རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

རྡུལ་ཕྲན་མཚོན་ཆ་ལྡན་པའི་སྟོབས་ཆེན་རྒྱལ་ཁབ་ལྔའི་མཉམ་འབྲེལ་གྱིས་གསལ་བསྒྲགས་གནང་བ་ལ་བསྔགས་བརྗོད་ཀྱི་གསུང་འཕྲིན་སྩལ་བ། January 6, 2022

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྟོབས་ཆེན་རྒྱལ་ཁབ་ལྔའི་མཉམ་འབྲེལ་གྱིས་རྡུལ་ཕྲན་གོ་མཚོན་གྱི་དམག་འཁྲུག་སྔོན་འགོག་བྱེད་རྒྱུ་དང་། རྡུལ་ཕྲན་གོ་མཚོན་གྱི་འགྲན་བསྡུར་མི་བྱེད་རྒྱུ་མཉམ་འབྲེལ་གྱིས་གསལ་བསྒྲགས་སྤེལ་བ་ལ་བསྔགས་བརྗོད་ཀྱི་གསུང་འཕྲིན་ཞིག་གནང་ཡོད་པ་རེད།

དེ་ཡང་གསུང་འཕྲིན་ནང་འཁོད་དོན། རྡུལ་ཕྲན་མཚོན་ཆ་ལྡན་པའི་རྒྱལ་ཁབ་ལྔས་རྡུལ་ཕྲན་གོ་མཚོན་གྱི་དམག་འཁྲུག་སྔོན་འགོག་བྱེད་རྒྱུ་དང་། རྡུལ་ཕྲན་གོ་མཚོན་གྱི་འགྲན་བསྡུར་མི་བྱེད་རྒྱུ་མཉམ་འབྲེལ་གྱིས་གསལ་བསྒྲགས་སྤེལ་བ་ལ་བསྔགས་བརྗོད་ཡོད། རང་ཉིད་ནི་འཛམ་གླིང་ཁྱོན་ཡོངས་ལ་གོ་མཚོན་མེད་པ་དང་། རྡུལ་ཕྲན་གོ་མཚོན་གཏན་མེད་དུ་བཟོ་ཐབས་ལ་འབད་བརྩོན་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ད་ལན་གྱི་གསལ་བསྒྲགས་འདི་ནི་བཟང་ཕྱོགས་སུ་གོམ་སྟབས་སྤོས་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།

དུས་རབས་ཉེར་གཅིག་པ་འདིའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་མང་པོ་བྱུང་ཡོད་ནའང་། རྡུལ་ཕྲན་གོ་མཚོན་སོགས་ལ་བརྟེན་ནས་མི་གྲངས་ས་ཡ་ཉིས་བརྒྱ་ཙམ་གྱི་ཚེ་སྲོག་འཕྲོགས་ཏེ་འཚེ་བ་དཔག་ཏུ་མེད་པ་བྱུང་བའི་དུས་རབས་ཤིག་ཀྱང་ཡིན། མཉམ་འབྲེལ་གྱི་གསལ་བསྒྲགས་འདིས་ནི་སྔར་བས་ཀྱང་ཕན་ཚུན་ལྟོས་ཚབས་ཆེ་རུ་སོང་བ་ཤེས་ཐུབ་ལ། དེ་ལ་བརྟེན་ནས་དུས་རབས་ཉེར་གཅིག་པ་འདི་ཞི་བདེ་དང་། མཉམ་འབྲེལ་གྱི་དུས་རབས་ཤིག་ཡོང་བའི་གོ་སྐབས་ཡོད་པ་བསྟན་ཡོད།

མཉམ་འབྲེལ་རྒྱལ་ཚོགས་དང་། དེའི་ཁོངས་ཀྱི་ཚོགས་མི་རྒྱལ་ཁབ་སོགས་སྤྱི་སྒེར་ཚང་མས་རྡུལ་ཕྲན་གོ་མཚོན་གྱི་འཇིགས་པ་མེད་པར་བཟོ་ཐབས་ལ་སྒོ་ཀུན་ནས་འབད་བརྩོན་བྱེད་དགོས།

འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་ཡོད་པ་དང་། འགྲོ་བ་སྤྱིའི་བདེ་ཐབས་ལ་སེམས་ཁུར་ཡོད་མཁན་ཞིག་ཡིན་པའི་ཆ་ནས། རྒྱལ་ཁབ་ཕན་ཚུན་དབར་རྩོད་རྙོག་ལྟ་བུ་བྱུང་ཚེ་གྲོས་མོལ་དང་བསམ་གཞིག་ལ་བརྟེན་ནས་དཀའ་རྙོག་སེལ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད། འཚེ་བ་ལ་བརྟེན་ནས་ཞི་བདེ་ཡུན་དུ་མི་གནས་པ་ནི་རྒྱལ་རབས་ལོ་རྒྱུས་ལ་བལྟས་ན་ཤེས་པ་ཡིན། ཞེས་གསུང་འཕྲིན་སྩལ་ཡོད་པ་བཅས།།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།