ང་ཚོའི་དམིགས་འདུན་ལ་རང་གཅེས་འཛིན་དང༌། ཞེ་སྡང༌། བསླུ་སེམས་སོགས་ཀྱི་ལྷད་ཞུགས་ན། ང་ཚོའི་སྤྱོད་པ་ལ་ཕན་བདེ་བསྐྲུན་པའི་ཕྱི་ཚུལ་གྱི་རྣམ་པ་ཇི་ལྟར་ཆེ་ཡང༌། སྤྱོད་པ་དེ་ཚོའི་མཐར་ཐུག་གི་ཤུགས་རྐྱེན་ནི། རང་གཞན་གཉིས་ཀར་ལེགས་པའི་ཆ་དང་ལྡན་པ་ཞིག་མིན།
དེ་ལྟ་ནའང༌། བླང་དོར་གྱི་གདམ་ཀ་རྙོག་འཛིང་ཅན་ཞིག་ལ་འཕྲད་སྐབས། ང་ཚོས་འཚེ་བ་མེད་པའི་རྩ་འཛིན་འདི་ཇི་ལྟར་བཀོལ་སྤྱོད་བྱེད་དགོས་སམ། དེ་འདྲའི་སྐབས་སུ་ང་ཚོས་རང་གི་རྣམ་དཔྱོད་དང་འཆར་སྣང་གི་ནུས་པ་བཀོལ་དགོས་ཤིང༌། ནུས་པ་འདི་ནི་འགྲོ་བ་མིའི་རིགས་ཀྱི་ཐོན་ཁུངས་རིན་ཐང་འཇལ་ཐབས་མེད་པ་ཞིག་ཡིན་པར་མ་ཟད། འགྲོ་བ་མི་དུད་འགྲོ་དང་ཐ་དད་པ་ཡིན་པར་སྟོན་བྱེད་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཀྱང་ཡིན་པ་ང་རང་གིས་བརྗོད་ཡོད།
(སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ཅེས་པ་ལས་བཏུས།)