ཚེ་འདིར་རང་གི་མས་གནང་བའི་བྱམས་བརྩེ་ལ་དྲིན་ལན་འཇལ་རྒྱུ་ཁག་པོ་ཡིན་ཞིང་། ང་ཚོ་རང་མགོ་མ་ཐོན་པའི་བྱིས་པའི་དུས་སུ། ཨ་མས་ང་ཚོ་བདག་སྐྱོང་བྱེད་པར་མཚན་མོ་མང་པོ་ལ་གཉིད་ཆག་པའི་དཀའ་སྡུག་མྱངས་ཡོད་ལ། མོས་ང་ཚོར་ཟ་མ་སྦྱིན་པ་དང་། ང་ཚོའི་ཆེད་དུ་སོ་སོའི་བདེ་བ་ཐམས་ཅད་དགའ་བཞིན་སྤྲོ་བཞིན་བློས་གཏོང་བྱས་ཡོད། ང་ཚོས་མ་ཡི་ལྷད་མེད་ཀྱི་བརྩེ་བ་ལ་ནན་གྱིས་བསམ་སྐབས། འགྲོ་བ་སེམས་ཅན་ཚང་མས་ང་ཚོར་ཚུལ་འདི་ལྟར་བདག་སྐྱོང་གནང་ཡོད་པ་དྲན་དགོས། སྐྱེ་བ་ལ་ཐོག་མ་མེད་པའི་ལྟ་ཚུལ་འདིའི་ངོས་ནས་བཤད་ན། ཁྱི་དང་། ཞི་མི། ཉ། བྱ། འགྲོ་བ་མི་སོགས་སེམས་ཅན་ཐམས་ཅད་ང་ཚོའི་མ་རུ་གྱུར་ཏེ། ང་ཚོར་བླ་ན་མེད་པའི་བྱམས་བརྩེ་གནང་ཡོད། ང་ཚོས་འདི་ལྟར་བསམ་བློ་བཏང་ན། སེམས་ཅན་ཐམས་ཅད་ཀྱི་དྲིན་དྲན་ཞིང་། འདི་ནི་བྱང་ཆུབ་སེམས་ཀྱི་རྒྱུ་གཉིས་པ་དེ་རེད།
(གུ་ཡངས་ཀྱི་བསམ་བློ་ཞེས་པ་ལས་བཏུས།)