འགྲོ་བ་མི་ཡིན་པའི་ཆ་ནས། ང་ཚོའི་བདེ་སྡུག་ནི་གཞན་གྱི་བདེ་སྡུག་ལ་ཤུགས་ཆེར་བརྟེན་ཡོད་པ་དང་། ང་ཚོའི་འཚོ་གནས་ནི། འགྲོ་བ་སེམས་ཅན་མང་པོ་ཞིག་གིས་ཞབས་འདེགས་བསྒྲུབས་པའི་འབྲས་བུ་ཞིག་ཆགས་ཡོད། ང་ཚོ་སྐྱེ་དུས་ཕ་མ་ལ་བརྟེན་ཞིང་། དེ་ནས་ལོ་མང་པོ་ཞིག་གི་རིང་ལ་ང་ཚོ་ཁོ་ཚོའི་གཅེས་སྐྱོང་དང་བརྩེ་བ་ལ་བརྟེན་ནས་འཚོ་དགོས། ང་ཚོའི་འཚོ་ཐབས་དང་། སྡོད་གནས། འཚོ་བའི་མཐུན་རྐྱེན། ཐ་ན། སྙན་གྲགས་སོགས་ཀྱང་། འགྲོ་བ་མི་གྲངས་མེད་ཅིག་གི་ཞབས་འདེགས་ཀྱི་འབྲས་བུ་ཞིག་ཆགས་ཡོད། ང་ཚོའི་བདེ་སྐྱིད་ལྟ་ཅི། ཐ་ན། ང་ཚོའི་འཚོ་གནས་ཀྱི་ནང་དུའང་གྲངས་ལས་འདས་པའི་མི་མང་པོ་ཞིག་གིས་ཆ་ཤས་བླངས་ཡོད།
(གུ་ཡངས་ཀྱི་བསམ་བློ་ཞེས་པ་ལས་བཏུས།