རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་ཡོངས་ལ་མཇལ་ཁ་སྩལ་བ། December 4, 2024

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད།

དེ་ཡང་བོད་ཀྱི་དཔེ་མཛོད་ཁང་དབུ་བརྙེས་ནས་ལོ་ངོ་ ༥༤ འཁོར་བའི་མཛད་སྒོ་ལ་དཔེ་མཛོད་ལས་བྱེད་ཡོངས་ཀྱིས་མཇལ་ཁའི་སྐབས་ཐོག་མར་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་དཔེ་མཛོད་ཁང་གི་ལས་དོན་སྙིང་བསྡུས་སྙན་སེང་དང་། ལས་བྱེད་ཡོངས་ཀྱིས་རིམ་བཞིན་མཇལ་ཁ་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

ངོས་ལ་ཡིད་ཆེས་དང་དགའ་མོས་བྱེད་མཁན་བོད་ཙམ་མ་ཡིན་པར་ཧི་མ་ལ་ཡའི་རི་རྒྱུད་གཙོས་མི་རིགས་ཚང་མས་དགའ་བོ་བྱེད་ཀྱི་འདུག ངོས་ལ་ཆ་མཚོན་ན་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་བསྒོམ་གྱི་ཡོད། དེ་ནས་ལྷག་པའི་ལྷ་ཡི་རྣལ་འབྱོར་ཉིན་ལྟར་བྱེད་བཞིན་ཡོད། དེ་ཡི་ལག་རྗེས་ལྟ་བུ་ནི་དགེ་སློང་སེར་པོ་ཞིག་གིས་བསླབ་པ་གསུམ་གྱི་ཉམས་ལེན་དང་། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཉམས་ལེན་བྱས་ཏེ་དངོས་གནས་ཉམས་ལེན་རྡོ་རུས་ཐུག་པ་ཞིག་ཕལ་ཆེར་ཡིན། ཡག་ཐག་ཆོད་ཡོད། དེ་ཡིན་བློ་བདེ་པོར་བཞུགས་ཞེས་བཀའ་སློབ་སྩལ་ཡོད།

ཕྱི་ལོ་ ༡༩༧༠ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་དཔེ་མཛོད་ཁང་གསར་འཛུགས་བསྐྱངས་གནང་མཛད་པ་ཞིག་ཡིན་པ་དང་། བོད་ཀྱི་དཔེ་མཛོད་ཁང་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགན་གཙོས། ནང་པའི་ལྟ་གྲུབ་དང་བོད་ཀྱི་སྐད་ཡིག་ཐོག་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་སྤྲོད་པ་དང་། རིག་གཞུང་ཟབ་སྦྱོང་དང་ལོ་ཙཱ་དང་རྩོམ་སྒྱུར་ཟབ་སྦྱོངས། ཚན་རིག་གི་ཚོགས་འདུག འགྲེམས་སྟོན། གཞན་ཡང་ནང་ཆོས་དང་སྐད་ཡིག་འཛིན་གྲྭ་འཚོགས་པ། སྒྲ་བརྙན་དང་པར་རིས། གསུང་རྟེན་ཕྱག་དཔེ་སོགས་ཉར་ཚགས། བོད་ཨིན་ཧིན་གསུམ་གྱི་དཔེ་དེབ་དཔར་སྐྲུན་སོགས་ལོ་ངོ་ ༥༤ རིང་ལས་དོན་རྒྱ་ཆེན་སྒྲུབ་བཞིན་པ་དང་། ད་ལྟ་ཆར་དཔེ་མཛོད་ཁང་འདིར་ལས་བྱེད་ ༦༣ ཡོད་འདུག་པ་བཅས།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།