རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པ་མ་ཧིག་ཇོན་སོན་མཆོག་ལ་འཚམས་འདྲི་མཛད་པ། October 26, 2023

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པ་མ་ཧིག་ཇོན་སོན་ (Mike Johnson) མཆོག་ལ་འཚམས་འདྲི་མཛད་ཡོད།

དེ་ཡང་མཚམས་འཕྲིན་ནང་མགོན་པོ་མཆོག་གིས། ཨ་རི་ནི་འཛམ་བུ་གླིང་གི་སྣེ་འཁྲིད་མཁན་རྒྱལ་ཁབ་ཅིག་ཡིན་ཞིང་། སྐུ་ཉིད་ཀྱི་རྒྱལ་ཁབ་ཀྱིས་མང་གཙོ་དང་། རང་དབང་། ཆོས་དད་རང་དབང་། འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་གནང་སྟངས་ལ་ངོས་རང་དུས་ཡུན་རིང་པོ་ནས་ཡིད་སྨོན་སྐྱེ་མྱོངས།

ཕྱི་ལོ་ ༡༩༧༩ ནས་བཟུང་ངོས་རང་ཨ་རིར་ཐེངས་མང་བསྐྱོད་རྒྱུའི་གོ་སྐབས་བྱུང་ཞིང་། སྐབས་དེར་ངོས་ཀྱི་བསམ་ཚུལ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་གཙོས་པའི་དབུ་ཁྲིད་རྣམས་ལ་བཤད་རྒྱུ་བྱུང་། དེ་བཞིན་ངོས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་ཟུང་སྦྲེལ་གྱིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་ཞུས་པ་ཡིན།

ཨ་རིས་ཞི་བདེ་དང་འཚེ་བ་མེད་པ། སྙིང་རྗེ་གཞི་ལ་བཞག་པའི་བོད་ཀྱི་ཆོས་དང་རིག་གཞུང་། ངོ་བོ་སྲུང་སྐྱོབ་ཆེད་སེམས་འགུལ་རྒྱབ་སྐྱོར་མུ་མཐུད་གནང་བར་ངོས་དང་བོད་མི་ཡོངས་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། རིག་པའི་གཞུང་ལུགས་འདིས་འགྲོ་བ་སེམས་ཅན་ལ་ཕན་ཐོགས་ངེས་པའི་ཡིད་ཆེས་བརྟན་པོ་ཡོད།

དེང་སྐབས་འཛམ་བུ་གླིང་ལ་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་ནའང་། གོ་ལ་ཡོངས་སུ་ཕན་ཚུན་གཅིག་ལ་གཅིག་རྟེན་དང་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་འགྲོ་བཞིན་འདུག་པས། ཕུགས་སུ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བའི་རེ་བ་བཟང་ས་ནས་རྒྱག་གི་ཡོད། ཅེས་དང་།

མཐར་མགོན་པོ་གང་ཉིད་མཆོག་གིས་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་ཨ་རིའི་མི་མང་གི་རེ་བ་དང་མངོན་འདོད་འགྲུབ་རྒྱུ་དང་། ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་བྱ་བ་ལམ་འགྲོ་ཡོང་བའི་ཐུགས་སྨོན་མཛད་འདུག་པ་བཅས།།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།