གཞན་གྱིས་རང་ཉིད་མི་དགའ་སའི་ཡུལ་ཞིག་ལ་བསྟོད་བསྔགས་བྱེད་པའི་སྐབས་སུ། ང་ཚོས་རྒྱུན་དུ་ཕྲག་དོག་བྱེད་ཀྱི་ཡོད། འདི་ནི་ནོར་འཁྲུལ་རེད། མི་གཞན་གྱི་ཡོན་ཏན་བརྗོད་ན། ང་ཚོས་དེ་ལ་དགའ་བ་བྱས་ནས་དེའི་ནང་དུ་ཞུགས་དགོས། དེ་ལྟར་བྱས་ན་ང་ཚོར་ཡང་བདེ་བ་ཕྲན་བུ་འཐོབ་སྲིད། དེར་བརྟེན། ང་ཚོས་ཅིའི་ཕྱིར་དེ་ལ་དགའ་བ་མི་བྱེད། གལ་ཏེ། ང་ཚོ་མི་དགའ་བའི་མི་རྣམས་ལ་བསྟོད་བསྔགས་བྱེད་པའི་སྐབས་སུ། ང་ཚོས་དེ་ལ་རྗེས་སུ་ཡི་རང་བྱས་ནས་བདེ་བ་རྙེད་པ་ཡིན་ན། བདེ་བ་དེ་ནི་ཡང་དག་པ་དང་ཚུལ་དང་མཐུན་པ་ཡིན་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་ཡོད། ང་ཚོས་འདི་ལྟར་ཉམས་སུ་བླངས་པ་ཡིན་ན། ཐ་ན། དགྲ་བོའི་སེམས་ཀྱང་འགུག་ཐུབ་ལ། འདི་ནི་གཞན་གྱིས་རང་ལ་བརྩི་བཀུར་བྱེད་པའི་ཐབས་ལམ་ལེགས་ཤོས་དེ་ཡིན།
(སྤྱོད་འཇུག་གི་བཀའ་ཁྲིད་སྨག་རུམ་གློག་འགྱུ་ཞེས་པ་ལས་བཏུས།)