སྤྱིར་བཏང་གི་འཚོ་བའི་ཁྲོད་ནས་ཀྱང་། མི་ཞིག་ལ་ཡིད་ཆེས་རུང་མིན་དེ། དེར་སྙིང་རྗེ་ཡོད་མེད་ལ་ཐུག་ཡོད། གལ་སྲིད་མི་ཞིག་ལ་སྤྱང་གྲུང་དང་ཚད་མཐོ་བའི་སློབ་སྦྱོང་ཡོད་ནའང་། དེ་སྙིང་རྗེས་དབུལ་ན་ང་ཚོས་ཕལ་ཆེར་ཡིད་ཆེས་མི་བྱེད། སློབ་སྦྱོང་ཡོད་པ་ཙམ་གྱིས་མི་འགྲིག །མི་རྣམས་འགྲོ་བ་གཞན་དག་ལ་ཕན་པ་ཅན་དུ་སྒྱུར་བྱེད་ཀྱི་གཞི་རྩའི་ཡོན་ཏན་ནི་སྙིང་རྗེ་རེད། མི་ཞིག་གི་རྒྱུད་ལ་སྙིང་རྗེའམ་འགྲོ་བ་གཞན་དག་ལ་ཕན་པ་སྒྲུབ་འདོད་ཀྱི་འདུན་པ་ཡོད་ཚེ། ང་ཚོས་གདེང་ཚོད་ཡོད་པའི་སྒོ་ནས་མི་དེ་ལ་ཡིད་ཆེས་བཅོལ་ཆོག །སྟོན་པ་སངས་རྒྱས་ཀྱི་ཡོན་ཏན་གལ་ཆེ་ཤོས་ཀྱང་སྙིང་རྗེའམ་འགྲོ་བ་གཞན་དག་ལ་ཕན་པ་སྒྲུབ་འདོད་ཀྱི་དགོངས་པ་དེ་རེད། ཁོང་ལ་ཡོན་ཏན་དེའི་གལ་གནད་འགྲེལ་བྱེད་ཀྱི་ནུས་པ་ཡོད་པའི་རྒྱུ་མཚན་ནི། ཡོན་ཏན་དེ་ཁོང་རང་ཉིད་ཀྱི་ཐུགས་རྒྱུད་ནས་གོང་འཕེལ་དུ་བཏང་བས་རེད།
(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ་ཞེས་པ་ལས་བཏུས།)