ང་ཚོས་བདེ་སྐྱིད་འདོད་ལ། སྡུག་བསྔལ་མི་འདོད། ང་ཚོ་ལ་བདེ་སྐྱིད་ཀྱི་རྒྱུ་སྒྲུབ་པ་དང་སྡུག་བསྔལ་གྱི་རྒྱུ་སྤོང་བའི་གོ་སྐབས་ཡོད། གལ་སྲིད་ང་ཚོས་གོ་སྐབས་འདི་ལྟ་བུ་དམ་འཛིན་མི་བྱེད་པ་དང་དགེ་བའི་ཕྱོགས་སུ་གོམ་ཁ་མ་བསྒྱུར་ཚེ། དེ་ལས་ལྷག་པའི་བླུན་པོ་ཞིག་ཡོད་དམ། མི་དགེ་བའི་ལས་བསགས་པའི་འབྲས་བུར། འཆི་ཁར་ང་ཚོ་ལ་འཇིགས་སུ་རུང་བའི་དམྱལ་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་འབྱུང་ལ། སྡུག་བསྔལ་དང་འཇིགས་སྣང་ཆེན་པོའི་ཁྲོད་ནས་འཆི་བ་དང་། བར་དོ་ནས་ཅུང་ཙམ་བསྡད་རྗེས། ངན་སོང་གི་གནས་ཤིག་ལ་སྐྱེ་རྒྱུ་རེད། དམྱལ་བར་སྐྱེ་བ་ལེན་སྲིད་ལ། ན་ཟུག་དང་མནར་གཅོད་ཀྱིས་གཙེས་ཤིང་འགྱོད་སེམས་ཀྱིས་གདུང་བ་དང་། རང་སེམས་སྡུག་བསྔལ་གྱིས་ཁྱུར་མིད་དུ་གཏོང་རྒྱུ་རེད། སྟབས་ལེགས་སྟེས་དབང་ཅི་ཞིག་ཡིན་ཀྱང་ཆོག །ད་ལྟ་ང་ཚོར་འཐོབ་དཀའ་བའི་བདེ་འགྲོའི་གོ་འཕང་ཐོབ་ཡོད་ལ། ང་ཚོས་འཕྲལ་ལ་ཅི་ཞིག་བཟང་བ་དང་། ཕུགས་ལ་གང་ཞིག་ལེགས་མིན་གྱི་ཁྱད་པར་ཡང་འབྱེད་ཐུབ། དེ་ལྟར་ནའང་། གལ་སྲིད་ང་ཚོས་ཆོས་ཉམས་ལེན་གྱི་མགོ་མི་རྩོམ་པར་རང་ཉིད་སྔར་ལས་སྡུག་པའི་ངན་སོང་གི་གནས་སུ་སྐྱེར་བཅུག་ཚེ། དེ་ནི་ང་ཚོའི་བསམ་བློ་ངན་སྔགས་ཀྱི་དབང་དུ་སོང་བ་ལྟ་བུ་ཡིན་ལ། བསམ་བློ་མེད་པའི་མི་དང་གཅིག་པ་རེད།
(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ་ཞེས་པ་ལས་བཏུས།)