རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིན་འཛིན་གསར་པ་སྐུ་ཞབས་པེ་ཊར་པ་ཝེལ་མཆོག་ལ་འཚམས་འདྲི་མཛད་པ། March 14, 2023

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་པེ་ཊར་པ་ཝེལ་ (Petr Pavel) མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། དམར་པོའི་རིང་ལུགས་སྦོ་ལུག་པའི་རྗེས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་གཤེགས་སྲིད་འཛིན་སྐུ་ཞབས་ཝ་ཁེ་ལབ་ཧཱ་ཝེལ་ (Vaclav Havel) མཆོག་དབུ་ཁྲིད་ཡིན་པའི་སྐབས་ཏེ་ཕྱི་ལོ་ ༡༩༩༠ ཟླ་བ་ ༠༣ ཚེས་མགོར་ངོས་རང་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་བསྐྱོད་པ་དྲན་སོས་ཀྱི་འདུག

ཝེལ་ཝེ་ཊི་གསར་བརྗེ་ (Velvet Revolution) ཞེས་པའི་དམར་པོའི་སྲིད་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཚུད་པའི་ཉེ་རབས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་གི་ངོས་ནས་འཛམ་གླིང་ལ་འཚེ་བ་མེད་པ་དང་། རང་དབང་། མང་གཙོ་བཅས་ཀྱི་རིན་ཐང་སྐོར་མིག་དཔེ་བཟང་པོ་བསྟན་གནང་ཡོད། འདས་པའི་ལོ་ཟླའི་ནང་ངོས་རང་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཐེངས་འགའ་བསྐྱོད་རྒྱུ་བྱུང་བས་བསྐལ་པ་བཟང་པོ་བྱུང་ལ། ངོས་ཀྱིས་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་བཞིན་པའི་ཐད་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་རྒན་གཞོན་དབྱེ་བ་མེད་པར་ཚང་མས་དགའ་མོས་གནང་སྟབས་ངོས་རང་ཧ་ཅང་སེམས་འགུལ་ཐེབས་བྱུང་།

ད་ཆ་འཛམ་གླིང་ནང་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་དང་འཕྲད་མུས་ཡིན་ཞིང་། སྐུ་ཉིད་ཀྱིས་དཀའ་ངལ་ལ་གདོང་ལེན་གནང་སྟེ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་གི་རེ་བ་དང་མངོན་འདོད་རྣམས་བསྒྲུབ་ཐུབ་པའི་ངོས་ཀྱིས་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་པེ་ཊར་པ་ཝེལ་ (Petr Pavel) མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་ཡོད་པ་རེད།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།