གལ་སྲིད་ཁོ་རང་དྲང་བདེན་མེད་བཞིན་དུ། རང་ཉིད་ཞི་ལྷོད་དང་སྐྱིད་པོ། ད་དུང་ཞི་བདེ་ཡོད་པའི་ཐོག་ལ། ལུས་ཕུང་ཡང་བདེ་ཐང་ཡིན་ན། རང་ཉིད་ལ་མུ་མཐུད་ནས་དགའ་སྤྲོ་ཡོད་པར་མ་ཟད། གྲོགས་པོ་མང་པོ་ཞིག་ཀྱང་ཐུག་འཕྲད་དུ་ཡོང་གི་རེད། འདི་ཡིས་ཁྱོད་ཀྱི་ཁྱིམ་མཚེས་ལ་སེམས་ཁྲལ་སློང་གི་ཡོད། ང་རང་གི་ལྟ་ཚུལ་ལ། འདི་ལྟར་བྱས་ན་ཁྱོད་ཀྱི་ཁྱིམ་མཚེས་ལ་སྤྱང་གྲུང་ལྡན་པའི་ཆད་པ་གཅོད་ཐབས་ཤིག་ཆགས་ཡོད། འདི་ནི་ང་རང་གིས་ཀྱལ་ཀ་སློང་བ་ལྟ་བུ་ཞིག་མིན་ཞིང་། ངོས་ལ་འདིའི་ཕྱོགས་ནས་ཉམས་མྱོང་ངེས་ཅན་ཞིག་ཡོད། ང་རང་རྐྱེན་ངན་ཞིག་ལ་འཕྲད་བཞིན་ཡོད་ཀྱང་། རང་གི་སེམས་ཀྱི་ཞི་བདེ་མ་འཁྲུགས་པའི་ངང་ནས་ཞི་ལྷོད་དུ་གནས་ཀྱི་ཡོད། འདི་ནི་ཤིན་ཏུ་ཕན་ཐོགས་ཡོད་པ་ཞིག་རེད། ཁྱོད་ཀྱིས་བཟོད་པའམ་བཟོད་བསྲན་ནི་ཉམ་ཆུང་གི་རྟགས་ཤིག་ཡིན་པར་བསམ་མི་རུང་ལ། ང་རང་གིས་བཟོད་པ་ནི་སྟོབས་ཤུགས་ཀྱི་རྟགས་མཚན་ཞིག་ཡིན་པར་འདོད་ཀྱི་ཡོད།
(གུ་ཡངས་ཀྱི་བསམ་བློ་ཞེས་པ་ལས་བཏུས།)