རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

ཏུར་ཀི་དང་སི་རི་ཡཱའི་མངའ་ཁུལ་དུ་ས་འགུལ་གྱི་གོད་ཆག་བྱུང་བར་ཐུགས་གསོ་གནང་བ། February 7, 2023

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་འདིའི་ཚེས་ ༦ ཁ་སང་དབུས་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཏུར་ཀི་(Turkey)དང་། སི་རི་ཡཱའི་(Syria)མངའ་ཁུལ་དུ་ས་འགུལ་རིམ་པ་༧།༨ ཅན་བརྒྱབ་སྟེ། མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེན་འཕོག་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་འཛམ་གླིང་བཟའ་ཆས་ལས་གཞིའི་སྤྱི་ཁྱབ་ངེས་སྟོན་པ་མཆོག་ལ་གསུང་འཕྲིན་ཞིག་སྩལ་ཡོད་པ་རེད།

དེ་ཡང་གསུང་འཕྲིན་ནང་མགོན་པོ་གང་ཉིད་མཆོག་གིས། ངོས་ཀྱིས་ཡ་ང་བའི་གོད་ཆག་འདི་ལ་བརྟེན་ནས་ཚེ་སྲོག་ཤོར་མཁན་དང་གནོད་སྐྱོན་འཕོག་མཁན་གྱི་ནང་མི་ཉེ་འབྲེལ་ཡོངས་ལ་སེམས་གསོ་ཞུ་རྒྱུ་ཡིན།

དེ་དང་དུས་མཚུངས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབྲེལ་མཐུད་ཞུས་པའི་འཕྲོད་ལས་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་ནས་རྒྱལ་ཁབ་དང་། གཞུང་ཁོངས་མིན་པའི་ཚོགས་པ་མང་པོས་ས་འགུལ་ས་ཚིགས་སུ་ཉེན་སྐྱོབ་དང་ངལ་སེལ་ལས་དོན་ཆེད་རྒྱབ་སྐྱོར་གནང་བཞིན་པ་ཤེས་རྟོགས་བྱུང་བས་སེམས་འགུལ་ཆེན་པོ་ཐེབས། གོད་ཆག་དེ་ལ་བརྟེན་ནས་གནོད་སྐྱོན་འཕོག་མཁན་ཏུར་ཀི་དང་སི་རི་ཡཱ་མི་མང་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ངོས་ཀྱིས་དགའ་ལྡན་ཕོ་བྲང་ཐེབས་རྩ་ལ་ཉེན་སྐྱོབ་དང་ངལ་སེལ་ལས་དོན་ཆེད་ཞལ་འདེབས་འབུལ་དགོས་པའི་སྐུལ་མ་བཏང་ཡོད། ཅེས་འཁོད་ཡོད་པ་བཅས།།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།