གཞན་གྱི་ཕྱོགས་ལ་སེམས་བཟང་པོ་ཞིག་གི་ལྟ་སྟངས་ཡོད་པ་དེ་ཡིན།
བྱམས་བརྩེ་ཅན་གྱི་སེམས་བཟང་པོ་འདི་ནི། ཐ་ན། ཚེ་འདི་ལའང་དགོས་མཁོ་ཡོད་པར་མ་ཟད། མ་འོངས་པར་སྐྱེ་བ་རྒྱུན་མི་འཆད་པར་ལེན་པའི་སྐབས་སུ་ལྷ་དང་མི་ལྟ་བུའི་སྐྱེ་བ་ལེགས་པོ་ཞིག་ལེན་འདོད་མཁན་ལའང་དགོས་མཁོ་ཡོད།
ནག་ཉེས་གསོག་མཁན་ལ་སྙིང་རྗེ་བྱེད་སྟངས།
མི་རྣམས་ཀྱིས་སྲོག་ཐོག་ཉེས་ཆད་དང་ཉེས་ཆད་ཀྱི་དགོས་དོན་སོགས་ཀྱི་གནད་དོན་ལ་མོས་མཐུན་བྱེད་ཀྱི་མེད། འགའ་ཤས་ཀྱིས་ནག་ཉེས་ཁ་ཅིག་ཧ་ཅང་རྫབ་ཆེན་དང་ཧ་ཅང་ཐབས་རྡུགས་ཡིན་པས། ནག་ཉེས་གསོག་མཁན་ལ་སྙིང་རྗེ་རྩ་བ་ནས་བྱེད་མི་དགོས་པ་བསམ་གྱི་ཡོད།
དགེ་རྒན་དང་ཕ་མ་ཚོས་ཕྲུ་གུར་འགྲོ་བ་མིའི་བཟང་སྤྱོད་རྣམས་འཇགས་པར་བྱ་དགོས།
སྲོག་ཆགས་གྲོག་མར་མཚོན་ན། དེ་དག་གིས་སྒེར་དོན་བསྐྱུར་ནས་སྤྱི་དོན་གཉེར་བས། འདི་དང་བསྡུར་ན་ང་ཚོ་བདེ་འགྲོར་སྐྱེས་ཡོད་པའི་ཁུལ་ཡིན་ཀྱང་། སྐབས་རེར། ང་ཚོར་སྤྱི་སེམས་དེ་འདྲ་ཞིག་མེད། དེས་ན། ང་ཚོས་ངེས་པར་དུ་འགྲོ་བ་མི་དང་མཐུན་པའི་བྱ་བ་ཞིག་གཉེར་དགོས།
བྱམས་བརྩེའི་བསམ་བློ་ནི་ཡ་ལན་མེད་པའི་སྙིང་རྗེའི་ཚོར་བ་ཙམ་ཞིག་ལ་བཤད་ཀྱི་མེད།
གལ་སྲིད་མི་སྒེར་བ་ཞིག་གིས་བྱམས་བརྩེའི་སྟེང་ནས་གཞན་ལ་འབྲེལ་བ་བྱས་ཚེ། ཕུགས་ལ་མི་དེ་ཏན་ཏན་སྐྱིད་པོ་ཡོང་གི་རེད། མི་དགེ་བའི་བྱ་གཞག་ལ་བརྟེན་ནས་འཕྲལ་གྱི་ཁེ་ཕན་འབྱུང་སྲིད་ཀྱང་། སེམས་ཀྱི་གཏིང་ལ་མི་བདེ་བའི་ཚོར་བ་ཞིག་རྟག་ཏུ་འབྱུང་གི་རེད།
གྲོགས་པོའི་འབྲེལ་བ་ངོ་མ་ནི་ཕན་ཚུན་གྱི་བརྩེ་སེམས་ལ་ཐུག་ཡོད།
གྲོགས་པོའི་འབྲེལ་བ་གླེང་སྐབས་ང་ཚོས་དེ་ལ་རིགས་གཉིས་ཕྱེ་ཆོག འབྱོར་བ་དང་། དབང་ཆ། སྟོབས་ཤུགས་སོགས་རྨང་གཞིར་བྱས་པའི་གྲོགས་པོའི་འབྲེལ་བ་ནི་ལྷག་བསམ་རྣམ་དག་ཅན་ཞིག་མིན། འབྲེལ་བ་འདི་ལྟ་བུར་མཚོན་ན། འབྱོར་བ་དང་དབང་ཆ་སྟོབས་ཤུགས་སོགས་ཇི་སྲིད་ཡོད་པ་དེ་སྲིད་དུ་གྲོགས་པོའི་འབྲེལ་བ་དེའང་གནས་སྲིད་ཀྱང་། ཉིན་ཞིག་འབྲེལ་བ་དེའི་རྨང་གཞི་འདི་དག་ཉམས་ན། གྲོགས་པོའི་འབྲེལ་བ་དེ་ཡང་རང་བཞིན་གྱིས་ཉམས་འགྲོ་བ་རེད།
མ་བུའི་བར་གྱི་དུངས་སེམས་འདི་ནི་རང་བཞིན་གྱིས་འབྱུང་གི་ཡོད།
རང་གི་ཕྲུ་གུ་ལ་དུངས་པའི་བྱམས་སྐྱོང་ནི། དུད་འགྲོའི་རིགས་མང་པོར་ཐུན་མོང་དུ་ཡོད་པར་སྣང་བ་དང༌། འདི་ནི་གནད་འགག་ཅིག་ཡིན་ཏེ། ཕྲུ་གུ་ལ་རང་གི་གསོན་གནས་ཀྱི་ཆ་ནས་བྱམས་སྐྱོང་དགོས་པར་མ་ཟད། ཨ་མའི་ཕྱོགས་ནའང་བརྩེ་བའི་བྱམས་སྐྱོང་དེ་མཁོ་སྤྲོད་བྱེད་ཐུབ་པའི་ལྷན་སྐྱེས་ཀྱི་ནུས་པ་ཞིག་ཡོད།
རྡོ་དེ་ཕར་བསལ་མ་ཐག་ཏུ་ཆུ་དེ་གློ་བུར་དུ་བཞུར་མགོ་རྩོམ།
དགྲ་ཕྱོགས་ལ་བྱམས་སྙིང་རྗེ་སྒོམ་པ་ནི། ཡུར་བའི་ནང་གི་རྒྱུག་ཆུ་འགོག་བྱེད་ཀྱི་རྡོ་ཆེན་ཞིག་ཕར་བསལ་བ་དང་འདྲ། རྡོ་དེ་ཕར་བསལ་མ་ཐག་ཏུ་ཆུ་དེ་གློ་བུར་དུ་བཞུར་མགོ་རྩོམ། དཔེ་དེ་བཞིན་དུ། ང་ཚོས་དགྲ་བོའི་ཕྱོགས་ལ་བྱམས་སྙིང་རྗེ་སྒོམ་ནུས་མ་ཐག་ཏུ། བློ་དེ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཕྱོགས་ལའང་ལས་སླ་པོར་སྒོམ་ཐུབ།
གདེང་ཚོད་ཡོད་པའི་སྒོ་ནས་མི་དེ་ལ་ཡིད་ཆེས་བཅོལ་ཆོག
སྤྱིར་བཏང་གི་འཚོ་བའི་ཁྲོད་ནས་ཀྱང་། མི་ཞིག་ལ་ཡིད་ཆེས་རུང་མིན་དེ། དེར་སྙིང་རྗེ་ཡོད་མེད་ལ་ཐུག་ཡོད། གལ་སྲིད་མི་ཞིག་ལ་སྤྱང་གྲུང་དང་ཚད་མཐོ་བའི་སློབ་སྦྱོང་ཡོད་ནའང་། དེ་སྙིང་རྗེས་དབུལ་ན་ང་ཚོས་ཕལ་ཆེར་ཡིད་ཆེས་མི་བྱེད།
སྙིང་རྗེ་ནི་བློ་སྦྱོང་གི་སྙིང་པོ་དེ་ཡིན།
སྙིང་རྗེ་ནི་བློ་སྦྱོང་གི་སྙིང་པོ་དེ་ཡིན། ང་ཚོས་རྒྱུན་དུ་མྱོང་བཞིན་པའི་འདོད་ཆགས་ལྟ་བུའི་ཉོན་མོངས་ཀྱི་སེམས་ཚོར་དང་། གོམས་གཤིས་ངན་པ་རྣམས་ངོས་བཟུང་ནས། ཡང་བསྐྱར་དེ་དག་གི་གནོད་འཚེ་ལ་བསམ་གཞིག་བྱེད་དགོས་ལ་ཉོན་མོངས་ཀྱི་བློ་དེ་དག་ལ་འོས་འཚམ་གྱི་གཉེན་པོ་བསྟེན་ནས་ དེ་དག་གི་དབང་དུ་མི་འགྲོ་བའི་ཐག་གཅོད་བྱེད་དགོས།
ཡང་དག་པའི་སྙིང་རྗེ་ནི་ཆ་རྐྱེན་ལ་ལྟོས་མེད་ཅིག་ཡིན་དགོས།
ཡང་དག་པའི་སྙིང་རྗེ་ནི་ཆ་རྐྱེན་ལ་ལྟོས་མེད་ཅིག་ཡིན་དགོས་ཤིང་། ཕྱོགས་ལྷུང་དང་ཉེ་རིང་གི་སེམས་ཚོར་ལས་རྒྱལ་ཆེད། ང་ཚོས་ངེས་པར་དུ་བཏང་སྙོམས་ཉམས་སུ་ལེན་དགོས། དེ་ཉམས་ལེན་བྱེད་པའི་ཐབས་ལམ་གཅིག་ནི། མི་ཞིག་ལ་མི་དགའ་བའི་རང་གི་ཚོར་བ་དེ་གཏན་དུ་མི་གནས་པ་ཡང་ང་ཚོའི་ཡིད་ལ་འཆར་ཐུབ་པ་ཞིག་ཡིན། ང་ཚོས་འདི་ལྟར་བསམ་བློ་བཏང་ན། རང་གི་ཉེ་རིང་གི་ཚོར་བ་དྲག་པོ་དེ་ཞན་དུ་འགྲོ་ཞིང་། རང་གི་འདོད་ཆགས་ཀྱི་བློ་དྲག་པོ་དེ་ཡང་ཉམས་རྒྱུ་རེད།