རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

ཨ་རིའི་གཞུང་གི་སྐུ་ཚབ་ནས་མཇལ་བཅར་ཞུས་པ། August 22, 2024

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༢༡ ཉིན་ཨ་རི་ནིའུ་ཡོག་གྲོང་ཁྱེར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya) མཆོག་དང་། ཨ་རིའི་སྲིད་འཛིན་གྱི་དམིགས་བསལ་ཕྱག་རོགས་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་ལྕམ་སྐུ་ཀེ་ལི་ ( Kelly Razzouk) མཆོག་རྣམ་གཉིས་མཇལ་བཅར་ཞུས་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྤེལ་བའི་གསལ་བསྒྲགས་ལྟར་ན། མཇལ་མོལ་གྱི་རིང་ལ་དམིགས་བསལ་བོད་དོན་འབྲེལ་མཐུད་པས་སྲིད་འཛིན་བྷ་ཌན་གྱི་ཚབ་ཞུས་ནས་༸གོང་ས་མཆོག་གི་སྐུ་གཟུགས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་པ་དང་། ཨ་རིའི་གཞུང་གི་ངོས་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་གཏོང་རྒྱུ་དང་།  དེ་བཞིན་བོད་ཀྱི་ཐུན་མོང་མིན་པའི་ལོ་རྒྱུས་ཀྱི་གནས་བབ་དང་། སྐད་ཡིག རིག་གཞུང་། ཆོས་ལུགས་བཅས་འཛིན་སྐྱོང་སྲུང་སྐྱོབ་ཀྱི་འབད་བརྩོན་གནང་བའི་ཐད་རྒྱབ་སྐྱོར་སྔར་བཞིན་ཡོད་པ་ཞུས་ཡོད། གཞན་ཡང་།  མཇལ་ཁའི་སྐལ་བཟང་འདི་བཟུང་སྟེ་༸གོང་ས་མཆོག་དང་ལྷན་དུ་བོད་པས་རང་གི་རིག་གཞུང་རྒྱུན་སྐྱོང་བྱེད་སྟངས་དང་། ཨ་རིའི་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ལས་འགུལ་མུ་མཐུད་འབད་བརྩོན་རྒྱུན་སྐྱོང་ཞུ་རྒྱུ། དེ་བཞིན་༸གོང་ས་མཆོག་དང་སྐུ་ཚབ་རྣམ་པ་དང་རྒྱ་ནག་དབར་གྲོས་མོལ་སྔར་ལམ་སྐྱར་གསོ་ཞུ་རྒྱུར་རྒྱབ་སྐྱོར་ཡོད་སྐོར་བཅས་༸སྙན་སེང་ཞུས་ཡོད་པ་རེད།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།