རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

རབ་གནས་ཆུ་སྟག་ལོའི་ལོ་གསར་ལ་སྩལ་བའི་འཚམས་འདྲིའི་གསུང་འཕྲིན། March 2, 2022

འགྲེམ་སྤེལ།

༄༅།  །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་ལོའི་ལོ་གསར་ལ་སྩལ་བའི་འཚམས་འདྲིའི་གསུང་འཕྲིན།

༢༠༢༢ ཟླ་ ༣ ཚེས་ ༢ ཉིན།

ལོ་གསར་པ་འཆར་ལ་ཉེ་ཞིང། ཕལ་ཆེར་ཡུལ་ལུང་གང་སར་ལོ་གསར་དང་། བདེ་སྐྱིད་ལྡན་པའི་ལོ་ཞེས་བརྗོད་སྲོལ་ཡོད་པ་ལྟར། རང་རེ་བོད་པར་མཚོན་ནའང། ལོ་གསར་འཆར་ལ་ཉེ་བའི་ཚེ། ད་ལོ་གསར་འཆར་གྲབས་ཡོད་ཅེས་ཉོ་ཆ་སྣོན་མ་རྒྱག་པ་དང་། ངོ་ཤེས་རྣམས་འཛོམས་པ། གྱོན་ཆས་ཀྱང་གསར་པ་འདྲ་གྱོན། རྒྱན་ཆ་ཡང་གསར་པ་ལྟ་བུས་སྤྲས་ཏེ། ལོ་གསར་གྱི་སྐབས་ཚང་མ་མི་ཚེ་སོས་པ་ལྟ་བུར་གྱུར་པ་འོང་བཞིན་ཡོད།
 
དེ་རིང་ལོ་གསར་གྱི་སྐབས་མཚམས་ལ་སླེབས་ཡོད་ཅིང་། རང་རེ་བྱེས་ལ་ཡོད་པའི་བོད་པ་རྣམས་དང་། ལྷག་པར་བོད་ནང་དུ་ཡོད་པའི་ཆོལ་ཁ་གསུམ་རིས་སུ་མ་ཆད་པའི་གངས་ཅན་པ་ཚང་མ་སྐྱིད་པོ་དང་། བག་ཕེབས་པོ། ལྷོད་ལྷོད་ངང་ལོ་གསར་ལ་རོལ་ཐུབ་པ་ཞིག་ཕལ་ཆེར་འོང་ངེས། འགྱུར་བ་ཤིན་ཏུ་ཆེན་པོ་འགྲོ་བཞིན་འདུག

བོད་པའི་རིག་གཞུང་དང་གོམས་གཤིས་སོགས་ལ་མི་རིགས་གཞན་གྱིས་དོ་སྣང་བྱེད་པ་འོང་བཞིན་ཡོད། རང་རེས་བོད་རང་གི་ལུགས་སྲོལ་ལྟར་ལོ་གསར་གྱི་ཕྱེ་མར་བསྒྲིག་པ་ལྟ་བུ་དང་། ལོ་གསར་གྱི་སྐབས་ཕན་ཚུན་ཐུག་འཕྲད་བྱུང་བ་དང་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞེས་བརྗོད་ཀྱི་ཡོད། ཕལ་ཆེར་ལོ་གསར་གྱི་ཉིན་མོར་བོད་པ་འཁྲུག་པ་རྒྱག་མཁན་ཧ་ལམ་ཉུང་ཉུང་ཡིན། ཚང་མས་ལོ་གསར་གྱི་སྐབས་བཀྲ་ཤིས་བདེ་ལེགས་ཞེས་བརྗོད་དེ་སེམས་སོས་ཧྲིལ་ཧྲིལ་ངང་གནས་ཀྱི་ཡོད།

རང་རེ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཙན་བྱོལ་དུ་ཡོད་པ་རྣམས་དང་། ལྷག་པར་བོད་ནང་ཡོད་པའི་གངས་ཅན་པ་རྣམས་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གི་སྐྱེ་བོ་གཅིག་གྱུར་ཡིན་པ་ཚང་མས་འཕགས་པ་སྤྱན་རས་གཟིགས་ལ་ཡིད་ཆེས་ཀྱིས་གསོལ་བ་འདེབས་ཀྱིན་ཡོད་པ་ལྟར། གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་འདིར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །ཅེས་འདོན་པའི་ཚེ་ངོས་རང་གི་སེམས་ནང་། ད་ལྟའི་བར་གྱི་ལོ་ངོ་འདི་དག་གི་རིང་། ངོས་ཀྱིས་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ཡི་སྐུ་ཚབ་དང་། གསུང་གི་གསུང་ཚབ། ཐུགས་ཀྱི་ཐུགས་ཚབ་བྱས་ཏེ་འཚོ་བཞིན་ཡོད་ལ། ད་དུང་འབྱུང་འགྱུར་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ཕལ་ཆེར་ངོས་རང་འདི་ལྟར་གནས་རྒྱུའི་ཡིད་ཆེས་ཡོད། འཕགས་པ་སྤྱན་རས་གཟིགས་སྙིང་རྗེའི་ལྷ་ཡིན་པས། ཁྱེད་ཚོ་བོད་རིགས་ཚང་མས་ཀྱང་གཙོ་ཆེ་ཤོས་སྙིང་རྗེ་བསྒོམ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་ལ། སེམས་བཟང་བའི་མི་ཞིག་གི་ངོ་བོར་གནས་དགོས་པ་ཚང་མས་སེམས་ལ་ངེས་པར་བྱས་ཏེ། ཧུར་ཐག་བྱོས། བཀྲ་ཤིས་བདེ་ལེགས།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།