲི་ཀྲ་མ་ཤི་ལ་སོགས་ཡར་རྒྱས་ཀྱིས་བསྟན་པའི་གཞི་མ་ཚུགས་ནས་ལེགས་སྦྱར་གྱི་ཆོས་བརྒྱུད་དེ་གཙོ་བོ་རེད། དེར་བརྟེན་པཱ་ལའི་ཆོས་བརྒྱུད་འཛིན་པ་རྣམས་ནི་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་ཤོས་རེད། དེ་ནས་འདུལ་བའི་ཉམས་བཞེས་པཱ་ལའི་ཆོས་བརྒྱུད་དང་ལེགས་སྦྱར་གྱི་ཆོས་བརྒྱུད་གཉིས་ཕྲན་བུའི་རྒྱས་བསྡུས་མ་གཏོགས་གཅིག་མཚུངས་རེད། ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་སྔ་ཤོས་ཕལ་ཆེར་རྒྱ་ནག་ཡིན་པ་འདྲ། དེ་ཡང་ཀླུ་སྒྲུབ་ཀྱི་རྗེས་འབྲང་ཆགས་པ་རེད། 

ལེགས་སྦྱར་ཆོས་བརྒྱུད་འཛིན་མཁན་གྱི་ངོས་ནས་བཤད་པ་ཡིན་ནའང་ཁྱོད་རང་ཚོ་དགེ་ཕྲུག་རྒན་པ་ཆགས་བསྡད་ཡོད་པ་རེད། རྒྱ་ནག་ལ་དུས་རབས་བདུན་པའི་གོང་ནས་ནང་ཆོས་དར་བ་དང་བོད་ལ་དུས་རབས་བདུན་པ་ནས་མགོ་ཚུགས་པ་རེད། དེར་བརྟེན་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་མི་རིགས་ལེགས་སྦྱར་ཆོས་བརྒྱུད་འཛིན་མཁན་གྱི་ནང་ནས་བསླབ་པ་བགྲེས་པ་དང་དགེ་ཕྲུག་རྒན་པ་ཆགས་བསྡད་ཡོད། ང་ཚོ་བོད་དང་སོག་པོ་ནི་དགེ་ཕྲུག་གཞོན་པ་ལྟ་བུ་རེད། ཡིན་ནའང་། ཤེས་ཚད་བསྡུར་དགོས་བྱུང་ན་དགེ་ཕྲུག་གཞོན་པ་ཚོ་སྐྱོ་པོ་རང་ཡོད་པ་མ་རེད། 

མཁན་ཆེན་ཞི་བ་འཚོ་ནི་ལྟ་གྲུབ་སྨྲ་བའི་མཁས་པ་ཆེན་པོ་ཡིན་པ་དང་། དེའི་ཐོག་ལ་ཁོང་ཚད་མ་ལ་ཧ་ཅང་མཁས་པ་ཡིན་པས་བོད་ལ་ནཱ་ལེནྡྲའི་ཆོས་བརྒྱུད་ངོ་སྤྲོད་གནང་བ་དང་། ཁོ་རང་ལྟ་གྲུབ་སྨྲ་བ་དང་ཚད་མ་བ་ཡིན་པས་ཁོང་གི་དགེ་ཕྲུག་ཚོས་ཀྱང་ལྟ་གྲུབ་གཏན་ལ་ཕབ་དུས་ཚད་རིག་པའི་ལམ་ནས་གཏན་ལ་ཕབ་པ་གཙོ་བོ་བྱས་པ་དང་། ཁོང་གི་དྲིན་ལ་བརྟེན་ནས་བོད་གངས་ཅན་ལྗོངས་རང་ནས་ཀྱང་ས་སྐྱ་པཎྡྲིཏ་ཀུན་དགའ་རྒྱན་མཚན་གྱིས་རིག་གཏེར་མཛད་ཡོད་པ་དང་། དེ་ལ་སོགས་པ་བོད་གངས་ཅན་ལྗོངས་ལ་ཚད་མའི་གཞུང་མཛད་མཁན་མང་པོ་བྱུང་འདུག 

ཉེ་ཆར་ང་ཚོས་བསྡོམས་ཐོར་ཞིབ་འཇུག་བྱེད་སྐབས། རྒྱ་གར་ནས་ཚུར་བསྒྱུར་བ་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ཙམ་ལ་བོད་གངས་ཅན་གྱི་ལྗོངས་ནས་བོད་ཀྱི་མཁས་པ་ཚོས་དགོངས་འགྲེལ་བརྩམས་པ་ཕལ་ཆེར་པོ་ཏི་ཁྲི་གཉིས་ཙམ་འདུག གང་ལྟར་བོད་ལ་དར་སྲོལ་ཧ་ཅང་ཆེན་པོ་བྱུང་འདུག གཙོ་བོ་མཁན་ཆེན་ཞི་བ་འཚོའི་བཀའ་དྲིན་རེད། ཁོང་རང་ཉིད་ནཱ་ལེནྡྲའི་མཁས་པའི་དབང་པོ་ཡིན་པ་དང་། བཤད་མ་ཐག་པ་ལྟར་ལྟ་གྲུབ་ཀྱི་སྐོར་བཤད་སྐབས་ཚད་མའི་ལམ་ནས་གསུང་མཁན་ཞིག་ཡིན། དཔེར་ན། དབུ་མ་རྒྱན་གྱི་མགོ་དེར་ལམ་སེང་གཏན་ཚིགས་བཀོད་ནས་ལྟ་བའི་རྣམ་གཞག་གསུང་གི་འདུག གཅིག་དུ་བྲལ་གྱི་གཏན་ཚིགས་བྱས་ནས་གཙོ་བོ་གཏན་ཚིགས་རང་བྱས་ནས་གསུངས་ཡོད། གང་ལྟར་སངས་རྒྱས་པའི་གཞུང་ནས་གསུང་པའི་ཚད་མ་རིག་པ་དེ་ཕལ་ཆེར་བོད་ལ་ཡོད་པ་བཞིན་ནང་པའི་ལུང་པ་གཞན་སུ་ལའང་མེད་པ་ལྟ་བུ་འདུག དེ་དང་ཆབས་ཅིག་དེ་ལྟ་བུའི་བརྗོད་བྱ་ལྟ་གྲུབ་དང་ཚད་མའི་སྐོར་བཤད་སྐབས་ཕལ་ཆེར་བོད་ཡིག་དང་བོད་སྐད་ལས་ལྷག་པ་མི་འདུག སྔ་མོ་ལེགས་སྦྱར་གྱི་གཞུང་བོད་ལ་སྒྱུར་གྱིན་སྒྱུར་གྱིན་བོད་སྐད་ཡར་རྒྱས་ཕྱིན་པ་རེད། དེར་བརྟེན་ལེགས་སྦྱར་དང་བོད་སྐད་ཚིག་གཉིས་ཏག་ཏག་འགྲོ་གི་ཡོད།

གང་ལྟར་དེ་རིང་འདིར་ལོ་རྒྱུས་ཀྱི་ཐོག་ནས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་། དེའི་ནང་ཚན་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་གཅིག་མཚུངས་ཡིན་སྟབས། ཁྱེད་རང་ཚོར་ལོ་མང་ཞིག་ནས་ཆོས་འབྲེལ་བྱེད་རྒྱུའི་གོ་སྐབས་བྱུང་བ་རེད། དེ་རིང་འདིར་ཡང་བསྐྱར་ཆོས་འབྲེལ་བྱེད་རྒྱུའི་གོ་སྐབས་བྱུང་བ་ངོས་རང་ཧ་ཅང་དགའ་པོ་བྱུང་། ཁྱེད་རང་ཚོ་གྲ་སྒྲིག་བྱེད་མཁན་དང་སྒེར་པ་སོ་སོས་འགྲོ་སོང་བཏང་སྟེ་དཀའ་ངལ་ཁྱད་དུ་བསད་པའི་ཐོག་ནས་འདིར་ཡོང་བ་རེད། ཐུགས་རྗེ་ཆེ་ཟེར་གྱི་ཡིན། 

དེ་དང་ཆབས་ཅིག་ཡུལ་གྲུ་གཞན་དེ་སྔ་སངས་རྒྱས་པའི་ཆོས་མ་དར་སའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་ནམ་རྒྱུན་ཡོང་བཞིན་ཡོད་རེད། དེ་རིང་ཡང་འདིར་གང་འཚམ་སླེབས་ཡོད་འདུག ནང་པའི་ཆོས་ཟེར་ན་ལོ་རྒྱུས་ཐོག་ནས་ཕལ་ཆེར་ཨེ་ཤ་ཡའི་ཆོས་ལྟ་བུ་ཆགས་ཡོད། ལོ་རྒྱུས་ཐོག་ནས་དཀྱིལ་ཤར་ཡུལ་གྲུ་ Middle East ནས་བྱུང་པའི་ཡི་ཤུའི་ཆོས་ལ་ཆ་བཞག་ན་ཨེ་ཤ་ཡའི་ལུང་པའི་ནང་ལ་མང་པོ་ཡོད་རེད། ཆོས་བརྒྱུད་གཙོ་ཆེ་བ་འདི་དག་ཧ་ལམ་རྒྱལ་སྤྱིའི་ཆོས་ལྟ་བུ་ཆགས་ཀྱི་འདུག དེར་བརྟེན་ནང་པའི་ཆོས་ཡིན་ནའང་དེ་སྔ་ཤར་ཕྱོགས་ནས་ཡོང་བ་རེད། དེ་རིང་ཁ་སང་འཛམ་གླིང་སྒང་ལ་ཕན་ཚུན་ཧ་ཅང་གི་འབྲེལ་བ་ཟབ་པོ་ཡོད་པ་དང་། འགྲོ་བཞུད་བདེ་པོ་དང་གནས་ཚུལ་མང་པོ་གོ་ཐུབ་ཀྱི་ཡོད་པས་མང་པོ་ཞིག་གིས་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་ཀྱི་འདུག དེ་རིང་འདི་ལའང་ནམ་རྒྱུན་ནས་ཡོང་གི་ཡོད་ལྟར་མང་པོ་ཞིག་སླེབས་ཡོད་པ་རེད། དེ་དང་ཆབས་གཅིག་རྒྱ་གར་རང་གི་ཡུལ་པ་གང་འཚམ་ཡོད་པ་འདྲ།  ཁྱེད་རང་ཚོ་བཅོམ་ལྡན་འདས་རང་གི་འཁྲུངས་ཡུལ། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་ཚང་མ་རྒྱ་གར་བ་རེད། རྒྱ་གར་བ་ཚོ་ལ་ཆ་བཞག་ན་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་མཛད་པའི་རྣམ་དཔྱོད་ཀྱི་ལེགས་བཤད་རྣམས་རྒྱ་གར་རང་གི་རིག་གཞུང་ཆགས་ཀྱི་ཡོད། དེར་བརྟེན་ཁྱེད་རང་ཚོ་རྒྱ་གར་བ་འདིར་ཡོད་པ་རྣམས་སོ་སོའི་ཕ་མེས་ཀྱི་རིག་གནས་གཏིང་ཟབ་ཡོད་པ་འདི་ལ་བདག་པོ་རྒྱག་གི་ཡོད་རེད། དེ་ལ་དོ་སྣང་བྱེད་པ་ཧ་ཅང་གི་ཡག་པོ་རེད། ཕ་མེས་ཀྱི་གཅེས་ནོར་ཆགས་ཡོད། དེ་རིང་ཁ་སང་གི་རྒྱ་གར་ནང་ལ་སངས་རྒྱས་པའི་ཆོས་ཡིན་ནའང་འདྲ། སངས་རྒྱས་པའི་ལྟ་གྲུབ་ཡིན་ནའང་འདྲ། དེ་བཞིན་སངས་རྒྱས་པའི་ཚད་མ་རིག་པའི་སྐོར་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་འདུག འདི་ཧ་ཅང་ཡག་པོ་རེད། རང་གི་ཕ་མེས་ཀྱི་གཅེས་ནོར་ལ་དོ་སྣང་བྱས་ནས་བདག་པོ་བརྒྱབ་གི་ཡོད་རེད། ཧ་ཅང་ཡག་པོ་རེད། 

དེ་རིང་ཆོས་འབྲེལ་བྱེད་རྒྱུ་དེ་སངས་རྒྱས་པའི་ཆོས་དཔལ་ནལེནྡྲའི་བརྒྱུད་པ་གཙོ་བོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སྲས་ཀྱི་མཐུ་བོ་སློབ་དཔོན་ཨཱརྱ་དེ་བའི་གསུང་དབུ་མ་བཞི་བརྒྱ་པའི་བཤད་ལུང་མདོར་བསྡུས་ཤིག་ཞུ་རྒྱུ་དང་། ངོས་ཀྱིས་བཤད་ལུང་ཞུ་ས་ནི་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་སྐུ་མདུན་ནས་གཞུང་ཆེན་བཅུ་གསུམ་ནང་ནས་བྱམས་ཆོས་སྡེ་ལྔ་ངོས་ལ་ཐོབ་པ་རེད། བྱམས་ཆོས་སྡེ་ལྔའི་མངོན་རྟོགས་རྒྱན་ནི་གླིང་རིན་པོ་ཆེ་སྐུ་མདུན་ནས་ཞུས་པ་ཡིན། དེ་མིན་གྱི་བྱམས་ཆོས་ལྷག་མ་རྣམས་ནི་རྒན་རིག་འཛིན་བསྟན་པའི་སྐུ་མདུན་ནས་ཞུས་པ་ཡིན། གཞུང་ཆེན་བཅུ་གསུམ་གྱི་ནང་གི་དབུ་མ་རིགས་ཚོགས་དྲུག་མཚན་ཞབས་རིན་པོ་ཆེའི་སྐུ་མདུན་ནས་ཚར་གཅིག་ཐོབ་པ་རེད། རྩ་བ་ཤེས་རབ་ཁུ་ནུ་བླ་མ་རིན་པོ་ཆེའི་སྐུ་མདུན་ནས་ཚར་གཅིག་ཐོབ་ཡོད། ཁོང་ལེགས་སྦྱར་ལ་མཁས་པ་ཡིན་པས་ལེགས་སྦྱར་གྱི་གཞུང་ནས་ཏོག་ཙམ་གོ་བསྡུར་གནང་ནས་བཤད་པ་གནང་སྟེ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་གི་འདུག གཞུང་ཆེན་བཅུ་གསུམ་ནང་གི་བཞི་བརྒྱ་པ་ནི་ཁུ་ནུ་བླ་མ་རིན་པོ་ཆེའི་སྐུ་མདུན་ནས་ངོས་ལ་ཐོབ་པ་རེད། དེ་རིང་འདིར་རྟེན་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་བཞི་བརྒྱ་པའི་འགྲེལ་པའི་མགོ་ནས་རྟེན་འབྲེལ་གྱི་ཚུལ་དུ་མར་ཏོག་ཙམ་བཀླག་དགོས་བསམ་པ་དྲན་བྱུང་། ཡིན་ནའང་དེའི་ལུང་ངོས་ལ་ཐོབ་ཡོད་པ་མ་རེད།  ཞེས་སོགས་ཀྱི་བཀའ་སློབ་དང་ཆོས་འབྲེལ་དབུ་འཛུགས་ཀྱིས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཇི་ལྟར་སླེབས་པའི་སྐོར་སོགས་ངོ་སྤྲོད་མཛད། 

ཆུ་ཚོད་ ༡༠ ཙམ་ནས་དད་ལྡན་ཆོས་ཞུ་བ་རྣམས་ལ་དོགས་འདྲིའི་སྐོར་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་གནང་བ་ལྟར་ཆོས་ཞུ་བའི་ཁྲོད་བྱང་ཆུབ་སེམས་ཀྱི་ཕན་ཡོན་དང་། ཉིན་ཞག་ཕྲུགས་གཅིག་རིང་ཇི་ལྟར་དུ་སྒོམ་དགོས་མིན་སོགས་བཀའ་འདྲི་ཞུས་ཤིང་། དེ་རྗེས་གསུང་ཆོས་འཕྲོ་སྐྱོང་གིས་ཆུ་ཚོད་ ༡༡ ཡོལ་ནས་ཉིན་དང་པོའི་གསུང་ཆོས་མཇུག་ལེགས་པར་སྒྲིལ་ཡོད་པ་དང་། ཐེངས་འདིར་ཉིན་གྲངས་བཞིའི་རིང་གི་དབུ་མ་བཞི་བརྒྱ་པའི་གསུང་ཆོས་ལ་ཐེ་ཝན་ནས་ཆོས་ཞུ་བ་གྲངས་ ༡༡༠༠ དང་། རྒྱ་ནག་ཆོས་ཞུ་བ་གྲངས་ ༣༢ ཕེབས་ཡོད་པ་དང་།  དེ་བཞིན་རྒྱ་གར་གྱིས་མཚོན་ཕྱི་རྒྱལ་ཡུལ་གྲུ་ཁག་ ༦༥ ནས་བཅར་བའི་ཆོས་ཞུ་བ་གྲངས་ ༡༦༣༨ དང་། རང་རིགས་བཅས་ཁྱོན་མི་གྲངས་ ༦༦༠༠ བརྒལ་བ་ཕེབས་ཡོད་པ་བཅས།། 

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།