དགྲ་ཕྱོགས་ལ་བྱམས་སྙིང་རྗེ་སྒོམ་པ་ནི། ཡུར་བའི་ནང་གི་རྒྱུག་ཆུ་འགོག་བྱེད་ཀྱི་རྡོ་ཆེན་ཞིག་ཕར་བསལ་བ་དང་འདྲ། རྡོ་དེ་ཕར་བསལ་མ་ཐག་ཏུ་ཆུ་དེ་གློ་བུར་དུ་བཞུར་མགོ་རྩོམ། དཔེ་དེ་བཞིན་དུ། ང་ཚོས་དགྲ་བོའི་ཕྱོགས་ལ་བྱམས་སྙིང་རྗེ་སྒོམ་ནུས་མ་ཐག་ཏུ། བློ་དེ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཕྱོགས་ལའང་ལས་སླ་པོར་སྒོམ་ཐུབ། དེས་ན། ང་ཚོས་རང་གི་དགྲ་བོ་དེ་བཟོད་པའི་ཉམས་ལེན་གྱི་རྒྱུ་གལ་ཆེན་དུ་མཐོང་ཐུབ་པར་མ་ཟད། དགྲ་བོའི་ཕྱོགས་ལ་གཞན་ལས་ཀྱང་སྙིང་རྗེ་ཤུགས་དྲག་ཅིག་བསྐྱེད་ཐུབ་ཚེ། དེ་ནི་ང་ཚོའི་ཉམས་ལེན་ལེགས་འགྲུབ་བྱུང་བའི་མཚོན་རྟགས་ཡིན། འགྲོ་བ་སེམས་ཅན་གྱི་འདོད་དོན་སྒྲུབ་པ་ལ་བརྟེན་ནས། ང་ཚོས་མཐར་ཐུག་གི་སངས་རྒྱས་ཀྱི་གོ་འཕང་འཐོབ་ནུས་པ་ཙམ་དུ་མ་ཟད། ཐ་ན། ཚེ་འདི་ལའང་སྙན་གྲགས་དང་། ཞི་བདེ། བདེ་སྐྱིད་བཅས་འབྱུང་ཞིང་། གྲོགས་པོའང་ཇེ་མང་དུ་འགྲོ་ལ། མི་ཚེ་ལ་བག་ལྷོད་པོ་འབྱུང་། ང་ཚོ་འཁོར་བའི་གནས་སུ་འཁྱམས་ནས་ལྷག་ཡོད་ནའང་། སྐྱེ་བ་མང་པོའི་རིང་གི་བཟོད་པའི་ཉམས་ལེན་ལ་བརྟེན་ནས། ང་ཚོར་མཛེས་སྡུག་ལྡན་པའི་ལུས་རྟེན་འཐོབ་རྒྱུ་ཡིན་ལ། ན་ཚ་མེད་པར་ཚེ་རིང་པོར་གནས་པ་དང་འཇིག་རྟེན་གྱི་ཞི་བདེ་འཐོབ་པར་འགྱུར།
(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ་ཞེས་པ་ལས་བཏུས།)