རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

སོག་ཡུལ་དགའ་ལྡན་ཐེག་ཆེན་ཆོས་གླིང་གི་གསར་བསྐོས་མཁན་པོར་འཚམས་འདྲི་མཛད་པ། November 6, 2023

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་ཡུལ་དགའ་ལྡན་ཐེག་ཆེན་ཆོས་གླིང་དགོན་པའི་གསར་བསྐོས་མཁན་པོ་བླ་མ་དགེ་བཤེས་རྗེ་བཙུན་རྡོ་རྗེ་མཆོག་ལ་འཚམས་འདྲི་མཛད་ཡོད་པ་རེད།

དེ་ཡང་མཚམས་འཕྲིན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ནི་འཚེ་བ་མེད་པ་དང་སྙིང་རྗེའི་རྩ་བ་ཅན་ཞིག་ཡིན་པས་འགྲོ་བ་མིའི་རིགས་ཀྱི་བདེ་དོན་ལ་ཕན་ཐོགས་པའི་ནུས་པ་ཆེན་པོ་ཡོད། འོན་ཀྱང་དེ་ལྟར་ཡོང་མིན་ནི་ང་ཚོ་ཆོས་ལ་ཐོས་བསམ་སློབ་གཉེར་བྱེད་པའི་གོ་སྐབས་ཡོད་མཁན་ཚོར་མ་གཏོགས་ཡོང་ཐབས་མེད། ནང་ཆོས་འཆད་པའི་སྐབས། ཆོས་ཞུ་ཡུལ་གྱི་རྒྱུད་ཚོད་དང་མོས་པ་སེམས་ལ་ངེས་པར་འཛིན་དགོས་པ་ཡིན་ཞེེས་བཀའ་སྩལ་འདུག

བགྲེས་ཡོལ་ལ་ཕེབས་མཁན་ཁམས་པ་བླ་མ་ག་བུར་རྡོར་ཤུལ་ཆོས་རྗེ་མཆོག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཟུར་དུ་སྩལ་བའི་ནང་། ཁོང་གིས་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པའི་སྒོ་མོ་ཕྱེ་བར་བསྔགས་བརྗོད་མཛད་པ་མ་ཟད། ཁམས་པ་བླ་མ་ཁོང་གིས་དོན་དང་ལྡན་པའི་མི་ཚེ་བསྐྱལ་ཡོད་ཅིང་། ལོ་མང་རིང་ཁོང་ནི་མགོན་པོ་མཆོག་གིས་གྲོགས་པོར་ངོས་འཛིན་གནང་གི་ཡོད་ཅེས་བཀའ་སྩལ་འདུག་པ་བཅས།།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།