རང་གི་གཉེན་ཉེ་དུ་དང་། ཡང་ན། རང་ཉིད་དང་རྒྱལ་ཁབ་བམ་གླིང་ཕྲན་གཅིག་པའི་མི་རྣམས་ཀྱི་བདེ་སྡུག་ཙམ་མིན་པར་སྐྱེ་བོ་ཀུན་གྱི་བདེ་སྡུག་ལ་དོ་ཁུར་བྱ་དགོས། ང་ཚོས་ངེས་པར་དུ་རང་དང་འདྲ་བའི་སྐྱེ་བོ་ཉུང་ཤས་ཙམ་མིན་པར། སེམས་ཅན་ཐམས་ཅད་ལའང་འགན་འཁུར་དགོས་ལ། ཆོས་ལུགས་དང་། ལྟ་གྲུབ། མི་རིགས་དང་། དཔལ་འབྱོར། སྤྱི་ཚོགས་ལམ་ལུགས་དང་། སྲིད་གཞུང་མི་འདྲ་བ་སོགས་ཀྱི་རྒྱབ་ལྗོངས་ནི་རིམ་པ་གཉིས་པར་གནས་ཡོད།
(འཚོ་བའི་དོན་སྙིང་འཚོལ་བ་ཞེས་པ་ལས་བཏུས།)