རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

ཡུ་རོབ་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པ་ལ་འཚམས་འཕྲིན་སྩལ་བ། January 21, 2022

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་རོ་བེར་ཊཱ་མེཊ་སོ་ལཱ་ (Ms. Roberta Metsola) ལགས་ཡུ་རོབ་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་བྱུང་བ་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་ཡོད་པ་རེད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་ཡུ་རོབ་མཉམ་འབྲེལ་གྲོས་ཚོགས་སུ་ཆིབས་སྒྱུར་ཐེངས་འགར་གནང་སྐབས་སྣེ་ལེན་གང་གཟབ་གནང་བ་དང་། བོད་དོན་ལ་རྒྱབ་སྐྱོར་གནང་བ་རྣམས་དྲན་གསོ་དང་འབྲེལ་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། ཚོགས་གཙོ་གསར་པ་ཁོང་ནི་ཡུ་རོབ་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚོགས་གཙོ་ལོ་ན་ཆུང་ཤོས་དང་། བུད་མེད་གསུམ་པ་དེ་ཡིན་པ་དང་འབྲེལ་ནས་གསུངས་པར། སྤྱིར་བུད་མེད་ནི་སྐྱེས་པ་ལས་རང་བཞིན་ལྷན་སྐྱེས་ཀྱིས་གཞན་གྱི་བདེ་སྡུག་ལ་སེམས་ཁུར་ཆེ་བ་ཡོད་པས། བུད་མེད་ཀྱིས་དབུ་འཁྲིད་པའི་འོག་ནས་འཛམ་བུ་གླིང་འདི་སྔར་བས་ཞི་བདེ་དང་ལྡན་པ་ཞིག་བཟོ་ཐུབ་པར་ཡིད་ཆེས་ཡོད། ཅེས་དང་།

འཛམ་གླིང་གི་རྒྱལ་ཁབ་ཕན་ཚུན་དབར་རྒྱུས་ལོན་དང་། མཉམ་འབྲེལ། བརྩི་བཀུར་སྔར་ལྷག་དགོས་པར་མཐོང་མཁན་ཞིག་ཡིན་པའི་ཆ་ནས། རྒྱལ་ཁབ་ཕན་ཚུར་དབར་གཅིག་ཕན་གཅིག་གྲོགས་དང་། ཞི་བདེའི་ངང་མཉམ་གནས་ཡོད་པའི་ཡུ་རོབ་མཉམ་འབྲེལ་ལ་ཧ་ཅང་ཡིད་སྨོན་ཡོད། ཅེས་དང་།

ད་ལྟའི་ཆར་འཛམ་བུ་གླིང་ནང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པས། ཕུགས་རྒྱང་རིང་པོར་བསམ་བློ་གཏོང་ཐུབ་མཁན་གྱི་དབུ་ཁྲིད་དགོས་པ་དང་། འགྲོ་བ་མིའི་དཀའ་ངལ་ཕལ་མོ་ཆེ་ནི་གུ་ཡངས་ཀྱི་ལམ་ནས་གྲོས་མོལ་བྱས་ཏེ་སེལ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད།

རྒྱུ་མཚན་དེ་ལ་བརྟེན་ནས་ཕྱི་ལོ་ ༡༩༨༨ ལོར་ཆེད་མངགས་ཡུ་རོབ་གྲོས་ཚོགས་ནང། བོད་རྒྱ་གཉིས་མོས་ཀྱི་ལམ་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་འཆར་བཏོན་ཏེ། ཕྱོགས་ཚང་མ་འདོད་བློ་གང་བ་ཞིག་བྱུང་ན་མ་གཏོགས་དོན་དམ་གྱི་མཉམ་གནས་ཡོང་ཐབས་མེད་པ་གསལ་སྟོན་བྱས་པ་ཡིན། ཞེས་དང་། མཇུག་ཏུ། ཚོགས་གཙོའི་གནང་སྒོ་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཡོད་ཅེས་གསུངས་ཡོད།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།