རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གནད་ཡོད་མི་སྣ་ཀ་རེལ་ཤ་ཝར་ཛེན་བག་ལགས་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་མཛད་པ། November 15, 2023

འགྲེམ་སྤེལ།

༄༅། །ཕྱི་ལོ་༢༠༢༣ ཟླ་ ༡༡ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་ཇོ་རན་ཇི་དགོན་པའི་ (Jorinji Temple) དགེ་འདུན་པ་ཧ་ཡ་ཤི་ཤུ་ཧི་ (Hayashi Shuei) ལགས་ཀྱིས་སྣེ་ཁྲིད་པའི་སོ་ཏོ་ཤུ་ཛེན་ནང་པའི་ཆོས་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ་བ་དང་། ཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གནད་ཡོད་མི་སྣ་ཀ་རེལ་ཤ་ཝར་ཛེན་བག་ལགས་ཀྱི་སྐུ་ཟླ་ལ་ཐུགས་གསོའི་གསུང་འཕྲིན་སྩལ་ཡོད་པ་རེད།

དེ་བཞིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་གཤེགས་གནད་ཡོད་ཆབ་སྲིད་པ་དང་ཕྱི་འབྲེལ་མི་སྣ་སྐུ་ཞབས་ཀ་རེལ་ཤ་ཝར་ཛེན་བག་(Karel Schwarzenberg)ལགས་ཀྱི་སྐུ་ཟླ་ཐེ་རེ་སེ་ཤ་ཝར་ཛེན་བག་(Therese Schwarzenberg)ལགས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་ཡོད་པ་རེད།

དེ་ཡང་ཐུགས་གསོའི་གསུང་འཕྲིན་ནང་མགོན་པོ་མཆོག་གིས། ཁོང་གིས་སྐུ་ཉིད་ཚོའི་རྒྱལ་ཁབ་ལ་ཞབས་འདེགས་བསྒྲུབས་ནས་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད། ཁོང་ཉིད་ནས་སྲིད་འཛིན་ཝེ་ཁེ་ལེབ་ཧ་བེལ་(Vaclav Havel)ལས་ཁུངས་ཀྱི་སྤྱི་ཁྱབ་བློན་ཆེན་གྱི་ལས་ཁུར་བཞེས་ཤིང་། དེ་རྗེས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་གྱི་ལས་ཁུར་བཞེས་པའི་སྐབས་ནས་བཟུང་ངོས་ཀྱིས་ཁོང་ངོ་ཤེས་ཀྱི་ཡོད། ཁོང་གིས་ཕྱི་སྲིད་བློན་ཆེན་གྱི་ལས་ཁུར་བཞེས་པའི་སྐབས་ཤིག་ངོས་རང་པ་རག་ཏུ་བསྐྱོད་སྐབས་ཁོང་གི་མཁའ་གྲུའི་ནང་མཉམ་དུ་བསྐྱོད་རྒྱུའི་གོ་སྐབས་བྱུང་། ངོས་ཀྱིས་ཁོང་གི་གནང་སྟངས་ལ་བསྔགས་བརྗོད་ཞུ། ཁོང་ནི་ངོས་ཀྱི་སེམས་ཉེ་བའི་གྲོགས་པོར་བརྩི་གི་ཡོད་ལ། ཁོང་གི་གྲོགས་འདྲིས་དང་གཡོ་བ་མེད་པའི་རྒྱབ་སྐྱོར་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཞེས་བཀའ་སྩལ་ཡོད།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།