ཚེ་འདི་ལ་མཚོན་ནའང་། མི་ཞིག་གི་འབྱུང་འགྱུར་ལ་ཁག་ཐེག་ཅི་ཡང་མེད་ཀྱང་། ང་ཚོས་ཉི་མ་རེ་རེའི་འཚོ་བ་དེ་རེ་བའི་ངང་ནས་སྐྱེལ་གྱི་ཡོད། སང་ཉིན་ང་ཚོ་འདི་རུ་གསོན་ཡོད་པའི་ངེས་པ་ཅི་ཡང་མེད་ནའང་། ང་ཚོས་ད་དུང་རང་གི་མ་འོངས་པའི་ཆེད་དུ་རེ་བའི་ངང་ནས་འབད་པ་བྱེད་ཀྱི་ཡོད། དེར་བརྟེན། འགྲོ་བ་མིའི་ཚེ་འདི་ནི་བདེ་སྐྱིད་ཅིག་རེད། འདི་ནི་ང་རང་གི་ཡིད་ཆེས་ཤིག་ཡིན། འདི་ནི་རང་གཅེས་འཛིན་གྱི་བློ་ཞིག་ཡིན་མི་དགོས་ཤིང་། གཞན་ལ་ཞབས་འདེགས་ཞུས་ནས་སྡུག་བསྔལ་མ་བསྐྲུན་ན་བདེ་སྐྱིད་ཡིན། གཞན་ལ་ཞབས་འདེགས་ཞུས་ན། ང་ཚོ་ཁོ་ནར་བདེ་སྐྱིད་འབྱུང་བ་གཅིག་པུ་མ་ཡིན་པར། སེམས་ཅན་གཞན་གྱི་བདེ་སྐྱིད་ཀྱང་གོང་འཕེལ་དུ་འགྲོ་བ་ཡིན། འདི་ནི་བདེ་སྐྱིད་འཚོལ་སྒྲུབ་ཀྱི་བསམ་བློའི་གཞི་རྩ་རེད། དེའི་ཕྱིར། བདེ་སྐྱིད་ཟེར་བ་དེ་དོན་གནད་ཆུང་ཆུང་ཞིག་མིན།
(ཁོང་ཁྲོ་བཅོས་ཐབས། ནང་པའི་བཟོད་སྒོམ་གྱི་ནུས་སྟོབས་ཞེས་པ་ལས་བཏུས།)