ང་ཚོར་ཇ་མེད་པར་གནས་ཐུབ་ཀྱང་། ཆུ་མེད་པར་གནས་མི་ཐུབ།
ངོས་ནས་བཟང་སྤྱོད་དེ་ཆོས་ལུགས་ལ་རག་ལས་མེད་ཚུལ་སྒྲུབ་པ་དེ་ཅུང་སྟབས་བདེ་པོ་ཞིག་ཡིན། སེམས་དོན་རིག་པའི་ཐོག་ནས་དེ་ལ་ཕྱོགས་གཉིས་ཡོད་པ་ངས་མཐོང་གི་འདུག ཕྱོགས་དང་པོ་ནི། ནང་བསམ་བློ་དང་སེམས་ཚོར་གྱི་སྟོབས་ཤུགས། ཆ་མཉམ་བཅས་ཡོད་པའི་རྩ་བའི་སེམས་ཀྱི་བདེ་ཐབས་དེ་ཡིན། དེ་ནི་ཆོས་ལུགས་ལ་མ་བརྟེན་པར། སྙིང་རྗེ་དང་། སེམས་པ་བཟང་པོ། གཞན་ལ་གཅེས་སྐྱོང་་་་་་་་
དུས་རབས་ཉི་ཤུ་རྩ་གཅིག་པ་དེ་གྲོས་མོལ་གྱི་དུས་རབས་ཤིག་ཏུ་འགྱུར་ཐུབ་པ་བྱེད་དགོས།
འཛམ་གླིང་ནང་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གཏིང་ཟབ་ཡོད་པའི་དུས་སྐབས་འདིར། དམག་འཁྲུག་ནི་དུས་ཚོད་ཡོལ་ཟིན་ཞིང་རྒྱུ་མཚན་དང་མི་ལྡན་པ་ཞིག་ཡིན། གནའ་བོའི་དུས་སུ་སྡེ་ཚན་གཉིས་ཀྱི་ཁེ་ཕན་ཕྱོགས་ཡོངས་ནས་ཐ་དད་དུ་ཡོད་སྐབས། དྲག་སྤྱོད་ནི་མཐའ་མའི་ཐབས་ལམ་ཞིག་ཏུ་བེད་སྤྱོད་བྱེད་པར་རྒྱུ་མཚན་ཞིག་ཡོད་ཤས་ཆེ།
གཞན་ལ་སེམས་ཁུར་བྱེད་པ་ནི་ང་ཚོ་རང་གི་ཁེ་ཕན་ཙམ་མིན།
རང་འདོད་མེད་པ་དང་གཞན་ལ་སེམས་ཁུར་བྱེད་པ་ནི། ང་ཚོ་རང་གི་ཁེ་ཕན་ཙམ་མ་ཡིན་པར། ང་ཚོའི་ལུས་པོའི་གྲུབ་ཆའི་རང་བཞིན་གྱི་ཐོག་ནས་རང་ཆས་སུ་ཡོད་པའང་བསྟན་ཡོད། དེ་ལྟ་བུའི་དཔང་རྟགས་ང་ཚོ་སྒེར་གྱི་མྱོང་བ་དང་མཉམ་སྡེབ་བྱས་ཤིང་། རྒྱུན་ཤེས་དང་ཟུང་འབྲེལ་བྱས་ན། ང་རང་གི་བསམ་པར། ཆོས་ལུགས་ཀྱི་ལྟ་གྲུབ་བམ་དད་པར་རྩ་བ་ནས་མ་བརྟེན་པར་འགྲོ་བ་མིའི་གཞི་རྩའི་རིན་ཐང་བློ་སྦྱོང་བྱེད་པའི་ཕན་ཡོན་ཐད་སྒྲུབ་བྱེད་ཤུགས་ཆེན་ཞིག་བསྐྲུན་ཐུབ། དེ་ལ་ངས་དགའ་བསུ་ཞུ་བཞིན་ཡོད།
གཞན་ལ་སེམས་ཁུར་བྱེད་པ་ནི་ང་ཚོ་རང་གི་ཁེ་ཕན་ཙམ་མིན།
གཞན་ལ་ཞབས་འདེགས་སྒྲུབ་པའི་གལ་ཆེའི་ཆ་ཤས་ཤིག་ནི། རྣམ་དཔྱོད་བེད་སྤྱད་དེ་འབྱུང་སྲིད་པའི་ང་ཚོའི་བྱ་སྤྱོད་ཀྱི་འབྲས་བུར་དཔྱད་ཞིབ་བྱེད་རྒྱུ་དེ་ཡིན། དེ་རྗེས་ང་ཚོའི་ཉིན་རེའི་མི་ཚེའི་ནང་བག་ཡོད་དང་། དྲན་པ། ཤེས་བཞིན་བཅས་བསྟེན་ནས། ང་ཚོས་སོ་སོའི་བྱ་སྤྱོད་དང་ངག་ལ་ཚོད་འཛིན་ཐུབ་པ་ཡོང་གི་ཡོད།
སྤྱི་སེམས་ཀྱི་གོ་དོན།
སྤྱི་སེམས་འདི་ལྟ་བུ་ཞིག་བསྐྱེད་པའི་ཕན་ཡོན་གལ་ཆེ་ཤོས་ནི། རང་གི་ཉེ་འབྲེལ་གཅིག་པུ་མ་ཡིན་པར་སེམས་ཅན་གཞན་ཐམས་ཅད་ཀྱི་བདེ་སྡུག་ཀྱང་ང་ཚོས་ཚོར་ཐུབ་པ་དེ་ཡིན་ལ། སྡུག་བསྔལ་ཆེ་ཤོས་མྱོང་གི་ཡོད་པའི་འགྲོ་བ་མིའི་ཁྱིམ་གཞི་ཆེན་པོའི་ནང་མི་རྣམས་ལ་ལྷག་ཏུ་སེམས་ཁུར་བྱེད་དགོས་པ་མཐོང་བ་དང༌། འགྲོ་བ་མིའི་རིགས་ཀྱི་སྤུན་ཟླའི་བར་ལ་འགལ་རྐྱེན་སློང་བའི་རྒྱུ་རྐྱེན་བཟློག་དགོས་པ་ངོས་འཛིན་བྱེད་ཐུབ་ཅིང༌། ང་ཚོས་ད་དུང་ཆོག་ཤེས་ཀྱི་གལ་ཆེའི་རང་བཞིན་དེའང་རྟོགས་ཐུབ་ཀྱི་རེད།
རང་ཉིད་ནི་ད་དུང་འགན་ཁུར་བའི་མི་ཞིག་ཀྱང་བྱེད་དགོས།
ང་ཚོས་སྤྱི་སེམས་གོང་འཕེལ་དུ་གཏོང་དགོས་པར་མ་ཟད། འགན་ཁུར་བའི་མི་ཞིག་ཀྱང་བྱེད་དགོས། ང་ཚོས་རང་གི་ལྟ་བ་རྣམས་ལག་ལེན་དུ་མ་བཏབ་ན། དེ་རྣམས་ནི་བསམ་བློ་ཙམ་གྱི་ངོས་ནས་ལྷག་ཡོད།
ཚན་རིག་དང་ཆོས་གཉིས་མཐུན་ཐབས་མེད་པའི་ལྟ་ཚུལ་དེ་མཁྲེགས་པོར་གནས་མེད།
ཚན་རིག་དང་ཆོས་གཉིས་ནི་མཐུན་ཐབས་མེད་པའི་ལྟ་ཚུལ་དེའང་སྔར་བཞིན་མཁྲེགས་པོར་གནས་མེད་པ་དང༌། ལྟ་ཚུལ་འདི་ནི་ནང་པ་མང་པོས་ཀྱང་གཅིག་མཚུངས་སུ་བཟུང་ཡོད། ད་ལྟ་དངོས་ཡོད་གནས་ལུགས་དང་འབྲེལ་བའི་ཚན་རིག་གི་ཤེས་རྟོགས་ཇེ་ཟབ་ཏུ་སོང་བ་དང་ཆབས་ཅིག །ཚན་རིག་དང་ཆོས་གཉིས་མཐུན་ཐབས་མེད་པའི་ལྟ་ཚུལ་དེ་ལའང་འགྱུར་བ་འགྲོ་བཞིན་ཡོད།
ངེས་པར་དུ་གཞན་གྱི་ཡོན་ཏན་ལ་རྗེས་སུ་ཡི་རང་བྱེད་པའི་འབད་བརྩོན་བྱེད་དགོས།
ང་ཚོས་རང་ཉིད་གང་ཟག་གཞན་དག་དང་བསྡུར་སྐབས། ངེས་པར་དུ་གཞན་གྱི་བཟང་ཕྱོགས་ཀྱི་ཡོན་ཏན་ལ་རྗེས་སུ་ཡི་རང་བྱེད་པའི་འབད་བརྩོན་བྱེད་དགོས་ལ། རང་གིས་རང་ཉིད་ལ་ལྟ་སྐབས། རང་ཉིད་ཀྱི་སྐྱོན་ངོས་བཟུང་ནས་དེ་དག་སྤོང་ཐབས་ལ་འབད་དགོས།
རྟག་པར་གཞན་ཕན་གྱི་བསམ་བློའི་གལ་ཆེའི་རང་བཞིན་ནན་བཤད་བྱེད་ཀྱི་ཡོད།
ཕུལ་དུ་བྱུང་བའི་ཡོན་ཏན་དང་བདེ་སྐྱིད་ཐམས་ཅད་གཞན་ལ་ཕན་པ་སྒྲུབ་འདོད་ཀྱི་འདུན་པ་ལས་འབྱུང་ལ། ཆོས་དང་འཇིག་རྟེན་གྱི་གྲུབ་འབྲས་གང་ཡིན་ཀྱང་ཆོག །བཟང་པོའི་ཡོན་ཏན་ཐམས་ཅད་ནི། གཞན་ལ་ཕན་པ་སྒྲུབ་འདོད་ཀྱི་བསམ་བློ་ལ་བརྟེན་ནས་འབྱུང་།
སེམས་ཁྲལ་ཆེན་པོ་ཡོད་ན་སོ་སོའི་མཐའ་འཁོར་དེ་ལོངས་སུ་སྤྱོད་རྒྱུ་ཁག་པོ་ཡིན།
གལ་སྲིད་ང་ཚོས་ལུས་དང་སེམས་ལས་བྱུང་བའི་བདེ་སྐྱིད་ཀྱི་རིམ་པ་འདི་གཉིས་ཕན་ཚུན་གཤིབ་བསྡུར་བྱས་ན། སེམས་ནས་བྱུང་བའི་བདེ་སྡུག་གི་མྱོང་བ་ནི། ལུས་ཀྱི་བདེ་སྡུག་གི་མྱོང་བ་ལས་སྟོབས་ཆེན་པོ་ཡིན་པ་ང་ཚོས་ཤེས་རྒྱུ་རེད། དཔེར་ན། ང་ཚོ་ཤིན་ཏུ་སྤྲོ་སྣང་ལྡན་པའི་ཁོར་ཡུག་ཅིག་གི་ནང་དུ་ཡོད་ནའང་། ང་ཚོའི་ཡིད་ཞུམ་པ་དང་། ཡང་ན། སེམས་ཁྲལ་ཆེན་པོ་ཡོད་ན། སོ་སོའི་མཐའ་འཁོར་དེ་ལོངས་སུ་སྤྱོད་རྒྱུ་ཁག་པོ་ཡིན།