རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

སྟག་འཚེར་རིན་པོ་ཆེའི་ཡང་སྲིད་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ། November 23, 2022

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་མཇལ་འཕྲང་ཁང་དུ་༸སྐུའི་གཅེན་པོ་སྟག་འཚེར་སྐུ་ཕྲེང་དྲུག་པ་ཐུབ་བསྟན་འཇིགས་མེད་ནོར་བུ་མཆོག་གི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་ཡོན་ཏན་རྒྱ་མཚོ་མཆོག་དང་ཁོང་གི་སྐུ་མཆེད་ཁ་ཤས། དེ་བཞིན་སྟག་འཚེར་རིན་པོ་ཆེ་སྐུ་གོང་མའི་སློབ་ཕྲུག་ཁག་གཅིག་དང་། ཐའེ་ཝན་ནས་ཕེབས་པའི་སྦྱིན་བདག་ཁག་གཅིག་བཅས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད།

དེ་ཡང་ཐོག་མར་སྟག་འཚེར་རིན་པོ་ཆེའི་ཡང་སྲིད་མཆོག་གིས་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། སྟག་འཚེར་རིན་པོ་ཆེ་སྐུ་གོང་མ་ངོས་རང་ཕ་ཡུལ་དུ་ཆུང་ཆུང་སྐབས་ནས་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཞིག་རེད། སྟག་འཚེར་རིན་པོ་ཆེ་བསམ་བློ་ཧ་ཅང་གྱོང་པོ་ཡོད་པ་རེད། རྒྱ་གུང་ཁྲན་གྱི་འོག་ལ་ཚུད་ན་ཁྱོན་ནས་ཡག་པོ་ཡོད་པ་མ་རེད། རྒྱ་གར་ལ་ཕེབས་དགོས་པ་རེད་ཅེས་བཤད་མྱོང་། སྙིང་རྗེ་ཡང་སྲིད་འདི་ལྟར་ཕེབས་ཡོད་པ་རེད། སྟག་འཚེར་རིན་པོ་ཆེ་ང་ཚོ་སྐུ་འབུམ་དགོན་པའི་བླ་མ་གལ་ཆེ་བ་ཞིག་རེད། འདི་གྲྭ་ས་ལ་བསྡད་ནས་འབྲས་སྤུངས་སུ་དཔེ་ཆར་བལྟས་ནས་བསྡད་ཡོད། མ་འོངས་པར་སྐུ་འབུམ་དགོན་པ་གཙོ་བོར་གྱུར་པའི་མདོ་སྨད་ཀྱི་ས་ཆ་ལ་ཕན་ཐོགས་རྒྱ་ཆེན་པོ་བྱེད་ཐུབ་པ་ཞིག་ཏན་ཏན་ཡོང་གི་རེད། དཔེ་ཆ་ཡག་པོ་བལྟ་དགོས་པ་རེད། ཅེས་དང་། དེ་ནས་སྟག་འཚེར་སྐུ་ཕྲེང་བདུན་པ་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་ཡོན་ཏན་རྒྱ་མཚོ་མཆོག་ཐུབ་དབང་གི་སྐུ་བརྙན་རྟེན་སྐལ་དུ་སྩལ་བ་དང་། སྟག་འཚེར་རིན་པོ་ཆེ་སྐུ་གོང་མ་ང་ཚོའི་སྐུ་མཆེད་རེད། རིན་པོ་ཆེ་བསམ་བློ་ཧ་ཅང་རྒྱ་ཆེན་པོ་གཏོང་ཐུབ་མཁན་ཞིག་རེད། ཅེས་དང་། ངའི་རྨི་ལམ་གྱི་མཚན་མར་བརྟག་ན། ང་ཕལ་ཆེར་ལོ་བརྒྱ་དང་བཅུ་ཙམ་ལ་འདུག་ཐུབ་རྒྱུ་རེད། ད་ལྟའི་ངའི་མཛད་འཆར་གཙོ་གྲས་མང་པོ་ཞིག་རྗེས་སུ་དངོས་སུ་སྤྲུལ་སྐུ་འདི་ཚོས་འཁྱེར་དགོས་པ་རེད། ཅེས་སོགས་བཀའ་སློབ་སྩལ་ཡོད།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།