༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མཇལ་ཁའི་སྐོར་ངོ་སྤྲོད།
  • གསར་འགོད་བཅར་འདྲི།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • ཀུན་བཏུས་པོད། ༡ ཚན་རིག་གི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༢ ཚན་རིག་གི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༣ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྟོད་ཆ།
  • ཀུན་བཏུས་པོད། ༤ ནང་པའི་ལྟ་གྲུབ་ཀྱི་སྐོར་རྒྱས་པ། སྨད་ཆ།
  • ཀུན་བཏུས་པོད། ༥ ཚན་རིག་གི་སྐོར་འབྲིང་བ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

༸གོང་ས་མཆོག་གིས་ཧྥ་རན་སིའི་བོད་རིགས་ཚོར་བཀའ་སློབ་སྩལ་བ། ༢༠༡༦ ཟླ་བ་ ༩ ཚེས་ ༡༣

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གཅིག་དང་དུས་དེབ་ཀྱི་གསར་འགོད་པར་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དང་། ༸སྐུའི་ཡང་སྲིད་སྐོར་དེ་བཞིན་ཁུར་འཁྱེར་གྱི་མཛད་འགན་གསུམ་གྱི་སྐོར་ལ་བཀའ་སློབ་སྩལ་བ་དང་བཀའ་འདྲི་ཁག་ལ་བཀའ་ལན་ཡང་སྩལ་བ་དང་།  ཉིན་རྒྱབ་ཁྲིམས་རྩོད་པའི་ལྷན་ཚོགས་སུ་ཚོགས་མི་གྲངས་ ༣༥༠ ཙམ་ལ་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་ཐད་འགན་འཁུར་ལེན་ཕྱོགས་སྐོར་ལ་ལམ་སྟོན་བཀའ་སློབ་སྩལ་རྗེས་ཁྲིམས་རྩོད་པའི་ལྷན་ཚོགས་ནས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་འབུལ་ལམ། དེ་རྗེས་ཧྥ་རན་སིར་གནས་སྡོད་བོད་རིགས་སུམ་སྟོང་བརྒལ་བ་ལ་མཇལ་ཁ་སྩལ་ཁ་ཡོད་པ་རེད། 

དེ་ཡང་བོད་བོད་རིགས་ཚོགས་པའི་གསོལ་འདེབས་གོ་སྒྲིག་བྱས་པ་ལྟར་ཧྥ་རན་སའི་རྒྱལ་ས་ཕ་རེ་སི་རུ་ཕྱི་དྲོ་ཆུ་ཚོད་ ༤།༣༠ སྟེང་ཚོགས་ཁང་དུ་༧ཞབས་སོར་འཁོད་ཡོད་པ་དང་། བོད་རིགས་ཚོགས་པའི་འབྲེལ་ཡོད་ལས་བྱེད་ནས་འཚམས་འདྲི་ཞུས་བོད་རིགས་ཚོགས་པའི་སློབ་གྲྭའི་སློབ་མ་དང་བོད་རིགས་ཚོགས་པའི་ཟློས་གར་བ་ཐུན་མོང་གིས་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ལྗགས་རྩོམ་མཛད་པའི་རྒྱལ་བའི་བསྟོད་པ་ཞེས་པའི་མཉམ་གཞས་གཟིགས་འབུལ་ཞུས་པ་དང་། དེ་རྗེས་ཧྥ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་པ་ལགས་ཀྱིས་ཧྥ་རན་སའི་བོད་མིའི་གནས་སྟངས་དང་ལས་བསྡོམས་མདོར་བསྡུས་སྙན་སྒྲོན་ཞུས་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བཀའ་དྲིན་སྩལ་དོན། 

ང་རང་ཚོས་སྐྱེ་བ་སྔ་ཕྱི་ཁས་ལེན་གྱིན་ཡོད་པ་རེད། དེར་བརྟེན་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པའི་བོད་གངས་ཅན་པའི་ཆ་ཤས་སུ་གཏོགས་པ་ཁྱོད་ཚོ་ལ་ཐུག་པའི་གོ་སྐབས་བྱུང་བ་རེད། ཧ་ཅང་དགའ་བོ་བྱུང་། ཁྱེད་རང་ཚོ་ས་གནས་ཕྱི་རྒྱལ་ཡུལ་གྲུ་ག་བར་བསྡད་ཡོད་ནའང་ང་རང་བོད་པ་ཡིན་བསམ་པའི་འདུ་ཤེས་དེ་མ་བརླག་པར་བསྡད་ཡོད་པ་རེད། བོད་མི་ཡིན་བསམ་པའི་འདུ་ཤེས་དེའི་ཐོག་ནས་སོ་སོ་སྒེར་གྱི་འཚོ་ཐབས་ངེས་པར་བྱེད་དགོས་པ་རེད། དེ་དང་ཆབས་ཅིག་བོད་སྤྱི་བའི་དོན་དག་ལའང་ལས་བསྡོམས་ནང་བཤད་པ་བཞིན་ཚང་མས་སེམས་ཁུར་བྱེད་བསྡད་ཡོད་པ་རེད། གལ་ཆེ་ཤོས་ལོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་བོད་མི་རིགས་དང་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་དེ། ད་ལྟ་དུས་ཚོད་དཀའ་ངལ་གཉན་འཕྲང་ཅན་གྱི་ནང་ཡོད་པ་རེད། བོད་རྒྱ་ཆེ་མི་མང་གིས་བོད་ནང་དུ་ཁོག་ནས་མེ་འབར་ནའང་ཁ་ནས་དུ་བ་ཐོན་མི་ཆོག་ཟེར་བ་ལྟར་བསྡད་ཡོད་པས་ང་ཚོ་རང་དབང་ལུང་བ་ནང་ལ་ཡོད་པ་ཚོས་བོད་རྒྱ་ཆེ་མི་མང་གི་ཚབ་བྱས་ཏེ་འཛམ་གླིང་རང་དབང་ལུང་བའི་ནང་ལ་བོད་པ་ཟེར་བ་ཇི་འདྲ་ཞིག་ཡིན་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཇི་འདྲ་ཞིག་ཡོད་པ་སྟོན་ཐུབ་པ་ཡོང་གི་ཡོད་རེད། སྤྱིར་བཏང་ང་ཚོ་བོད་པ་ཨ་རི་དང་རྒྱ་གར། དེ་བཞིན་ཡོ་རོབ་ཀྱིས་མཚོན་པའི་ཡུལ་གྲུ་ཁག་གང་ལ་ཡིན་ནའང་། ཡུལ་མི་ཚོས་བོད་པ་ཟེར་དུས་དྲང་པོ་དང་སེམས་པ་བཟང་པོ། སྐྱག་རྫུན་མི་བཤད་མཁན།  ཡ་རབས་ཀྱི་སྤྱོད་པ་བཟང་པོ་ཅན་ཞིག་ལ་མང་ཆེ་བས་ངོས་འཛིན་བྱེད་ཀྱི་འདུག ཡིན་ནའང་། དེང་སྐབས་བོད་པ་ནང་ཁུལ་རྒྱག་རེས་བརྒྱག་པ་དང་སྐྱག་རྫུན་བཤད་པ་སོགས་མིང་ཆད་ཡོང་བའི་སྐྱོན་ཕྲན་བུ་ཡོང་བསྡད་ཡོད་པ་རེད། སྤྱི་ཡོངས་ཀྱི་ཆ་ནས་ཡག་པོ་རེད་ཟེར་དགོས་པ་རེད། ད་ལྟའི་བར་ཚང་མས་ཕྱག་ལས་ཧུར་ཐག་གིས་བྱས་བསྡད་པ་རེད། ཐུགས་རྗེ་ཆེ་ཞུ་གི་ཡིན།

ང་ཚོ་བོད་མི་བཙན་བྱོལ་བ་ཚོ་དངོས་གནས་དམ་ཚིག་ལ་རྒྱ་གཅིག་གྱུར་དད་པ་དམ་ཚིག་གཡོ་བ་མེད་པར་སོ་སོ་ཆོས་དང་རིག་གཞུང་ལ་དོ་སྣང་བྱས་བསྡད་ཡོད་པ་དེ། བོད་ནང་ལ་ཡོད་པའི་རྒྱ་ཆེ་མིང་མང་། འཇིགས་དངངས་འོག་ལ་ཡོད་བསྡད་པ་ཚོས་གོ་ཡོང་དུས། ཏན་ཏན་གཞིས་ལུས་རྒྱ་ཆེ་མི་མང་སེམས་ལ་སྤོབས་པ་སྐྱེ་བ་དང་། སྤྲོ་བ་སྐྱེ་བ་ཞིག་ཡོང་གི་ཡོད་པ་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ང་བདུན་ཕྱིན་པ་རེེད། ད་དུང་ཡིན་ནའང་བོད་པ་ཡིན་བསམ་པའི་འདུ་ཤེས་དེ་མ་བརྗེད་པའི་སྟེང་ནས་ཧུར་ཐག་བྱེད་དགོས་པ་རེད། ཤེས་སོང་ངམ། 

ང་ཚོ་བོད་མི་རིགས་ཀྱིས་རིགས་ཞེན་བྱེད་པ་ནི་ཆགས་སྡང་གི་དབང་གིས་སོ་སོ་མིའི་རིགས་ཀྱི་ཞེན་ཁོག་བྱས་པ་ཕལ་ཆེར་མ་རེད། ང་ཚོ་བོད་པས་སོ་སོའི་མི་རིགས་དང་སྐད་ཡིག རིག་གཞུང་ལ་དགའ་ཞེན་བྱེད་པ་དེེེར། འཛམ་བུའི་གླིང་སྤྱི་ལ་ཕན་ཐོགས་པའི་ནུས་པ་ཡོད་པ་ཞིག་ཏན་ཏན་རེད། ང་ཚོར་སོ་སོའི་མི་རིགས་ལ་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་དང་སྐད་ཡིག་ཟུར་དུ་ཡོད་པས་ཆོས་དང་རིག་གཞུང་ལ་དགའ་ཞེན་བྱེད་པ་དང་། བདག་པོ་བརྒྱབ་སྟེ་ཞེན་ཁོག་བྱས་པ་དེ་རྒྱུ་མཚན་ལྡན་པ་ཞིག་རེད། ང་ཚོའི་ཆགས་སྡང་གི་སྐད་ཆ་ཕལ་ཆེར་མ་རེད། བོད་པ་གང་དུ་ཡོད་ནའང་སོ་སོའི་སྐད་ཡིག་སྲུང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁྱོད་ཚོས་སློབ་གྲྭ་ཟུར་དུ་བཙུགས་འདུག་དེ་ཧ་ཅང་ཡག་པོ་རེད། ད་ལྟ་བོད་རིགས་མི་རབས་རྗེས་མ་ཚོས་བོད་ཡིག་ཤེས་པ་ཞིག་བྱེད་དགོས། ང་རང་ཚོ་ལ་སངས་རྒྱས་ཀྱི་ཆོས་ཤིག་ཕ་མེས་ནས་ཡོད་པ་རེད། ཆོས་རྒྱལ་བཀའ་དྲིན་ཅན་ཚོ་དང་། ལྷག་པར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་མཁན་སློབ་ཆོས་གསུམ་གདན་འཛོམས་ནས་གཙོ་བོ་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བོད་ལ་ཡོད་པའི་ཆོས་བརྒྱུད་དེ་ནཱ་ལཎྡྲའི་ཆོས་བརྒྱུད་ཡིན་པ་དང་། ནཱ་ལཎྡྲའི་ཆོས་བརྒྱུད་ནང་ཚད་མ་རིག་པ་གཙོ་བོ་བྱས་ཏེ་ནང་དོན་རིག་པའི་ལྟ་གྲུབ་གཏན་ལ་ཕབ་ནས་འགྲོ་གི་ཡོད་རེད། ཅེས་དང་། 

སངས་རྒྱས་པའི་ཆོས་པ་ཞིག་ཡོང་བ་ལ་སངས་རྒྱས་པའི་ལྟ་གྲུབ་ལ་སློབ་བྱས་ནས་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་པ་རེད་མ་གཏོགས། སྲོལ་རྒྱུན་གྱི་སྲོལ་ལྟ་བུ་དང་ང་ཚོ་ལུང་བ་ནང་བའི་ལུང་པ་ཡིན་ཞེས་སངས་རྒྱས་ཆོས་ཚོགས་མ་རེ་བཏོན། མ་ཎི་རེ་བགྲངས་ནས་བསྡད་པ་གཅིག་བུས་ཡོང་གི་མ་རེད།  རྒྱ་གར་ལྷོ་ཕྱོགས་ལ་ལོ་གཉིས་གསུམ་བཞི་ལ་བསྟུད་མར་ཆོས་འབྲེལ་རྒྱ་ཆེན་པོ་བྱས་པ་ཡིན། དེ་དུས་ངོས་ནས་མཇུག་བསྡོམས་སྐབས་བརྗོད་རྒྱུ་བྱུང་།  ཆོས་དེ་དབང་རྟུལ་དད་པའི་རྗེས་འབྲངས་དང་དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཞེས་གཞུང་ནང་ངོས་འཛིན་ཡོད་རེེད། སངས་རྒྱས་པའི་ཆོས་དེ་དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཀྱིས་དགོས་སོགས་ཆོས་བཞི་ཐོག་གནས་ངོ་སྤྲད་ཏེ་སྲོལ་དེའི་ཐོག་ཕྱིན་པ་ཡིན་ན་སངས་རྒྱས་བསྟན་པ་དེ་ལོ་བརྒྱ་ཕྲག་ཁ་ཤས་ལ་བསྡད་ཐུབ་ཀྱི་རེད། འགྲེལ་བཤད་ཐོག་ནས་མ་ཕྱིན་པར་དད་པ་གཅིག་བུའི་ཐོག་ནས་དབང་རྟུལ་དད་པའི་རྗེས་འབྲངས་ཀྱི་སྟེང་ནས་ཕྱིན་པ་ཡིན་ན་སངས་རྒྱས་ཀྱི་ཆོས་ལོ་ག་ཚོད་བསྡད་ཐུབ་ཀྱི་ཡོད་པ་ངོས་ནས་བཤད་ཤེས་ཀྱི་མེད་ཅེས་བཤད་པ་ཡིན།   དེར་བརྟེན་དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཀྱི་ཆོས་དེ་བརྟག་དཔྱད་བྱས་ནས། རྒྱུ་མཚན་བསམ་བློ་བཏང་ནས། དད་པ་ཡིན་ནའང་ཤེས་རབ་ཀྱི་གྲོགས་དང་བཅས་པ། སྙིང་རྗེ་ཡིན་ནའང་ཤེས་རབ་ཀྱི་གྲོགས་དང་བཅས། དེ་འདྲ་ཞིག་གི་ཐོག་ནས་འགྲོ་དགོས་ཀི་རེད། གཞུང་དང་ཉམས་ལེན་དེ་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་དེ་གནས་བཞིན་དུ་འགྲོ་དགོས་ཀི་རེད་དེ། སོ་སོས་སློབ་སྦྱོང་མ་བྱས་ན་ཡོང་ཐབས་མི་འདུག ཅེས་དང་།

བོད་ཡིག་ནང་ཡོད་པའི་སངས་རྒྱས་པའི་ལྟ་གྲུབ་དེ་སློབ་སྦྱོང་བྱེད་ཐུབ་ན་ཆོས་དད་མེད་མཁན་ཞིག་ཡིན་ནའང་གཞུང་ཆེན་ཚོའི་ནང་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་སྐོར་ཧ་ཅང་ཞིབ་ཚགས་པོ་ཡོད། དེ་དག་འབྱུང་ས་ནི་བཀའ་འགྱུར་བསྟན་འགྱུར་ནས་བྱུང་བ་རེད། ནང་པའི་དཔེ་ཆ་ནང་ནས་བྱུང་བ་རེད། འོན་ཀྱང་བེད་སྤྱོད་བྱེད་ཡུལ་ནི་འཛམ་གླིང་སྤྱི་ལ་བེད་སྤྱོད་བྱེད་ཐུབ་པ་ཞིག་ཕལ་ཆེར་རེད་འདུག ཚད་མ་རིག་པ་ཆ་བཞག་ན་ཚན་རིག་པ་ཚོས་བརྟག་དཔྱད་བྱེད་ཡོང་དུས་ཚད་མ་རིག་པའི་འགྲོ་སྟངས་བཞིན་བྱེད་ཀྱི་འདུག དེ་བཞིན་སེམས་ཁམས་རིག་པའི་སྐོར་ཆ་བཞག་ན། འཛམ་གླིང་གི་ཚན་རིག་པ་སྙན་གྲགས་ཡོད་མཁན་གྱིས་སངས་རྒྱས་པའི་གཞུང་ནང་ཡོད་པའི་སེམས་ཁམས་རིག་པ་སྐོར་ལ་ཧ་ཅང་དོ་སྣང་བྱེད་ཀྱི་འདུག  དེ་ལྟ་བུའི་དགོས་པ་རྒྱུ་མཚན་ལ་བརྟེན་ནས་འདས་པའི་ལོ་བཅུ་ཕྲག་ནང་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ཡོད་པ་དེ་དག་བརྗོད་བྱའི་ཆ་ནས་དུམ་བུ་གསུམ་དུ་ཕྱེ་ནས་ཚན་རིག་སྡེ་ཚན་གཅིག ལྟ་གྲུབ་སྡེ་ཚན་གཅིག སངས་རྒྱས་པའི་ཆོས་སྐོར་སྡེ་ཚན་གཅིག་བཅས་སྡེ་ཚན་གསུམ་ཕྱེ་སྟེ་དེའི་ནང་སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་ཚན་རིག་གི་སྐོར་ཟུར་དུ་བཏོན་ནས་བོད་ཡིག་ནང་ཐོན་ཡོད། ཨིན་ཇི་དང་རྒྱ་ཡིག ཧིན་རྡི། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཁ་ཤས་ཀྱི་སྐད་ཡིག་ནང་བསྒྱུར་རྒྱུ་འགོ་བཙུགས་ཏེ་འགྲོ་བཞིན་ཡོད། དེ་ཚོའི་གྲས་ནི་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་རྒྱུ་ཞིག་རེད། ངོས་ཀྱིས་འཛམ་གླིང་སྤྱི་ལ་བྱམས་བརྩེ་སྤེལ་དགོས་རེད་ཅེས་འབོད་སྐུལ་དང་འབད་བརྩོན་བྱེད་ཀྱི་ཡོད། བྱམས་བརྩེ་སྤེལ་བར་སེམས་ཁམས་རིག་པའི་སྐོར་ཤེས་དགོས། དེར་བརྟེན་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་སེམས་ཁམས་རིག་པར་ Psychology ཟེར་དུས་་ཚད་དམའ་བོ་ཞིག་མ་གཏོགས་མི་འདུག སྤྱིར་རྒྱ་གར་འཕགས་པའི་ཡུལ་ནི་དངོས་གནས་དྲང་གནས་སེམས་ཁམས་རིག་པའི་སྐོར་ཧ་ཅང་སྤུས་དག་པོ་དང་ཞིབ་ཚགས་པོ་འདུག འོན་ཀྱང་རྒྱ་གར་ནང་དེར་དོ་སྣང་བྱེད་མཁན་མེད། སྔར་ཡིན་ན་མུ་སྟེགས་པའི་མཁས་པ་དེ་འདྲ་ཡོང་གི་ཡོད་ཀྱང་ཕྱིས་སུ་མི་འདུག། ཐེངས་ཤིག་ལྡི་ལིར་རྒྱལ་སྤྱིའི་ཧིན་དུ་ཆོས་ལུགས་འཛིན་མཁན་ཚོའི་ཚོགས་ཆེན་ཞིག་ཚོགས་པ་རེད། དེ་དུས་ངོས་རང་་ཤོག་ཟེར་གྱི་འདུག དེ་དེས་ངོས་ཀྱིས་འབོད་སྐུལ་བྱས་པ་ཡིན། སྔ་མོ་དུས་རབས་གཉིས་པ་དང་གསུམ་པའི་སྐབས་སུ་ནཱ་ལེནྡྲའི་མཁས་པ་དེ་འདྲས་གཞུང་རྩོམ་པའི་སྐབས་སུ་མུ་སྟེགས་པའི་མཁས་པ་མང་པོ་ཡོད་པའི་རྟགས་འདུག ནང་པ་དང་མུ་སྟེགས་པའི་མཁས་པ་དབར་བགྲོ་གླེང་བྱས་ཏེ་དཔྱད་བསྡུར་བྱས་པ་བྱུང་འདུག དེ་དུས་མུ་སྟེགས་པའི་མཁས་པ་ཧ་ཅང་མང་པོ་ཡོད་པ་རེད་འདུག འདི་སླར་གསོ་བྱེད་དགོས་རེད། མུ་སྟེགས་པའི་ཆོས་བརྒྱུད་འཛིན་མཁན་ཚོས་ཆོ་ག་དང་འདོན་པ་འདྲ་ཞིག་འདོན་པ་ཙམ་གྱི་འདང་གི་མ་རེད། སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། ཅེས་འབོད་སྐུལ་ཞུ་རྒྱུ་བྱུང་།

སྔར་ཕྱུག་པོ་ཡོད་རེད་དེང་སྐབས་ཉམས་ཡོད། རྒྱ་གར་མཁས་པའི་རྣམ་དཔྱོད་རྩལ་ནས་ཐོན་པའི་རིག་པའི་འགྲོ་སྟངས། དེ་བཞིན་སེམས་ཁམས་རིག་པའི་སྐོར་དེ་ཚོའི་གྲས་ནི་བོད་གཅིག་པུ་མ་གཏོགས་གཞན་སུ་ལའང་མི་འདུག དེ་ང་ཚོ་བོད་པའི་གཅེས་ནོར་ཆགས་ཀྱི་ཡོད། དེ་འགྲེལ་བཤད་བརྒྱག་རྒྱུ་བོད་ཡིག་ཐོག་འགྲེལ་བཤད་བརྒྱབ་པ་ནང་བཞིན་རྒྱ་ཡིག་ནང་དེ་ལྟར་བསྒྱུར་བ་མི་འདུག རྒྱ་སྐད་ནང་བརྡ་རྙིང་པ་དེ་འདྲའི་ཐོག་ནས་ཡོད་པ་ཡིན་སྟབས། དེང་སྐབས་བརྡ་རྙིང་དེ་དག་གཞི་ནས་སློབ་སྦྱོང་བྱེད་ན་མ་གཏོགས་ཡོང་མི་ཐུབ་པ་ལྟ་བུ་ཞིག་དང་། གོང་དུ་བརྗོད་པ་བཞིན་གཞུང་མང་པོ་ཞིག་བསྒྱུར་ཡང་མི་འདུག དེ་འདྲ་ཡིན་དུས་འཛམ་གླིང་སྤྱི་ལ་ཆ་བཞག་པ་ཡིན་ནའང་ང་ཚོ་བོད་པའི་བོད་ཡིག་ནང་ཡོད་པའི་སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་ལྟ་གྲུབ་སྐོར་དེ་དག་འཛམ་གླིང་སྤྱི་ལ་ཕག་ཐོགས་བྱེད་ཐུབ་རྒྱུ་ཞིག་ཏན་ཏན་འདུག འདི་ང་རང་ཚོས་ངོས་ཟིན་པ་བྱས་ཏེ། འཛམ་གླིང་སྤྱི་ལ་ཞབས་འདེགས་དང་ཕན་ཐོགས་བསྒྲུབ་ཐུབ་རྒྱུའི་ཆ་རྐྱེན་དང་ནུས་པའམ་གོ་སྐབས་ཡོད་པ་འདི་ང་ཚོས་བདག་པོ་བརྒྱབ་ཐུབ་དགོས། ཤེས་སོང་ངམ།

ང་ཚོ་དེ་སྔ་བཙན་བྱོལ་ལ་ཡོད་པའི་སྐབས་ལ་སོ་སོ་རང་མགོ་ཐོན་ཙམ་བྱུང་ན་བསམ་པ་མ་གཏོགས་གཞན་གང་ཡང་མེད། དེ་ནས་རིམ་པས་འཛམ་གླིང་འདི་རྒྱུས་ཡོད་ཆགས་ཡོང་དུས་ང་ཚོའི་རིག་གཞུང་གི་ཐོག་ནས་འཛམ་གླིང་ལ་ཕར་ཕན་ཐོགས་བྱེད་ཐུབ་པའི་ཆ་རྐྱེན་གཅིག་ཡོད་པ་མཐོང་ཡོང་གི་འདུག དེར་བརྟེན་བོད་ཀྱི་ཆོས་དང་རིག་གཞུང་གི་དོན་གྱི་བདག་པོ་དེ་བོད་མི་མང་རེད། བོད་མི་མང་གིས་བདག་པོ་བརྒྱབ་དགོས་ཀྱི་ཡོད་རེད། དེ་ལྟ་བུའི་ལྟ་གྲུབ་བཟང་པོ་ལ་བདག་པོ་བརྒྱབ་ཅེས་པ་ནི་མཆོད་གཤོམ་ནང་བསྒྲིགས་རྒྱུ་མིན་པར་སློབ་སྦྱོང་བྱེད་ནས་ཤེས་ཡོན་དེ་སེམས་ཀྱི་ནང་འཇགས་པ་ཞིག་བྱུང་ན་བདག་པོ་བརྒྱབ་ཐུབ་ཀྱི་རེད། དེ་སློབ་སྦྱོང་བྱེད་ནས་ཡོང་གི་རེད་མ་གཏོགས་སྨོན་ལམ་བརྒྱབ་ནས་ཡོང་རྒྱུ་མེད། དེར་བརྟེན་ད་ལྟ་ངོས་ཀྱིས་བཤད་པ་བཞིན་དགོན་སྡེ་ཁག་ཚོས་སློབ་སྦྱོང་བྱེད་ནས་གྲུབ་འབྲས་ཡག་པོ་ཐོན་ཡོད། བཙུན་མའི་དགོན་པ་ཚོས་ཀྱང་སློབ་སྦྱོང་བྱས་ནས་གྲུབ་འབྲས་ཡོག་པོ་ཐོན་ཡོད། ད་ཆ་མང་ཚོགས་སྐྱ་བོ་ཕོ་མོ་ཚོས་སློབ་སྦྱོང་བྱེད་རྒྱུའི་ཐོག་དོ་སྣང་བྱེད་དགོས་ཀྱི་འདུག ད་ལྟ་ངོས་ཀྱིས་བཤད་པ་རྣམས་བོད་ཡིག་ཐོག་ཐོན་ཡོད། དེ་ཚོ་ཁྱེད་ཚོས་དུས་རྟག་ཏུ་མིན་པར་མཚམས་རེ་གུང་གསེང་སྐབས་རུབ་རུབ་བྱེད་རྒྱུ་བྱུང་སྐབས་འགྲེལ་བཤད་རྒྱག་ཐུབ་མཁན་ཚོས་འགྲེལ་བཤད་བརྒྱབ། ཁྱེད་རང་ཚོས་ཀྱང་དོ་སྣང་བྱས། འཛིན་གྲྭ་ཚོགས་རྒྱུ་ཡོང་རྒྱུ་མེད་ནའང་ཞར་དང་ཞོར་ལ་དོ་སྣང་བྱེད་དགོས། ཁྱེད་རང་ཚོ་ཁྱིམ་ཚང་གཅིག་ནང་ཡིན་ནའང་དགའ་དགའ་སྐྱིད་སྐྱིད་ལ་ཚོགས་པའི་སྐབས་ལ་འབྲེལ་བ་མེད་པའི་སྒྲུང་བཤད་རྒྱུ་དང་གློག་བརྙན་བལྟས་བསྡད་པ་ལྟ་བུ་མ་ཡིན་པར་བོད་ཡིག་ཀློག་ནས་འགྲེལ་བཤད་བརྒྱབ་པ་དང་གྲོས་བསྡུར་བྱེད་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད། ཚད་མ་རིག་པ་སློབ་སྦྱོང་བྱེད་ན་བསམ་བློ་གྲུང་རུ་འགྲོ་གི་རེད། བསམ་བློ་གྲུང་པོ་བྱུང་ན་སོ་སོའི་ལྟོ་གོས་ལས་ཀ་ཡིན་ནའང་ཡག་པོ་དང་ཚགས་ཚུད་ཆགས་ཀྱི་རེད། འདི་ཁྱེད་ཚོར་འབོད་སྐུལ་ཞུ་འདོད་བྱུང་།  དེ་རིང་ཁ་སང་གང་སར་དེ་ལྟར་འབོད་སྐུལ་བྱེད་ཀྱི་ཡོད། 

རྒྱ་མི་དང་བོད་པ། ཉེ་ཧོང་སོགས་ཀྱི་ནང་པ་ཚོར་དུས་རབས་ཉེར་གཅིག་གི་ནང་པ་བྱེད་དགོས་རེད། དུས་རབས་ཉེར་གཅིག་གི་ནང་པ་ཟེར་ན་གང་འདྲ་རེད་ཅེ་ན་སློབ་སྦྱོང་ཡོད་པའི་ཐོག་ནས་ཤེས་ནས་དད་པ་ཐོབ་པ་བྱུང་ན་དུས་རབས་ཉེར་གཅིག་གི་ནང་པ་ཆགས་ཀྱི་རེད། རྒྱུ་མཚན་གང་ཡང་བཤད་རྒྱུ་མེད་པར་སྐྱབས་སུ་མཆི་ཞེས་བཤད་བསྡད་པ་ཡིན་ན་དུས་རབས་ཉེར་གཅིག་གི་ནང་ཆགས་ཀྱི་མེད། སྔ་མོའི་འདས་པའི་དུས་རབས་ནང་མི་ལ་ཤེས་ཡོན་མེད་པར་རྨོངས་དད་ཁོ་ནའི་འོག་འགྲོ་བའི་འགྲོ་སྟངས་ཞིག་ཆགས་གི་འདུག དེ་ལ་ང་ཚོས་བསྒྱུར་བཅོས་དང་ཡར་རྒྱུས་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་འདུག དེར་བརྟེན་ངོས་ཀྱིས་དུས་རབས་ཉེར་གཅིག་གི་ནང་པ་ཞིག་བྱེད་དགོས་འདུག་ཅེས་བཤད་ཀྱི་ཡོད། འདི་ཁྱེད་ཚོར་བཤད་འདོད་བྱུང་། གཞན་དམིགས་བསལ་གང་ཡང་ཞུ་རྒྱུ་མི་འདུག 

ཆབ་སྲིད་ཐོག་ངོས་ལ་དམིགས་བསལ་འགན་མེད།  འོས་བསྡུའི་ཐོག་ནས་ཕེབས་པའི་སྲིད་སྐྱོང་གིས་འགན་བཞེས་ཀྱི་ཡོད་རེད། ངོས་ཀྱིས་བོད་དོན་དུ་འགན་ལེན་རྒྱུ་གཙོ་བོ་ནི་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་བ་དང་གཅིག བོད་ཡིག་སྐོར་དོ་སྣང་བྱེད་རྒྱུ་དང་རིམ་པས་བོད་ཡིག་གི་སུམ་རྟགས་དེ་འདྲ་ཏོག་ཙམ་ཡར་རྒྱས་གཏོང་རྒྱུར་ཕལ་ཆེར་ཁ་ཤས་ཀྱིས་མཐོང་ཚུལ་འདུག་ལ། ཡོད་པའི་བཟོ་འདུག གཙོ་ཆེན་བོད་ཀྱི་ཁོར་ཡུག་སྐོར་ལ་ངོས་ཀྱིས་ལས་འགུལ་སྤེལ་ཏེ་འགན་ཁུར་གྱི་ཡོད། དེར་བརྟེན་ཁྱེད་ཚོས་དེ་ལྟར་དོ་སྣང་བྱེད་ན་བོད་ཡིག་ལ་ཞེན་ཁོག་སླེབས་ཀྱི་རེད། བོད་ཡིག་ལ་གཞི་ནས་ངོ་མཚར་འདྲ་པོ་སྐྱེས་ཀྱི་རེད། དཔེར་ན་ངོས་ལ་ཆ་བཞག་ན། དེ་སྔ་དོ་སྣང་གང་ཡང་མེད། དེ་ནས་ཚུར་མི་མང་པོ་ཐུག་པ་དང་། ལྷག་པར་ཚན་རིག་པ་དང་ཐུག་ནས་བགྲོ་གླེང་དང་གོ་བསྡུར་བྱས་ཡོང་དུས་ང་ཚོ་ཉམ་དམའ་བོ་བྱེད་མི་དགོས་པར་སྤོབས་པ་དང་འདེང་ཚོད་ཡོང་གི་འདུག དཔལ་ནཱ་ལནྡྲའི་མཁས་པ་མང་པོས་བརྩམས་པའི་གཞུང་རྣམས་ལ་སློབ་སྦྱོང་བྱས་པར་བརྟེན་ཧ་ཅང་ཕན་ཐོགས་པོ་བྱུང་ཡོད། ངོས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་། གཙོ་བོ་ལྟ་གྲུབ་རྣམ་གཞག་སྐོར་ཕྱུག་པོ་ཡོད་པ་དེ་དག་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་རྒྱུ་དང་། དེ་ནས་བོད་ཀྱི་ཁོར་ཡུག་ཐོག་འགན་འཁུར་གྱི་ཡོད། 

ཆབ་སྲིད་ཀྱི་གནས་ཚུལ་ཆ་བཞག་པ་ཡིན་ན། རྒྱ་ནག་ལ་འགྱུར་བ་ཏན་ཏན་འགྲོ་གི་ཡོད། རྒྱ་ནག་གཞུང་གི་རིགས་ཁ་ཤས་ཀྱིས་མཁྲེགས་པོ་བྱེད་བཞིན་ཡོད། རིགས་ཁ་ཤས་ཀྱིས་དངོས་ཡོད་གནས་ཚུལ་ཡིན་པ་ཞིག་ལ་བསམ་བློ་གཏོང་མཁན་ཡོད་པ་རེད་འདུག དེར་བརྟེན་དུས་ཀྱི་འགྱུར་འགྲོས་དང་མཉམ་དུ་དེ་སྔའི་སྲིད་བྱུས་མཁྲེགས་པོ་འདི་རང་གཞན་གཉིས་ཕུང་རེད་མ་གཏོགས་ཕན་གང་ཡང་མེད། རྒྱ་ནག་རང་ལའང་ཆ་བཞག་ན། མི་མང་ཚོ་ཡིད་ཆེས་བརླག་རྒྱུ་ཞིག་མ་གཏོགས་བཙན་པོ་བྱས་ཏེ་ཞེད་སྣང་བསྐུལ་ནས་བསྡུས་པ་ཞིག་མ་གཏོགས་དངོས་གནང་རང་དབང་ལྡན་པའི་ཐོག་ནས་སྤྱི་མོས་བྱས་པ་གང་ཡང་མི་འདུག རྒྱལ་ཁབ་ཆེན་པོ་དེ་འདྲ་ཞིག་གིས་དེ་འདྲའི་ཐོག་ནས་ཁུངས་འཁྱོལ་རྒྱུ་ཧ་ཅང་ཁག་པོ་རེད། གང་ལྟར་འཛམ་གླིང་སྤྱི་དང་མཐུན་པ་འགྲོ་དགོས་རྒྱུ་རེད་མ་གཏོགས་དེ་འདྲའི་ཧ་ཅང་གུ་དོག་པོ་བྱས་ནས་འགྲོ་རྒྱུའི་དུས་ཚོད་ཡོལ་འགྲོ་གི་རེད། རྒྱ་ནག་ཏན་ཏན་འགྱུར་བ་འགྲོ་གི་རེད།

བོད་རྒྱ་ཆེ་མི་མང་གི་སེམས་ཤུགས་ལ་ཆ་བཞག་ན། རྒྱུན་དུ་ཉམས་པ་མེད་པར་བསྡད་ཀྱི་འདུག མི་རབས་བརྗེས་ཀྱང་ཕྲུ་གུ་ཆུང་ངུའི་གྲས་དེ་དག་སོ་སོའི་བོད་མི་རིགས་ཀྱི་ཞེན་ཁོག་དང་ལ་རྒྱ་ཧ་ཅང་ཤུགས་ཆེན་པོ་འདུག བོད་ནང་གི་རྒྱ་ཆེ་མི་མང་གི་སེམས་ཤུགས་དང་། དེང་སྐབས་རྒྱ་ནག་ཏུ་ནང་པ་ཕལ་ཆེར་ས་ཡ་བཞི་བརྒྱ་ཙམ་འདུག ནང་པ་དེ་ཚོ་གྲས་ཀྱིས་བོད་ཀྱི་ནང་པའི་ཆོས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག དེང་སྐབས་རྡ་སར་ཧ་ལམ་བདུན་ཕྲག་རེ་རེའི་ནང་རྒྱ་ནག་ནས་ཡོང་བའི་རྒྱ་མི་བཅུ་གྲངས་རེ་འཆར་ཅན་ཡོང་བཞིན་འདུག དེ་དག་གིས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ངོས་ཀྱིས་དུས་དུས་ལ་རྒྱ་རིགས་ཚོར་ནང་ཆོས་འགྲེལ་བཤད་བརྒྱབ་རྒྱུ་དེ་འདྲ་བྱེད་ཀྱི་ཡོད།

དེ་སྔ་རིག་གནས་གསར་བརྗེ་སྐབས་སུ་ཆོས་ལུགས་ཚང་མ་རྩ་མེད་བཟོ་རྒྱུའི་འབད་བརྩོན་བྱས་པ་རེད། འབད་བརྩོན་བྱས་པ་དེས་ནུས་པ་གང་ཡང་མ་ཐོན་པར་བར་སྐབས་ནས་ཆོས་ལ་དོ་སྣང་བྱེད་མཁན་ཧ་ཅང་མང་དུ་ཕྱིན་ཏེ་ཡི་ཤུ་མང་དུ་འགྲོ་གི་འདུག ལྷག་པར་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཧ་ཅང་མང་དུ་འགྲོ་བཞིན་འདུག དེ་དག་ང་ཚོའི་མཐུན་པའི་ཕྱོགས་རེད། འཛམ་གླིང་ཕྱི་ལོག་ལ་ཆ་བཞག་ནའང་བོད་ཐོག་དོ་སྣང་བྱེད་མཁན་དང་བོད་པར་ཤ་ཚ་བྱེད་མཁན་ཤུགས་ཆེ་རུ་འགྲོ་གི་འདུག དེ་འདྲའི་གནས་སྟངས་འོག་གཙོ་ཆེ་མ་རྩ་ལྟ་བུ་བོད་རྒྱ་ཆེ་མི་མང་གི་སེམས་ཤུགས་ཧ་ཅང་ཆེན་པོ་འདུག དེ་ལ་ཕྱོགས་བསྡོམས་བརྒྱབ་པ་ཡིན་ན། བདེན་པའི་མཐའ་ཏན་ཏན་གསལ་ཐུབ་ཀྱི་རེད། བརྒྱ་ཆ་བརྒྱ་ཐམ་པ་ཡིད་ཆེས་བྱེད་ཐུབ། དུས་ཚོད་ག་དུས་ཡོང་མིན་བཤད་ཐུབ་ཀྱི་མ་རེད། དེར་བརྟེན་ཁྱེད་རང་ཚོ་ཚང་མ་སེམས་པ་སྐྱིད་པོ་དང་བློ་བདེ་པོ་བྱོས། ཞེས་སོགས་ཀྱི་བཀའ་སློབ་སྩལ།།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༢

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ལྗོངས་འདི་གའི་ནང་ལ་འཚོལ།

འཚོལ་གཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2023 ཡིག་མཛོད།
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
      • མི་གྲངས་ཀྱི་འཕེལ་འགྲིབ་དང་གལ་གནད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
      • ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༨ ཉིན་སྩལ་བའི་བཀའ་སློབ།
      • དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།
    • མཛད་རྣམ་དང་གསུང་འཕྲིན།
      • གལ་ཆེའི་གསུང་འཕྲིན།
        • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
        • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
        • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • བོད་རིགས་ལ་གསུང་འཕྲིན།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
        • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • རྒྱ་རིགས་ལ་གསུང་འཕྲིན།
        • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
        • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
        • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
      • གསུང་འཕྲིན་གཞན།
        • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
        • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
        • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
        • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
      • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
        • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • མཛད་རྣམ་ཕྱོགས་བསྡུས།
        • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
        • མཛད་རྣམ་སྙིང་བསྡུས།
      • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
        • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
        • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
        • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
        • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
      • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
        • གླེང་གཞི།
        • ལེའུ་དང་པོ། སོ་ནམ་པའི་བུ།
        • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
        • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
        • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
        • ལེའུ་ལྔ་པ། བཙན་འཛུལ།
        • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
        • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
        • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
        • ལེའུ་དགུ་པ། ཟིང་འཁྲུག
        • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
        • ལེའུ་བཅུ་གཅིག་པ། བཙན་བྱོལ།
        • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
        • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
        • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
        • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
      • གཟེངས་རྟགས་རེའུ་མིག
      • དུས་འཁོར་དབང་ཆེན།
      • གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
        • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
      • ཆིབས་བསྒྱུར་ཐོ་གཞུང་།
        • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
        • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
    • ཡིག་ཚང་།
      • མཇལ་ཁའི་སྐོར་ངོ་སྤྲོད།
      • གསར་འགོད་བཅར་འདྲི།
      • འབྲེལ་བ་ཞུ་ཡུལ།
      • བླ་བྲང་དགའ་ལྡན་ཕོ་བྲང་།
      • ལེགས་བཅོས་སྤྱི་ཚོགས།
      • མང་གཙོ།
    • གསུང་རྩོམ།
    • ཐད་ཀར་རྒྱང་བསྲིང།