ཁེངས་སྐྱུང་དང་བཟོད་པའི་དབར་ལ་ཡང་འབྲེལ་བ་ཧ་ཅང་དམ་པོ་ཞིག་ཡོད་དེ། ཁེངས་སྐྱུང་གི་བསམ་པ་ངོ་མ་ནི་གཞན་ལ་དགྲ་ཤ་ལེན་པའི་ནུས་པ་ཡོད་བཞིན་དུ་དེ་ལྟར་མི་བྱེད་པའི་དོན་ཡིན། གལ་སྲིད་ཡ་ལན་སྤྲོད་འདོད་ཡོད་ཚེ། ཕ་རོལ་པོ་ལ་རྒོལ་བ་བྱེད་ཐུབ་པའི་ནུས་པ་ཡོད་པ་ཞིག་ལ་གོ །དེ་ལས་ལྡོག་སྟེ། ཕ་རོལ་པོ་ལ་མགོ་སྒུར་བ་ལས་ཐབས་ཟད་པའི་སྐབས་སུ་ཁེངས་སྐྱུང་ངོ་མ་ཞིག་འབྱུང་དཀའ་བ་རེད།
དེ་དང་འདྲ་བར། བཟོད་པ་ལྟ་བུར་མཚོན་ན་ཡང་། རིགས་མི་འདྲ་བ་ཡོད་ཆོག་པ་རེད། གཅིག་ནི་ལྷད་མེད་པ་དང་།རང་གཅུན་གྱི་ཐོག་ནས་བཟོད་པ་ལྟ་བུ་ཡིན། དེ་ལས་ལྡོག་སྟེ། ཕ་རོལ་པོས་བཙན་སྐུལ་ལ་བརྟེན་ནས་བཟོད་པ་སྒོམ་ན། དེ་ནི་སྡར་མའི་ངང་ཚུལ་ཞིག་ལས་མ་འདས།
(ཁོང་ཁྲོ་བཅོས་ཐབས། ནང་པའི་བཟོད་སྒོམ་གྱི་ནུས་སྟོབས་ཞེས་པ་ལས་བཏུས།)