རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

གནས་བརྟན་སྡེ་པའི་ལུགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དུས་ཆེན་གསུམ་འཛོམས་ཉིན་མོར་གསུང་འཕྲིན་སྩལ་བ། May 5, 2023

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༠༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་བརྟན་སྡེ་པའི་ལུགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དུས་ཆེན་གསུམ་འཛོམས་ཀྱི་དགེ་བའི་ཉིན་མོར་གསུང་འཕྲིན་སྩལ་ཡོད་པ་རེད།

དེ་ཡང་གསུང་འཕྲིན་ནང་། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། མཐར་མྱ་ངན་ལས་འདས་པའི་དུས་ཆེན་དྲན་གསོའི་སྐབས་འདིར་ངོས་ཀྱིས་འཛམ་བུ་གླིང་ཁྱོན་ཡོངས་ཀྱི་ནང་པ་ཡིན་ནོ་ཅོག་ལ་འཚམས་འདྲི་ཞུ་རྒྱུ་ཡིན།

གནས་མཆོག་རྡོ་རྗེ་གདན་ནི། སྟོན་པ་ཤཱཀྱ་ཐུབ་པ་དང་འབྲེལ་བའི་གནས་རྩ་ཆེ་ཤོས་ཡིན་ལ། གནས་མཆོག་དེར་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ཡོད་པ་དང་། དེ་རྗེས་ཝཱ་རཱ་ཎ་སཱིར་འཕགས་པའི་བདེན་པ་བཞི་དང་། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སོགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད། སྟོན་པའི་གསུང་གི་ནང་ནས་སྙིང་པོ་ནི་ནམ་མཁའི་མཐས་གཏུག་པའི་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ཆེད་བློ་སྦྱང་རྒྱུ་དེ་ཡིན་པ་རེད།

ནང་པ་སངས་རྒྱས་པའི་ཆོས་དེ་སྙིང་པོར་བསྡུས་ན་ཐབས་སྙིང་རྗེ་ཆེན་པོ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་གཉིས་ཟུང་དུ་འབྲེལ་ནས་ཉམས་ལེན་གནང་རྒྱུ་ཡིན་པ་དང་། དེའི་ནང་ནས་གཙོ་བོ་བྱང་ཆུབ་ཀྱི་སེམས་ཉམས་ལེན་གནང་རྒྱུ་དེ་ཡིན། ང་ཚོས་ཇི་ཙམ་གྱིས་གཞན་གྱི་བདེ་སྡུག་ལ་སེམས་ཁུར་བྱེད་ན་དེ་ཙམ་གྱིས་རང་ལས་གཞན་གཅེས་པའི་བློ་སྐྱེ་ཐུབ། དེ་ལྟར་ང་ཚོས་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ངོ་འཕྲོད་ཅིང་། འཛམ་བུ་གླིང་གི་མི་ཐེར་འབུམ་བརྒྱད་ཡོངས་རྫོགས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་དྲན་ངེས་རེད།

དེ་ལྟ་བས་ན། དེ་རིང་གི་དམིགས་བསལ་དུས་ཆེན་འདིར་ངོས་ཀྱིས་ཆོས་གྲོགས་ཕོ་མོ་རྣམ་པ་ཚོར་གཞན་གྱི་བདེ་དོན་ཆེད་སེམས་ཁུར་བླངས་ཏེ་བྱམས་བརྩེ་དང་དོན་ཕན་ལྡན་པའི་མི་ཚེ་སྐྱེལ་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ལ། བྱམས་བརྩེ་ནི་འཛམ་བུ་གླིང་ནང་ཞི་བདེ་དང་འཆམ་མཐུན་གྱི་གཞི་རྩ་ཡིན། ཞེས་བཀའ་སྩལ་ཡོད།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།