ང་ཚོས་ཉམས་སུ་ལེན་པའི་སེམས་ཁུར་དང་བྱམས་བརྩེའི་འདུ་ཤེས་ཤིན་ཏུ་སྟོབས་ལྡན་ཞིག་ནི། སྡུག་བསྔལ་སྤོང་རུང་དུ་གསལ་པོར་ཤེས་པ་ཙམ་དུ་མ་ཟད། རྨོངས་པའི་དབང་གིས་སེམས་ཅན་རྣམས་ཀྱིས་ད་དུང་ཡང་རང་ཉིད་སྡུག་བསྔལ་ལས་འགྲོལ་བྱེད་ཀྱི་ཐབས་ལམ་བསྟེན་ཤེས་ཀྱི་མེད་པར་རྟོགས་པ་ལ་བརྟེན་ནས་འབྱུང་ཞིང་། དེ་ནི་དཀའ་ངལ་ཞིག་སྟབས་བདེ་བོའི་ངང་ནས་སེལ་ཐུབ་ཀྱི་ཡོད་ནའང་། རྨོངས་པའམ། ཡང་ན། བློ་སྟོབས་ཀྱིས་མ་ལྡང་བའི་དབང་གིས་དེ་ལྟར་མི་སེལ་བའི་མི་ཞིག་དང་འདྲ་བོ་ཡོད། ང་ཚོས་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ཞིག་ལ་བསམ་བློ་གཏོང་སྐབས། སེམས་ཅན་དེས་སྡུག་བསྔལ་མི་འདོད་པ་ནི་ང་ཚོ་དང་གཅིག་མཚུངས་སུ་ཤེས་དགོས། སྡུག་བསྔལ་དེ་ལས་དགྲོལ་ནུས་ན་ཅི་མ་རུང་། སྡུག་བསྔལ་དེ་ལས་གྲོལ་བར་ཤོག་སྙམ་པའི་སྨོན་འདུན་གྱི་བསམ་བློ་ཞིག་ཉམས་སུ་ལེན་པ་དང་། ད་དུང་སྡུག་བསྔལ་ལས་འགྲོལ་བྱེད་ཀྱི་ཐབས་ལམ་རྟོགས་ཤིང་། ཤེས་རྟོགས་དེ་ལ་བརྟེན་ནས་གཞན་གྱི་སྡུག་བསྔལ་མཐོང་ཚེ། ང་ཚོའི་རྒྱུད་ཀྱི་བྱམས་བརྩེའི་ནུས་སྟོབས་ཇེ་ཆེར་འགྲོ་བ་རེད།
(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ་ཞེས་པ་ལས་བཏུས།)