རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

གསལ་བསྒྲགས། October 20, 2023

འགྲེམ་སྤེལ།

༄༅། །དད་ལྡན་རྒྱ་ཆེ་མི་མང་ཡོངས་ལ་ཞུ་རྒྱུར། ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མགུལ་ཆམ་བཞེས་པ་དྭངས་སྐྱེད་བྱུང་ཡོད་རུང་། སྔོན་འཆར་ལྟར་དུས་ཐུང་ནང་ཕྱོགས་མཐར་ཆིབས་བསྒྱུར་གནང་ཚེ་སྐུ་གཟུགས་ལ་བརྡབ་གསིག་དང་། འདུ་འཛོམས་ཆེ་སར་ཆམ་རིམས་སོགས་ཀྱི་ཉེན་ཁའང་ཆེ་རྐྱེན། གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དགོངས་དོན་དང་། སྐུའི་བླ་སྨན་པ་རྣམས་ནས་ཀྱང་དུས་ཡུན་རིང་ཙམ་སྐུ་ངལ་གསོ་གལ་ཆེ་བའི་གསོལ་འདེབས་ཞུས་དོན་ལྟར།  ཕྱི་ལོ་ ༢༠༢༣ ཟླ་ ༡༡ ནང་སྒང་ཏོག་ཏུ་ཕེབས་རྒྱུའི་ཆིབས་སྒྱུར་མཛད་འཆར་དང་། ཕྱི་ཟླ་ ༡༡ ཟླ་དཀྱིལ་ནས་ཕྱི་ཟླ་ ༡༢ ཟླ་དཀྱིལ་བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་། ཧུན་སུར་བཅས་ཀྱི་མཛད་འཆར་རྣམས་ཕྱིར་འཐེན་ཞུས་པ་དང་། འོན་ཀྱང་། ཕྱི་ཟླ་ ༡༢ ཟླ་དཀྱིལ་ནས་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་བསྐྱང་རྒྱུའི་མཛད་འཆར་ལ་ད་ལྟའི་ཆར་འགྱུར་བ་མེད་པ་བཅས་ཀྱི་གསལ་བསྒྲགས་སུ།

དགའ་ལྡན་ཕོ་བྲང་ཡིག་ཚང་ནས། ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༢༠ ཉིན།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།